| Wylie | e-texts produced with BDRC’s OCR application |
གིས་དགེ་བའི་མཆོག་དེ་ཡི།། འགྲོ་བ་རྣམས་ནི་མ་ལུས་པ།། མྱུར་དུ་ད་ལ་ཧཱ་ལར་ཤོག། ཧཱ་ལ་ཧཱ་ལའི་སྒྲུབ་ཐབས། སློབ་དཔོན་ལྷ་ཅིག་སྐྱེས་པའི་རོལ་པས་མཛད་པ་རྫོགས་སོ།། རྒྱ་གར་སྭཱ་རུ། བཛྲ་དྷརྨཱ་སཱ་དྷཱ་ནཾ། བོད ་སྐད་དུ། རྡོ་རྗེ་ཆོས་ཀྱི་སྒྲུབ་ཐབས། རྡོ་རྗེ་ཆོས་ལ་ཕྱག་འཚལ་ལོ།། ཧྲཱིཿཡིག་ཡེ་ཤེས་རྫོགས་པ་ལ།། ཧཱ་ལ་ཧཱུཾ་ལའི་སྐུ་ཆེན་པོ།། ཞལ་གསུམ་སྤྱན་ཡང་གསུམ་པ་སྟེ།། རལ་པའི་ཅོད་པན་གྱིས་བརྒྱན་ཅིང་།། ཟླ་བ་ཕྱེད་པ་འཛིན་པའི་ལྷ།། དབུ་ལ་ཐོད་པའི་ཕྲང ་བས་བརྒྱན།། རལ་པོའི་ནང་ནས་རྒྱལ་བའི་སྐུ།། རྒྱན་རྣམས་ཀུན་གྱིས་བརྒྱན་གྱུར་པ།། ཆུ་སྐྱེས་དཀར་པོ་དང་མཚུངས་ཤིང་།། སྒེག་པ་ལ་སོགས་ཉམས་དང་ལྡན།། ཕྱག་དྲུག་ཞལ་ནི་འཛུམ་པ་ཤཱ་སྟུག་གི་ལྤགས་པའི་ནཱ་བཟར་བཅས།། ཕྱག་ཡས ་ནུ་ནི་མཆོག་སྤྲིན་དང་།། གཉིས་པ་ན་ནི་བགྲང་ཕྲེང་དང་།། གསུམ་པ་མདའ་དང་གར་མཛད་དོ།། གཡོན་པ་ན་ནི་པདྨས་བརྒྱན།། གཉིས་པ་དེ་བཞིན་ནུ་མ་འཛིན།། གསུམ་པ་ལོ་ནི་དེ་བཞིན་གཞུ།། སྦྲུལ་གྱིས་ཡོངསུ་དཀྲིས་པ་ཡིས།། རྩེ་གསུམ་གཡས་ཀྱི ་ཕྱོགས་སུའོ།། མེ་ཏིག་དྲི་བཟང་སྣ་ཚོགས་ཀྱིས།། གང་བའི་ཐོད་པ་གཡོན་ཕྱོགས་སུ།། པདྨ་དམར་པོའི་སྟེང་དུ་ནི།། རོལ་པའི་སྟབས་ཀྱིས་ཡང་ངག་བཞུགས།། རིན་ཆེན་རི་བོའི་ཕུག་མཐར་གནས།། རྣལ་འབྱོར་ཅན་གྱིས་བསྒོམ་པར་བྱ།། ཆོ་འཕྲུལ ་རྣམ་པ་སྣ་ཚོགས་ཀྱིས།། སངས་རྒྱས་རང་བཞིན་སྐུ་སྤྲོས་ཏེ།། རྣམ་པར་མི་རྟོག་ཏིང་འཛིན་གྱིས།། ཟས་རྣམས་ཀུན་ལ་ལོངས་སྤྱོད་ཅིང་།། བསྒོམ་པའི་རིམ་པའི་སྦྱོར་བ་ཡིས།། ནང་གི་གསང་སྔགས་བཟླས་པར་བྱ།། བླ་ན་མེད ་པའི་བྱང་ཆུབ་ནི།། མྱུར་དུ་ཐོབ་ཅིའི་བདེ་བར་འཇུག། ཧཱ་ལ་ཧཱ་ལ་ཡོངས་མཉེས་པས།། འདོད་ཆགས་པ་ཐམས་ཅད་རབ་ཏུ་འགྲུབ།། རྡོ་རྗེ་ཞེས་བྱའི་ཏིང་ངེ་འཛིན།། སྙིང་གར་ཧྲཱིཿཡིག་ཟླ་སྟོང་དགོད།། ཆོས་རྣམས་བདག་མེད་བསྒོམ་བྱས་ལ།། དེ་ལས ་འོད་ཟེར་དམར་པོ་ནི།། ཡང་དག་འཕྲོ་བ་མཁའ་མཉམ་ངེས།། འཇིག་རྟེན་དབང་ཕྱུག་རྣམ་པ་ལྟར།། བརྟན་དང་གཡོ་བའི་འགྲོ་བ་རྣམས།། ཡང་དག་བྱང་ཆུབ་སེམས་དཔའི་དོན།། བསྐྱེད་ཅིང་སྙིང་གར་རབ་ཏུ་ཞུགས།། དེ་ལ་ཧྲཱིཿཡིག་གཞན་འཇུག ་པས།། སྐད་ཅིག་གིས་ནི་ཡེ་ཤེས་སྦྱོར།། དེ་ལ་ཁ་དོག་དཀར་དང་དམར།། པདྨ་རཱ་གའི་རང་བཙུན་འོད།། སངས་རྒྱས་ལྔ་ཡི་ཅོད་པན་ཅན།། རབ་ཏུ་དགྱེས་པའི་སྤྱན་རྒྱས་པ།། ཕྱག་གཡོན་པདྨ་སྡོང་བུར་བཅས།། འདབ་མ་བཅུ་དྲུག་པ་དག་བསྣམས།། ་དེ་ལ་ཁ་ཕྱག་གཡས་ཀྱིས་ཀྱང་ནི།། བོདྨ་རྒྱས་པ་ཐུགས་ཀར་འཛིན།། རྨ་བྱའོ་སྣང་དུ་ཟླ་བ་ཡི།། དཀྱིལ་འཁོར་དབུས་སུ་ཉེ་བར་བཞུགས།། སེམས་དཔའི་སྦྲུལ་ཀྲུང་ཀུན་ནས་འཁྱིལ།། སྒྲིག་པའི་ཉམས་དང་བཅས་ཤིང་བརྟེན།། ལཱས་ཆེན ་མཆོད་རྟེན་ནང་གནས་པའི།། གཞལ་ཡིས་ཁང་གི་ཅོད་ལ་ཅན།། རྟག་ཏུ་རྡོ་རྗེའི་ཆོས་མཆོག་ནི།། བསྒོམ་བྱས་བྱང་ཆུབ་ཐོབ་པར་འགྱུར།། བསྒོམ་ཡངལ་ནི་སྙིང་གིར་ཟླ་བ་ལ་སྔགས་བཀོད་ལ་ཕྲེང་བའི་རྣམ་པ་བཞིན་དུ་མི་གཡོ་བའི་སེམས ་ཀྱིས་བཟླས་པར་བྱའོ།། དེ་ལ་བཟླས་པའི་སྔགས་ནི་འདིའོ།། ཨོཾ་བཛྲ་དྷརྨཱ་ཧྲཱིཿཞེས་སོ།། རྡོ་རྗེ་ཆོས་ཀྱི་སྒྲུབ་ཐབས་རྫོགས་སོ།། ། རྒྱ་གར་སྐད་དུ། པདྨ་ནརྟེ་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། པདྨ་གར་གྱི་དབང་ཕྱུག ་