CLOSE WINDOW

GT2238: 'jig rten mgon po'i sgrub thabs
Wyliee-texts produced with BDRC’s OCR application

དཔག་མེད་པས་དབུ་བརྒྱན་པཱ། རྒྱལ་པོ་ཆེན་པོ་རོལ་པའི་སྟབས་ཀྱིས་སེདྷའི་ཁྲི་ལ་བཞུགས་པ། སྟུག་གི་ལྤགས་པའི་ན་བཟའ་བསྣམས་པ། དེ་བཞིན་གཤེགས་པ་ལྔ་འདྲེ་ཞིང་རོལ་པའི་དཔའ་བོ་ལྔ་དང་ཟླ་བ་ཕྱེད ་པས་བརྒྱན་པ། ཕྱག་གཡོན་ན་པདྨ་དཀར་པོའི་སྟེང་དུ་རལ་གྲི་དཀར་པོ་དང་། དེ་དང་ཉེ་བར་གནས་པ་པདྨ་དཀར་པོའི་སྟེང་དུ་མེ་ཏོག་དྲི་བཟང་པ་སྣ་ཚོགས་པས་ཡོངསུ་གདྲ་བའི་ཐོད་པ་དཀར་པོ། གཡས་ན་པདྨ་དཀར་པོའི་སྟེང་ན་སྦྲུལ་དཀར་པོས ་དཀྲིས་པའི་དབྱུག་གུ་རྩེ་གསུམ་པ་དཀར་པོའོ།། དེ་ལྟ་བུར་གྱུར་པའི་བཅོམ་ལྡན་འདས་བསྒོམ་པར་བྱའོ།། བསྒོམ་པས་ངལ་ན་སྔགས་བཟླས་པར་བྱའོ།། དེ་ལ་སྔགས་ནི་འདིའོ།། ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུཾ་ཕཊ་སྭཱ་ཧཱ། ཆོ་ག་འདིས་སྐུ་གཟུགས ་བྱས་ཏེ། ཡང་ན་རས་བྲིས་བྱས་ལ། བཅོམ་ལྡན་འདས་ཀྱི་མདུན་དུ་སོ་སོའི་མཎྜལ་བྱས་ལ་གཟུངས་ལན་ཅིག་བཀླག་པར་བྱའོ།། དེ་ལ་གཟུངས་ནི་འདིའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཱཪྻཱ་བེ་ལོ་ཀེ་ཏེ་ཤྭ་རཱ་ཡ། བཾ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ་མཽ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྦྷ་ཐཱ། ཨོཾ་ཨ་ཀྲཱ་ཊེ། བི་ཀེ་ཊ་པ་ཎི་ཀ་ཊེ། ཀ་ཊེ་ཀ་ཊེ། ཀ་རོ་ཊེ། ཀ་རོ་ཊེ། བི་དྷ་སྭཱ་ཧཱ། སཱ་ལ་མེ་ལྷུང་བྲི་བོ་ལྕི་བ་ལ་མངོན་པར་སྔགས་ནསཱ་མཎྜལ་བརྒྱད་བྱས་ལཱ། མེཎྜ་ལ་སོ་སྔོ་ལ་ལན་བཅུ་གསུམ་གྱི་བར་དུ་བཀླག་པར ་བྱའོ།། མཎྜ་ལེ་སོ་སོའི་དྲི་མ་ལྷག་པའི་ལྕི་བ་དེ་ལ་གཟུངས་ལན་བདུན་དུ་མངོན་པར་བསྔགས་ནས་དེ་ཡིས་ནད་པོ་ལ་བྱུགས་པར་བྱའོ།། ཉི་མ་བདུན་ནམ་ཉི་མ་བཅུ་གསུམ་མམ། ཉི་མ་ཉི་ཤུ་རྩ་གཅིག་གིས་དེ་བཞིན་དུ་བྱས་པས་མཚམས ་མེད་པ་ལྔ་བྱེད་པས་ཀྱང་འགྲུབ་པར་འགྱུར་རོ།། གལ་ཏེ་མ་གྲུབ་ན་དེའི་ཚེངས་མཚམས་མེད་པ་ལྔ་བྱས་པར་འགྱུརརོ།། བདག་གི་སྒྲུབ་ཐབས་ཆོ་ག་འདིས།། གང་ཞིག་ནོར་དང་དགེ་ཐོབ་ཅིང་།། མགོན་པོ་སངྒེ་སྒྲ་དང་ནི།། འགྲོ་བ་རྣམས་ནི་ནད་མེད ་ཤོག་པཛྲོ་ཏ་ཨ་པ་དྷཱུ་ཏི་དཔལ་ལྡན་གཉིས་མེད་རྡོ་རྗེ་ཞབས་ཀྱིས་མཛད་པ་རྫོག་སོ།། ། རྒྱ་གར་སྐད་དུ། ལོ་ཀེ་ནཱ་ཐ་སཱ་དྷཱདྷ་ནཾ། བོད་སྐད་དུ། འཇིག་རྟེན་མགོན་པོའི་སྒྲུབ་ཐུབས། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ ་ལྷོ།། རྣལ་འབྱོར་རིམ་པ་སྔོན་མ་བཞིན།། འཇིག་རྟེན་མགོན་པོ་ཟླ་བའི་འོད།། ཧྲཱིཿཡི་ཡི་གེ་ལས་བྱུང་བའི།། རལ་པའི་ཅོད་པན་གྱིས་བརྒྱན་པ།། རལ་པའི་མཐར་གནས་རྡོ་རྗེ་ཆོས།། ནད་རྣམས་མ་ལུས་འཇོམས་བྱེད་པོ།། ཕྱག་གཡས་མཆོག ་སྦྱིན་དེ་བཞིན་དུ།། གཡོན་པ་ན་ནི་པདྨ་བསྣམས།། རོལ་པའི་སྟབས་ཀྱིས་ཡང་དག་བཞུགས།། ཞི་བ་ཆེན་པོ་འོད་རབ་འབར།། མཆོག་སྦྱིན་ཨུཏྤལ་ཕྱག་ན་བསྣམས།། ཞི་བའི་སྒྲོལ་མ་གཡས་ཕྱོགས་བཞུགས།། དེ་ནས་རྟ་མགྲིན་གཡོན་ཕྱོགས ་ནོ།། ཕྱག་འཚལ་བ་དང་དབྱུག་པའི་ཕྱིག། དྲག་ཆེན་སྐུ་མངག་དམར་པོ་སྟེ།། སྟག་གི་ལྐུགས་པའི་ན་བཟའ་དགྱེས།། དེ་བཞིན་ཆོ་ག་ཡང་དག་ལྡན།། འཇིག་རྟེན་མགོན་པོ་རབ་བསྒོམས་ན།། ཉོན་མོངས་དྲི་མ་ཀུན་ལས་འདས།། ཡིད་ཀྱིས་ཤིང་རྟ ་གང་པོར་འགྱུར།། འདིར་སྔགས་ནི། ཨོཾ་ཧྲཱིཿཞེསོ།། འཇིག་རྟེན་མགོན་པོའི་སྒྲུབ་ཐབས་རྫོགས་སོ།། ། རྒྱ་གར་སྐད་དུ། ལོ་ཀེ་ཤྭ་ར་སཱ་དྷི་ནཾ། བོད་སྐད་དུ། འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས ་