| Wylie | e-texts produced with BDRC’s OCR application |
ནས་ལྡན་ཉི་ཤུ་རྩ་གཅིག་བཟླས་ནས། ནང་པ་ལ་བྱུགས་ན་འཚོ་བར་འགྱུརརོ།། འཇིག་རྟེན་དབང་ཕྱུག་སིངྒེ་སྠིའི་སྒྲུབ་ཐབས་རྫོགས་སོ།། ། རྒྱ་གར་སྐད་དུ། ཧཱ་ལ་ཧཱ་ལ་ལོ་ཀི་ཤྭ་ར་སཱ་དྷ་ནཱཾ། བོད་སྐད ་དུ། འཇིག་རྟེན་དབང་ཕྱུག་ཧཱུ་ལ་ཧཱ་ལའི་སྒྲུབ་ཐབས། ཧཱ་ལ་ཧཱུ་ལ་ལ་ཕྱག་འཚལོ།། སྔོན་མ་བཞིན་དུ་སྟོང་པ་ཉིད་ཀྱི་མཐར་ཐུག་པ་བསྒོམས་ནས། ཧྲཱིཿཡིག་ས་བོན་ལས་སྐྱེས་པའི་ཧཱ་ལཱ་ཧཱ་ལ་བརྗེ་ཆེན་པོ།། ཞལ་གསུམ་དེ་བཞིན ་སྤྱན་གསུམ་པ།། རལ་པའི་ཅོད་པན་གྱིས་བརྒྱན་ཅིང་།། དང་པོའི་ཞལ་ནི་དཀར་པོ་སྟེ།། གཡས་པ་སྔོན་པོ་གཡོན་པ་དམར།། དབུ་ལ་ཟླ་བ་ཕྱེད་པས་བརྒྱ་ནི།། ཐོད་པ་རྣམས་ཀྱིས་ཟུར་ཕུང་བྱས།། རལ་པའི་ནང་གནས་རྒྱལ་བ་དང་།། རྒྱན ་རྣམས་ཀུན་གྱིས་ཡང་དག་བརྒྱན།། ཆུ་སྐྱེས་དཀར་པོའི་མདོག་དང་མཚུངས།། སྒེག་པའི་ཉམས་ཀྱིས་ཤིན་ཏུ་མཛེས།། ཕྱག་དྲུག་ཞལ་ནི་སྨ་ར་ཅན།། སྟག་གི་ལྤགས་པའི་ན་བཟའ་དགྱེས།། ཕྱག་གཡས་དང་པོ་མཆོག་སྦྱིན་དང་།། གཉིས ་པ་ན་ནི་བགྲང་ཕྲེང་བསྣམས།། གསུམ་པ་མདའ་དང་གར་གྱི་སྟབས།། གཡོན་པ་ན་ནི་དེ་བཞིན་གཞུ།། གཉིས་པར་པདྨ་དཀར་པོ་དང་།། གསུམ་པ་དེ་བཞིན་སྒྱུ་མ་བཞིན།། བརླ་གཡོན་པའི་སྟེང་དུ་ལྷ་མོ་སྒེག་མོ། གཡོན་པ་ཆུ་སྐྱེས་བསྣམས། ་པདྨཕྱུག་གཡས་བས་བཅོམ་ལྡན་འདས་ལ་འཁྱུད་པ། གཞན་ན་མེ་ཏོག་གིས་མཛེས་པར་བྱས་པ། རལ་པའི་ཚོགས་ད་བཅས་པའོ།། གཡས་ལོགས་ན་སྦྲུལ་གྱིས་དཀྲིས་པའི་རྩེ་གསུམ། གཡོན་ལགས། ་ན་པདྨ་ལ་གནས་པའི་མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་པསེ་ཡོངསུ་གང་པོའི་ཐོད་པའོ།། པདྨ་དམར་པོ་དང་ཟླ་བ་ལ་རོལ་པའི་སྟབས་ཀྱིས་བཞུགས་པའི་བཅོམ་ལྡན་འདས་བསྒོམ་པར་བྱའོ།། དེ་ནས་སྔགས་བཟླས་པར་བྱ་སྟེ།། ཨོཾ་བཛྲ་དྷརྨཱ། ་ཧྲཱིཿཞེས་སོ།། འཇིག་རྟེན་དབང་ཕྱུག་ཧཱ་ལ་ཧཱ་ལིའི་སྒྲུབ་ཐབས་རྫོགས་སྷོ།། ། རྒྱ་གར་སྐད་དུ། ཧཱ་ལ་ཧཱ་ལ་སཱ་དྷཱ་ནཾ། བོད་སྐདུ། ཧཱ་ལཱ་ཧཱ་ལའི་སྒྲུབ་ཐབས། བཅོམ་ལྡན་འདས་ཧཱ་ལ་ཧཱ་ལ་ཕྱག་འཚལོ།། ས ་