CLOSE WINDOW

GT2252: 'jig rten dbang phyug dmar po'i sgrub thabs
Wyliee-texts produced with BDRC’s OCR application

བཪྵ་འགྱུར་རོ།། ཧཱི་ཧཱུཾཿཡཱཾ་བཟླས་པའི་སྔགས་སོ།། ཨོཾ་ཧྲཱིཿཱཿཧཱ་རཱི་ཏཱི་ཡཀྵེ་ཤྭ་རཱི་སྭཱ་ཧཱ། འཕྲོག་མའི་སྔག་སོ།། ཨོཾ་ཨཱ་ཀྲྀ་ཧྲི་ས་ཀ་ལ་གཱ་ནཱ་བི་རཱ་བི་རི་ཤྭ་རཱི་ཎཱཾ་བཱ་རི་ཀ་རོཿ་ཨ་ཨཱ་བ་ཏ་ར། ཨ་བཏྟཱ་ར་ཨ་བ་ཏཱ་ན་ཏུད ་ཤ་དིག་ལོ་ཀ་པཱ་ལ་ཨི་དཾ་བ་ལིཾ་གྲྀཧྞ་གྲྀཧྞ་ཧཱུཾ་སྭཱ་ཧཱ། གཏོར་མའི་སྔགས་སོ།། ཨོཾ་ཌི་ཡཱ་ཎེ་ནས་བྱུང་ཞིང་ས་ར་ཧའི་ཞབས་ཀྱིས་གདན་དྲངས་པ་འཇིག་རྟེན་གསུམ་པོ་དབང་དུ་བྱེད་པའི་འཇིག་རྟེན་དབང་ཕྱུག་གིས་སྒྲུབ་ཐབས་རྫོགས་སོ།། ་རྒྱ་གར་སྐད་དུ། རཀྵ་ལོ་ཀེ་ཤྭ་ར་སྭཱ་ཏྨ་ནཱ~ཾ། བིད་སྐུད་དུ། འཇིག་རྟེན་དབང་ཕྱུག་དམར་པོའི་སྒྲུབ་ཐབས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། ཨོཾ་ཙི་ཊི་ཙིནཱ་ཊི། བི་ཀྐོ་ལི་ཀླྀ་བི་ཀྲོ་ལི། ཨ་སུ་ཀཱཾ་སཱ་དྷ་ནཾ་བཱ་རི་བཱ་རམྦྷ་པ ་ཤོ་མཱ་ཎ་ཡ་སྭཱ་ཧཱ། སྔོན་དུ་བསྙེན་པ་ཁྲི་བཟླས་ནས་ཕྱི་ནས་སྒྲུབ་པ་བརྩམ་པར་བྱའོ།། གཡས་ཕྱོགས་གཡོན་ཕྱོགས་ལོགསུ་སྒྲོལ་མ་དང་ཁྲོ་གཉེར་ཅན་དེ་ལྷ་མོ་གཉིས་བཞད་པའོ།། རྗེ་བཙུན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ ་མདོག་དམར་པི་ཕྲེང་བ་དང་ན་བཟའ་དམར་པོས་བརྒྱན་ཅིང་ཕྱག་བཞིན་ཞགས་པ་དང་། ལྕགས་ཀྱུ་དང་། གཞུ་དང་། མདའ་བསྣམས་པ་སྒེག་པའི་ཉམས་དང་རོ་གཅིག་པའོ།། མེ་ཏོག་དམར་པོས་བརྒྱན་པའི་མྱ་ངན་མེད་པའི་ཤིང་གི་འོག་ཏུ་འདུག ་ནས་བདག་ཉིད་ཐུན་མཚམས་གསུམ་དུ་བསྒོམ་པར་བྱ་ཞིང་། ཚྭས་ཡན་ལག་བྱུགས་པའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ།། ཉི་མ་བདུན་གྱི་བུད་མེད་དམ་སྐྱེས་པ་དབང་དུ་འགྱུར།། ཉི་མ་བདུན་པ་གསུམ་གྱིས་སྐྱེས་བུ་ཆེན་པོར་འགྱུརརོ།། ཚྭ་དང་ལྷན་ཅིག ་ཚོང་གིས་ཐུམ་པོ་བྱས་ནས་བསྒྲུབ་པར་བྱ་སྟེ། གཟུགས་བརྙན་སོར་བཞིའི་ཚད་ཙམ་བྱས་ནས་སེང་ལྡེང་གི་མེདུ་བ་མེད་པ་ལ་ཐུན་མཚམས་གསུམ་དུ་བསྲོ་ཞིང་སྔགས་ཐལ་མིང་གང་ཡིན་པ་དེ་དབང་དུ་འགྱུར་རོ།། རྡོ་རྗེའི་ཆུའི་རང་བཞིན ་དང་ཚལ་ལན་བརྒྱ་རྩ་བརྒྱད་མོ་ངསུ་བཟླས་ནས། གང་ལ་བྱིན་པ་དེ་ཟོས་པ་ཙམ་གྱི་དབང་དུ་འགྱུར་རོ།། འཇིག་རྟེན་དབང་ཕྱུག་དམར་པོའི་སྒྲུབ་ཐབས་རྫོགས་སོ།། ། རྒྱ་གར་སྐད། ལོ་ཀཱ་ཤྭ ་ར་སྱ་བ་བྱཱ་དྷི་ཀཱ་ར་བོ་དྷི། བོད་སྐད་དུ། འཇིག་རྟེན་དབང་ཕྱུག་གི་ལྷག་པར་དབང་དུ་བྱ་བའི་ཆོ་ག། འཕགས་པ་སྤྱན་རས་གཟིགས་དབང་ཕྱུ་ག་ལ་ཕྱག་འཚ་ལོ།། སྔོན་དུ་གསུངས་པའི་ཆོ་གས་དེ་བཞིན་དུ་སྟོང་པ་ཉིད་དུ་བྱས་ནས། ཧྲཱིཿ ་ཡི་གོ་དམར་པཾ་ལས་སྐྱེས་པའི་པདྨ་དམར་པོ་བསྣམས་པ། དེའི་དབུསུ་ཨཱཿཡིག་ཡོངསུ་གྱུར་པ་ལས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དམར་པོ་རལ་པའི་ཅོད་པན་ཅན། འོད་དཔག་ཏུ་མོད་པ་རལ་པའི་ནང་དུ་བཞུགས ་པ། ཕྱག་གཡོན་ན་ཧཱ་ཨོཾ་བསྣམས་པ། ཕྱག་གཡས་པས་གསལ་བར་མཛད་པ། སྣ་ཚོགས་པའི་རྒྱན་དང་གོས་ཀྱིས་བརྒྱན་པའི་བདག་ཉིད་དུ་བསྐྱེད་ལ། རང་གི་སྙིང་གར་ཧྲཱིཿཡིག་ལས་སྐྱེས་པའི་པདྨ་དམར་པོ་འདབ་མ་ལ་དབྱངས་ཡིག ་བཅུ་དྲུག་གིས་ཡོངསུ་བསྐོར་བའི་གཟུགས་དཀར་པོ་འཁོར་བར་བསམ་པར་བྱའོ།། དེ་ནས་བསྒྲུབ་བྱའི་སྙིང་གར་ཡང་སྔོན་མ་བཞིན་དུ་པདྨ་བསམ་ཞིང་རང་གི་སྙིང་གར་གནས་པའི་པདྨ་ལོས་རང་གི་རྡོ་རྗེའི་ལམ་ནས་འཁོར་ཞིང་ཞུགས་ཏེ། ་