CLOSE WINDOW

GT2220: rig byed ma'i sgrub thabs
Wyliee-texts produced with BDRC’s OCR application

ཧཱུཾ་སྭཱ་ཧཱ། རྟག་ཏུ་བཟླས་པར་བྱའོ།། མདོར་བསྡུས་པའི་ཕག་མོའི་སྒྲུབ་ཐབས་རྫོགསོ།། ད~ཾཎྜི་ཏ་དོན་ཡོད་རྡོ་རྡྷ་དང་། ཁམས་པ་ལོ་ཙྪ་བ་དགེ་སློང་བི་རིས་བསྦྱོར་ཅིང་ཞུས།། རྒྱ་གར་སྭཱད། ཀུ་རུ་ཀྵ་ལླེ་སཱ་དྷ་ནཾ། བོད་སྐ་། རིག་བྱེད་མའི ་སྒྲིབ་ཐབས། འཕགས་མ་རིགས་བྱེད་མ་ལ་ཕྱག་འཚལ་ལོ།། ལྟེ་བའི་དབུས་གྲུ་གསུམ་དམར་པོ་མེའི་དཀྱིལ་འཁོར།། ངའི་དབུ་སུ་བནྡྷ་ཀྱའི་མེ་ཏོག་ལྟ་བུ་འདབ་མ་བཞི་པའོ།། དེའི་སྟེང་དུ་ཧྲིཾཿསྐལ་པའི་མེ་བཞིན་དུ་འབོར་བའོ།། དེ་ཡོངསུ་གྱུར་པ་ལས ་བདག་ཉིད་རིག་བྱེད་མའི་གཟུགསུ་བསམས་པར་བྱ་སྟེ། ཡི་དགས་ཀྱི་གདན་ལ་གནས་པ་སྐྲ་གྱེན་དུ་འགྲེང་བ། ཐོད་པའི་དབུ་བརྒྱན་ཅན། སྟག་གི་ལྤགས་པའི་ཤ་མ་ཐབས་ཅན་མ། མགོ་བོའི་ཕྲེང་བས་རྣམ་པར་བརྒྱན་མ། ་ཕྱག་བཞི་པ་གཡས་ན་མདའ་དང་ལྕགས་ཀྱུ་འཆང་བ། གཡན་གཞུ་དང་ཨུད་པ་ལ་དམར་པོའི་སྟེང་ན་ཐོད་པ་ཁྲག་གིས་བཀང་བ། སྤྱན་གསུམ་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ན་བཟའ་དམར་པོས་བསྣམས་པ། སྒོམ་པར་བྱའོ།། ཨོཾ་ཀུ་རུ་ཀུ་ལླེ ་ཧྲིཾཿསྭཱ་ཧཱ། བཟླས་པའི་སྔགས་འདི་བསམ་གཏན་དང་ལྡན་པས་བཟླས་པར་བྱའོ།། ཨོཾ་ཨཿཧྲཱིཿཧཱུཾ་ཧྲི་ཧཱུཾ་ཛཾ། རིག་བྱེད་མའི་སྒྲུབ་ཐབས་རྫོགས་སོ།། ། པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ཁམས་པ་ལོཙྪ་བ་དགེ་སློང་བ ་རི་བསྒྱུར་ཅིང་འསྟེ། རྒྱུ་གར་སྐད་དུ། སུ་ཀོ་ལ་ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མ་དཀརི་མོའི་སྒྲུབ་ཐབས། བཅོམ་ལྡན་འདས་སྒྲོལ་མ་ལ་ཕྱག་འཚལ་ལོ།། དཀར་པོའི་ལས་ན་ཉན་སྒྲུབ་པའི།། སྒྲོལ་མ་པར་མོ་ལ ་