CLOSE WINDOW

GT2250: 'jig rten gsum po dbang du byed pa'i 'jig rten dbang phyug gi sgrub thabs
Wyliee-texts produced with BDRC’s OCR application

ལས་ཤེས་པར་བྱའོ།། ཧ་རི་ཧ་རི་ཧ་རི་ལ་ཞོན་པར་གྱུར་པའི་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་རྫོགས་སོ།། ། རྒྱ་གར་སྐ་དུ། ཏྲཻ་ལོ་ཀྱ་བ ་ཀ་ར་ལོ་ཀེ་ཤྭ་རཱ་སཱ་དྷ་ནཾ། བོད་སྐད་དུ། འཇིག་རྟེན་གསུམ་པོ་དབང་དུ་བྱེད་པའི་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལོ།། དང་པོར་རེ་ཞིག་ཡིད་དང ་མཐུན་པའི་གན་སུ་རས་བྲིས་བཀྲམ་སྟེ། དེའི་མདུན་དུ་དབང་ཆེན་གྱི་དཀྱིལ་འཁོར་གྱི་དབུསུ་གུར་གུམ་གྱི་ཟླ་བའི་དཀྱིལ་འཁོར་བྱ་སྟེ། ཨོཾ་བཛྲ་རེ་ཁེ་ཧཱུཾ་ཞེས་པའི་སྔགས་འོངསོ།། དེ་ནས་ཛཿཧཱུཾ་བཾ་པདྨ་སྠ་ཧོ། ཞེས་པའི་སྔགས་ཀྱིས་མཎྜལ་གྱིས ་དབུསུ་འཇིག་རྟེན་གསུམ་པོ་དབང་དུ་བྱེད་པའི་རྗེ་བཙུན་བཞུགས་ནས་སྔགས་འདིས་མཆོད་པར་བྱའོ།། ཨོཾ་ཏྲཻ་ལོ་ཀྱ་བ་ཤཾ་ཀ་རཱ་ཡ་བཛྲ་པུཥྤེ་ཧཱུཾ་པྲ་ཏིཙྪ་སྭཱ་ཧཱ། དེ་ནས་ཨོཾ་མུ་ནི་བཛྲེ་མུཿཞེས་པས་གཤེགསུ་གསོལ། རང་གི་སྙིང་གར་ཨཾ་ཡིག ་དམར་པོ་རྣམ་པར་བསམས་ཏེ། དེ་ཡོངསུ་གྱུར་པ་ལས་ཉི་མའི་སྟེང་དུ་ཧྲཱིཿཡིག་དམར་པོ་དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་གདན་དྲངས་ལ་ཡང་དག་པར་མཆོད་ནས་སྡིག་པ་ཐམས་ཅད་བཤགས་པ་ལ་སོགས་པ ་བྱས་ནས། ཡང་འཇིག་རྟེན་གསུམ་པོ་དཔེང་དུ་བྱེད་པ་འདི་འོད་ཟེར་གྱི་རྣམ་པས་རང་གི་ས་བོན་ལ་རབ་ཏུ་བཞུགས་ཏེ། དེ་ཡོངསུ་གྱུར་པ་ལས་སྐད་ཅིག་གིས་འཇིག་རྟེན་དབང་ཕྱུག་ཡན་ལག་ཐམས་ཅད་ཆགས་པ་ཆེན་པོས་དམར་ཞིང་ཞལ ་གཅིག་ཕྱག་གཉིས་པ། སྤྱན་གསུམ་པ། རལ་པོའི་ཅོད་པན་གྱིས་བརྒྱན་པ་རྡོ་རྗེས་མཚན་པའི་ཞགས་པ་དང་། ལྕགས་ཀྱུ་ཕྱག་ནི་བསྣམས་པ། པདྨ་དམར་པོ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། མཛེས་པའི་རྒྱན་དང་གོས་རྣམས་ཀྱིས ་བརྒྱན་པའི་བདག་ཉིད་རྣམ་པར་བསམས་ཏེ། ས་གསུམ་པོ་ལུགས་གཉིས་ལ་གནས་པ་རྡོ་རྗེ་ཞགས་པའི་སྟེང་ན་བཞུགས་པ། སྣ་ཚོགས་པའི་སྤྲུལ་པ་འཛིན་ཅིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རྡོ་རྗེ་རྣལ་འབྱོར་མ་དང་ལྷ་ལ་སྩོགས ་པ་རྣམས་ཀྱི་དབང་ཕྱུག་བསྐུར་བར་བསྒོམ་ཞིང་སྤྱི་བོར་འོད་དཔག་ཏུ་མེད་པ་བསམ་པར་བྱའོ།། དེ་ནས་སྙིང་གརང་ཉི་མ་ལ་ཧྲཱིཿཧཱུཾ་ཡཾ་ཞེས་པའི་ཡི་གེ་གསུམ་གྱི་སྔགས་བཟླས་ཤིང་བསྒོམས་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཏྨ་ཀོ་ཧཾ། ཨོཾ་བཛྲ ་ཨཱཏྨ་ཀོ་ཀཱཿསརྦ་དྷརྨཱ་བཛྲ་ཨཱཏྨ་ཀྲོ་ཧཾ། སྐྱེས་པའི་རྡོ་རྗེའི་བདག་ཉིད་ཀྱི་སྔགས་གཉིས་པོ་བརྗོད་པར་བྱའོ།། དེ་བཞིན་དུ་གོམས་པས་འདར་བ་དང་། གཡོ་བྱ་ལ་སོགས་པའི་ཡོན་ཏན་སྐྱེ་བར་འགྱུརརོ།། དེ་ནས་ཨོཾ་ཧྲཱིཿ་ཧཱུཾ་ཧཱ་རཱི་ཏོ་ཡཀྵེ་ཤྭ་རི་སྭཱ་ཧཱ། ཞེས ་ཆང་སྣརོན་བྱི་བྱུས་ཨཱཀྵདྷཱི་སྭཱ་ཀཱ་ལི་གནཱ་དྷྲྀ་ཧྲཱིཧཱུ~ཾ་ཥྚྲྀཿཥྚྲྀ་། ལ་ཨཱ་ཨཻ་ཨ་གྷོ་རཱ། སྟྲཻ་བདྷཱ་ནྟི་བཱན་དྲིག་ག་ལ་སྒྲིམ་པ་ལི་གྲྀཿ་གྲྀ་ཧཱུ~ཾ་སྭཿ། ཞེས་པས་བརྟན་མ་དབུལ་ཞིང་མྦུའི་རྣལ་བྱུང་བྱེན་གནས་པ ་ཨོཾ་དྱ་ཡ་ན་རི་མ་པའི་འཇིག་རྟེན་གསུམ་པོ་དབང་དུ་བྱེད་པའི་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་ས་ར་ཧའི་ཞབས་ཀྱིས་མཛད་པ་རྫོགས་སོ།། ། རྒྱ་གར་སྐད་དུ། ཏྲཻ་ལོཀྱ་བ་ཤཾ་ཀ་ར་ལོ་ཀེ་ཤྭ་ར་སཱ་དྷ་ནཾ། བོད ་