CLOSE WINDOW

GT2230: 'jig rten mgon po'i sgrub thabs
Wyliee-texts produced with BDRC’s OCR application

མཛད་པའི་ཡི་གེ་དྲུག་པའི་སྒྲུབ་ཐབས་རྫོགས་སོ།། ། རྒྱ་གར་སྐད་དུ། ལོ་ཀ་ནཱ་ཐ་སཱ་དྷ་ནཾ། བོད་སྐད་དུ། འཇིག་རྟེན་མགོན་པོའི་སྒྲུབ་ཐབས། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ།། ་འདིར་སྔོན་གྱི་ཆོ་གས་ཟླ་བའི་དཀྱིལ་འཁོར་ལ་མདུན་གསུམ་པའི་ས་བོན་བཅུ་གསུམ་གནོན་པ། ཟླ་བའི་ཐིག་ལེས་རྣམ་པར་བརྒྱན་པཱ། དེ་རྣམས་ཡོངསུ་གྱུར་པ་ལས་དཔལ་ལྡན་འཇིག་རྟེན་མགོན་པོ་ཞི་བ་རལ་པའི་ཅོད་པན་འཆང་བ། སྐུ་ཟླ་བ་བཞིན ་དུ་དྲི་མ་མེད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡོན་ན་པདྨ་བསྣམས་པ། གཡས་པ་མཆོག་སྦྱིན། ཕྱག་གཉིས་ཁུ་ཚུར་བཅིངས་ནས་གུང་མོ་པདྨ་ཁ་མ་བྱེ་བ་ལྟ་བུ། པདྨ་དང་ཟླ་བའི་གདན་ལ་བཞུགས་པར་བསྒོམ་པར་བྱའོ།། འདིའི་ཕྱག་རྒྱས་རྒྱས ་གདབ་པར་བྱའོ།། ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་པ་ཡི་གེ་འབུམ་དུ་བཟླས་པས་སྡིག་པ་དག་པར་འགྱུ་རོ།། གཉིས་དང་གསུམ་གྱི་རྨི་ལམ་དུ་མཐོང་བར་འགྱུར་རོ།། བྱེ་བ་བཟླས་ནས་མཚམས་མེད་པ་ལྔ་བྱེད་པས་ཀྱང་འགྲུབ་པར་འགྱུ་རོ།། དཔལ་ལྡན་འཇིག་རྟེན་མགོན ་པོའི་སྒྲུབ་ཐོབས་རྫོགས་སོ།། ། རྒྱ་གར་སྐད་དུ། ཥ་བཀྵ་ར་སཱ་དྷཱ་ནཾ། བོད་སྐད་དུ། ཡི་གེ་དྲུག་པའི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་ཡི་གེ་དྲུག་པ་ལ་ཕྱག་འཚལ་ལོ།། ལུས་ཅན་གཞན་ལ་ཡང་དག ་པར།། ཡིད་ཀྱིས་ཕན་པར་དམིགས་བྱ་སྟེ།། སྡུག་བསྔལ་མ་ལུས་ཉེ་ཞི་ཞིང་།། དམ་པའི་བདོ་ལ་དགོད་པ་བྱ།། དེ་ནས་ཡིད་ཀྱི་སྙིང་ག་རུ།། ཟླ་བ་དཀར་པོ་ཡང་ད་ག་བསྒོམ།། དེ་ལས་འོད་ཟེར་འཕྲོས་གྱུར་པས།། ར་ང་ལུས་འོད་ཀྱིས་གང་བར་བསམ།། ངལ་བསོས ་སྔགས་པས་ཆོ་ག་ནི།། ངན་པའི་རྣམ་རྟོག་བསྡུས་ནས་ནི།། འོད་ཟེར་དཀར་པོ་འཕྲོ་བ་ཡིས།། སྔགས་ནི་གསལ་པོར་བརྗོད་པར་བྱ།། ལྟེ་བའི་དཀྱིལ་འཁོར་ལ་ཞུགས་ནས།། ཉིད་ཀྱི་སྙིང་གར་ཡང་དག་བསྡུ།། ལུས་ངན་ཡིད་ནི་དག་བྱའི་ཕྱིར།། ལན་གསུམ་དུ་ནི ་བསྒོམ་པར་བྱ།། དེ་ནས་རང་གི་ལུས་གནས་ལ།། བདག་གི་སྐུ་ལ་སོགས་པ་དག། སྔགས་ནི་ཕྱི་རོལ་འཐོན་གྱུར་ནས།། སྲོག་ཆགས་རྣམས་ལ་ཕོག་པར་བསམ།། བལྟ་ཞིང་བརྗོད་པའི་སྔགས་ལ་བསྐྱེད།། མདུན་དུ་ལྷ་རྣམས་གསུམ་ཡིན་ཏེ།། སྔགས་ནི་བརྗོད ་ནས་ཡང་དག་བསྡུ།། རིམ་པས་སོ་སོར་རེ་རེར་དཔྱད།། སྣ་ཚོགས་མཆོད་པར་སྤྲུལ་ནས་ནི།། དེ་བཞིན་དེ་ལ་ངེས་པར་དབུལ།། ཡོངསུ་གང་ཞིང་དེ་ནས་དགྲའ།། འདོད་པའི་དོན་རྣམས་ཡོངསུ་བསྔོ།། སྔགས་ནི་དེ་ལས་བཟླས་པར་བྱ།། ཆོ་གའི་མཐའ་ལ་བཟླས་པ ་པ་དང་།། མཆོད་པ་ལ་སོགས་སྔོན་བཞིན་བྱ།། ལྷ་རྣམས་ཐུགས་ཀཱར་ཡང་དག་པ་སྔ།། ཏིང་འཛིན་སོ་སོར་དམིགས་ལ་སོགས།། ཐུན་མཚམས་དག་ནི་བཞི་རྣམས།། སྐྱེ་བོས་དབེན་པའི་ཁྱིམ་སོགསུ།། སྔགས་པས་འབུམ་ཕྲག་གཅིག་ཏུ་བཟླས།། རླུང་དང ་སེམས་ཀྱི་བྱེད་པ་སྤང་།། བཟླས་པ་སྤྲོ་ཞིང་ཡང་དག་བསྡུ།། སྡིག་པ་ཀུན་ལས་ཟེང་སོགས་ལ།། མཎྜལ་གྲུ་བཞིར་བྱས་ནས་ནི།། བྲིས་སྐུ་ལ་སོགས་བཀྲམ་བྱས་ལ།། དེ་ཡི་མདུན་དུ་གཙོ་བོ་བསྒོམ།། དཀྱིལ་འཁོར་མཆོད་པ་བྱ་བ་ནི།། ཆོ་ག་འདི་ཡིས་མཆོད ་པར་བྱ།། དེ་ལ་འདིར་ལྷའི་རྣམ་པའི་ཉེ་བར་བསྟན་པ་ནི།། དཀར་ཞིང་སྐྱིལ་ཀྲུང་བགྲང་ཕྲེང་དང་།། ཆུ་སྐྱེས་དང་བཅས་ཐལ་མོ་སྦྱོར།། གཙོ་བོ་ལྟ་ཞིང་དེ་ཡི་སྐུ།། ལྷ་མོ་དཔའ་བོའི་སྟན་ལ་བརྟེན།། འཕགས་མ་སེར་མོ་བསམ་པར་བྱ།། གཡོན་ན་རིན་ཆེན་ཕྲང ་