CLOSE WINDOW

GT2222: sgyu 'phrul dra ba'i rim pa'i spyan ras gzigs dbang phyug gi sgrub pa'i thabs
Wyliee-texts produced with BDRC’s OCR application

པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ཁམས་པ་ལོཙྪ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་པའོ།། ། རྒྱ་གར་སྐད་དུ། མཱ་ཡཱ་རེ་ལ་ཀྲ་མཱ་ཨ་བ་ལོ་ཀི་ཏེ་སྭ་སཱ་ར་དྷ་ནཾ། བོད་སྐད་དུ། སྒྱུ་འཕྲུལ་དྲ་བའི་རིམ་པའི་སྤྱན་རས ་གཟིགས་དབང་ཕྱུག་གི་སྒྲུབ་པའི་ཐབས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། སྔོན་དུ་བསྟན་པའི་ཆོ་གས་སྟོང་པ་ཉིད་བསྒོམས་པའི་རྗེ་སུ་ན་མཁའ་ལ་རཾ་ལེས་བྱུང་བའི་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ། དེ་ཡོངསུ་གྱུར་པ ་ལས་རྡོ་རྗེའི་ར་བ་དང་རྡོ་རྗེའི་གུར་ཡང་ངོ་།། དེའི་ནང་དུ་མི་བཟད་པའི་དུར་ཁྲོད་རྣམ་པར་བསྒོམས་ནས། དེའི་དབུ་ས་པདྨ་དམར་པོ་འདབ་མ་བརྒྱད་པ། དེའི་དབུ་སུ་ཧྲཱིཿལས་བྱུང་བའི་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མདོག ་ནག་པོ།། ཉི་མའི་དཀྱིལ་འཁོར་ལ་གཡོན་བརྐྱང་བའི་ཞབས་ཀྱིས་གནས་པར་བྱའོ།། ཞལ་ལྔ་པ་སྤྱན་གསུམ་པ། ཕྱག་བཅུ་གཉིས་པའོ།། དཀར་པོ་དམར་པོ་ནི་གཡས་ཀྱི་ཞལ་གཉིས་སོ།། དེ་བཞིན་དུ་སེར་པོ་དང་། ལྗང་གུ་ནི་གཡོན་གྱི་ཞལ ་གཉིས་སོ།། གཡས་ཀྱི་ཕྱག་ན་རྡེའུ་ཆུང་དང་། ཁ་ཊྭཱཾ་ག་དང་། ལྕགས་ཀྱུ་དང་། རྡོ་རྗེ་དང་། མངའ་བསྣམས་པའོ།། གཡོན་ན་སྡིགས་མཛུབ་དང་། ཐོད་པ་དང་། པདྨ་དམར་པོ་དང་། ནོར་བུ་དང་། འཁོར་ལོ་དང་། གཞུ་བསྣམས ་པའོ།། ཞལ་ཐམས་ཅད་མཆེ་བ་གཙིགས་པ། ཕྱག་རྒྱ་དྲུག་སྨྲས་སྐུ་ལ་མགོ་བོ་རློན་པའི་ཕྲེང་བས་བརྒྱན་པ། གཅེར་བུ་གཡོན་བརྒྱུང་བའི་ཞབས་ཀྱིས་བཞུགས་པ། ཡན་ལག་ཐམས་ཅད་མཛེས ་པའི་བདག་ཉིད་དུ་སྐད་ཅིག་གིས་རབ་ཏུ་བརྟགས་ལ། སྙིང་གར་ཟླ་བའི་དབུ་སུ་ཧྲཱིཿཡི་གཽ་གནས་པའོ།། ཨོཾ་ཨཱཿཧཱུཾ་ཨི་ཏི་མུ་ནི་པ་ར་བཛྲེ་ཧྲཱིཿཧཱུཾ་ཛཿཞེས་བྱ་བའི་སྔགས་ཕྲེང་བའི་རྣམ་པ་ཅན་དུ་བཟླ་བར་བྱའོ།། མཚམས་མེད་པ་རྣམ་པ་ལྔ་བྱས ་པ་ཡང་། འབུམ་ཕྲག་གཅིག་བཟླས་པས་འགྲུབ་པར་འགྱུར་རོ།། སྒྱུ་འཕྲུལ་དྲ་བའི་རིམ་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲིབ་ཐབས་སློབ་དཔོན་དགྲ་ལས་རྣམ་པར་རྒྱལ་བས་མཛད་པ་རྫོགས་སོ།། ་པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ཁམས་པ་ལོཙཱ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། དགེའོ།། ། བཀྲ་ཤིས།། ་