| Wylie | e-texts produced with BDRC’s OCR application |
པཎྜི་ཏྲ་ཆེན་པོ་ཀུ་མུ་ཏ། འབྱུང་བ་འགྲོ་གྲོས་ཞབས་ཀྱིས་མཛད་པའོ།། ། རྒྱ་གར་སྐད་དུ། ཏྲི་ས་མ་ཡ་རཱ་ཛྙཱ་སཱ་དྷཱ་ན། བོད་སྐད་དུ། དམ་ཚིག་གསུམ་གྱི་རྒྱལ་བའི་སྒྲུབ་ཐབས། སངས་རྒྱས་དང་། བྱུང ་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། མི་མཉམ་མི་གཡོ་ཤིན་ཏུ་ཡང་དག་ཆོས་ཀྱི་སྙིང་།། སྙིང་རྗེའི་བདག་ཉིད་འགྲོ་བ་རྣམས་ཀྱི་སྡུག་བསྔལ་འཇོམས།། མཉམ་མེད་ཡོན་ཏན་ཀུན་དང་དངོས་གྲུབ་སྟེར་མཛད་པ།། དྲི་མེད་མཽ ་གླཡོ་མཚུངས་མེད་རབ་མཆོག་ཆོས་རྣམས་ནི།། ནམ་མཁའ་དང་མཚུངས་དེ་རྣམས་དཔེ་མེད་ཡོན་ཏན་གྱི།། ཆ་ཤས་རྡུལ་ཕྲན་གཟིགས་ནས་ཀྱང་ནི་མཚམས་མེད་པ།། རྟག་ཏུ་སེམས་ཅན་ཁམས་བྱེད་དངོས་གྲུབ་སྦྱིན་པ་པོ།། དཔེ་དང་བྲལ ་ཞིང་མ་ལུས་པ་ཡི་དངོས་གྲུབ་རྣམས།། རྟག་ཏུ་དྲི་མེད་སྙིང་རྗེའི་ཤུགས་ཀྱིས་ལངས་ནས་ནི།། སྨོན་ལམ་གྲུབ་ཅིང་འགོག་པ་མེད་པའི་ཆོས་ཉིད་དོ།། འགྲོ་བའི་དོན་དུ་སྒྲུབ་ཐབས་གཞན་ཡང་མཐའ་མེད་པ།། བརྩེ་བ་ཆེན་པོའི་བདག་ཉིད་རྟག་ཏུ ་རྣམ་པར་མཛེས།། འགག་མེད་སྙིང་རྗེའི་སྤྱོད་པ་གཡོ་བ་མེད་པ་ཡིས།། འཇིག་རྟེན་གསུམ་བསྐྱོད་མཆོག་གི་དངོས་གྲུབ་སྦྱིན་པའོ།། གཞལ་བྱ་འཇལ་བྱེད་དང་བྲལ་ལེགས་པར་ཡོངས་རྫོགས་ཤིང་།། ཀྱེ་མ་ཆོས་ཉིད་དེར་འཇུག་ལེགས་པར་ཁོང་དུ་ཆུད ་དམ་ཚིག་གསུམ་མཆོག་དངོས་གྲུབ་མཆོག་སྦྱིན་སྟེར་མཛད་པ།། སྦྱིན་པའི་མཆོག་དེ་བདག་ལ་རྟག་ཏུ་ལེགས་པར་གསོལ།། འཇིག་རྟེན་གསུམ་ཀུན་མཆོག་སྦྱིན་མཆོག་གི་སྒྲུབ་པ་པོ།། མགོན་པོ་དུས་གསུམ་གཤེགས་རྣམས་ཀུན་ནས ་སྒྲིབ་མེད་པར།། དམ་ཚིག་གསུམ་རྒྱལ་རྟོག་པར་གསུངས།། རྡོར་འཛིན་གླུ་དང་དང་བསྟོད་པ་བྱས།། དེ་འདིར་སངས་རྒྱས་ཐམས་ཅད་ཀྱི།། ཡོན་ཏན་རྒྱ་ཆེན་ཕུལ་དུ་བྱུང་།། ལན་ཅིག་ཙམ་དུ་བརྗོད་པས་ཀྱང་།། སྔགས ་རྣམས་ཐམས་ཅད་ངེས་པར་འགྲུབ།། བསྟོད་པའི་རྒྱལ་པོ་འདི་ཡིས་ནི།། དེ་བཞིན་གཤེགས་རྣམས་ངེས་པར་མཉེས།། དངོས་གྲུབ་རྒྱ་ཆེན་སྟེར་བར་བྱེད།། རྟོག་པ་ལ་གནས་རྙོག་ལས་གསུངས།། མགོན་པོ་རྣམ་པར་སྣང་མཛད་ཆེ།། མི་བསྐྱོད་རིན་ཆེན ་འབྱུང་ལྡན་དང་།། རྒྱལ་བ་དག་ལ་འོད་དཔག་མེད།། དོན་ཡོད་གྲུབ་པ་རྒྱལ་པོ་ཀུན།། རོ་དང་རོ་བཅུད་དེ་ཉིད་དང་།། མཆོག་ཏུ་སྟེར་བར་མཛད་པ་སྟེ།། མ་ལུས་དངོས་གྲུབ་དག་དང་ནི།། དགའ་བ་རྒྱ་ཆེན་ཕུན་ཚོགས་གནས།། བསམ་པ་ཐམས་ཅད་ཡོངསུ་གང་།། ་ཡིད་ཀྱིས་འདོད་པ་ཡོངསུ་སྟེར།། ཡེ་ཤེས་ཚེ་དང་སྟོབས་ཀྱི་ཤུགས།། དགེ་བའི་མཆོག་རྣམས་སྟེར་བ་པོ།། ཞེས་སོ།། དགའ་དེ་བཞིན་དུ་བསྟོད་པ་འདི་རྡོ་རྗེའི་གུར་གྱི་བརྒྱན་པ།། རྣལ་འབྱོར་རྒྱུད་ཆེན་པོའི་རྗེ་སུ་འབྲངས་ནས་བརྗོད་པར་བྱའོ།། ཞེསོ།། སངས ་རྒྱས་ཀུན་ལ་ཕྱག་འཚལ་ལོ།། སངས་རྒྱས་སྲས་ཀྱི་རང་བཞིན་དང་།། དུས་གསུམ་སངས་རྒྱས་ཕྱག་འཚལ་ནས།། འཆང་གྱུར་དམ་ཚིག་ཅུང་ཟད་རྣམས།། དཔལ་ལྡན་དམ་ཚིག་གསུམ་ལས་གསུངས།། དམ་ཆོས་སྨད་པར་མི་བྱ་ཞིང་།། གང་དུང ་སྤང་བར་མི་བྱའོ།། རྫོགས་སངས་རྒྱས་དང་བྱང་ཆུབ་སེམས།། དེ་རྣམས་མི་གུས་སྤང་བར་བྱ།། བླ་མའི་བཀའ་ལས་འདའ་མོ་བྱ།། ལུས་ཅན་རྣམས་ནི་བསད་མི་བྱ།། རང་གི་སྔགས་དང་ཕྱག་རྒྱ་ཡང་།། དོན་མེད་པ་དང་ཉམས་མི་བྱ།། སེར་སྣ་ཆུང་གི ་བཏུང་བ་ནི།། ཐམས་ཅད་དུ་ཡང་བྱ་བ་མིན།། རྡོ་རྗེའི་རྣམ་པ་མི་འགོང་ཞིང་།། བཟའ་བར་བྱ་བའང་མ་ཡིནོ།། ཁྲི་ཡི་སྟེང་དུ་མི་ཉལ་ཞིང་།། ཕྱག་རྒྱ་མི་གུས་སྤང་བར་བྱ།། བླ་མ་དང་ནི་ལྷ་རྣམས་དྲུང་།། བྱིས་པའི་ཆོས་ཉིད་མི་བྱའོ།། མངོན་སྤྱོད་བྱ་བ། ་མ་ཡིན་ཞིང་།། ཚུལ་ཁྲིམས་ལྡན་པ་སྨད་མི་བྱ།། བྱ་མི་བྱབ་མི་བྱ་ཞིང་རྗེགས་མ་། རང་གཞན་རྗེ་སུ་མི་མཐུན་པའི།། བྱ་བ་རྣམས་ནི་སྤང་བར་བྱ།། རྟོག་པ་ཆེན་པོའི་དམི་ཚིག་འདི།། དཔལ་ལྡན་དམ་ཚིག་གསུམ་ལས་ཤེས།། འཚོ་བ་འགྱོད་བཅོས་མི ་བྱ་ཞིང་།། ཚོགས་སྨྲ་དགའ་བས་ཆོག་པར་བྱ།། ཐེ་ཚོམ་ཉིད་གྱུར་པ་དང་།། ཡོ་བྱད་ཡོངསུ་འཛིན་པ་དང་།། ལེ་ལོ་དང་ནི་ཞུམ་པའི་སེམས།། དེ་བཞིན་བདག་ལ་བསྟོད་ལ་སོགས།། བར་དུ་གཅོད་པའི་ཆོས་རྣམས།། རྟོག་པའི་རྒྱལ་པོ་ཉིད་ལས་གསུངས།། ་ཉེས་པ་འདི་རྣམས་ལས་ངེས་པར་གྲོལ་ཞིང་སྔོན་དུ་གསུངས་པའི་དམ་ཚིག་ལ་གནས་ནས་ཆགས་པ་ཐམས་ཅད་སྤངས་ཏེ། དད་པ་དང་བརྟན་པའི་ཡང་དག་པའི་བྱང་ཆུབ་ཀྱི་སེམས་ཀྱིས་འགྲོ་བ་གསུམ་པོ་ལ་ཕན་པ་དང་ལྡན་པའི་ལུས་དང་ངག་དང་ཡིད ་རྣམས་ཀྱི་བྱེད་པ་དང་། དམ་ཚིག་གསུམ་ལས་གསུངས་པའི་སྒྲུབ་ཐབས་ཀྱི་ཆོ་གས་འདོད་པའི་དངོས་གྲུབ་དུ་འགྱུར་རོ།། རིན་ཆེན་འབྱུང་གནས་སྦས་པའི་ཞབས་ཀྱིས་མཛད་པ། དམ་ཚིག་གསུམ་གྱི་རྒྱལ་པོའི་སྒྲུབ་ཐབས་རྫོག་སོ།། ། ་