CLOSE WINDOW

GT2212: gzhan gyi mi thub pa'i gdugs dkar mo zhes bya ba'i sgrub thabs
Wyliee-texts produced with BDRC’s OCR application

ཉི་མའི་དཀྱིལ་འཁོར་འོད་ཀྱི་ཕྲེང་བ་དང་ལྡན་པ། དམ་ཚིག་སེམས་དཔར་བདག་ཉིད་རྫོགས་པར་བྱས་ལ། ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་བྱས་ལ། འོད་དཔག་མེད་པས་དབུ་རྒྱན་པ་བསམ་པར་བྱའོ།། དེ་ནས་སྔགས་བཟླས་པར་བྱར་། ་ལྟ་སྟེ། ཨོཾ་མ་ཧཱ་བ་ལ་སྭཱ་ཧཱ་ཞེས་བྱའོ།། སྟོབས་པོ་ཆེའི་སྒྲུབ་ཐབས་རྫོགསོ།། ། པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ཁམས་པ་ལོཙྪ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུསོ།། ། རྒྱ་གར་སྐད་དུ། སི་ཏཱ་ཏ་པ་ཏྲྀ་ནཱ་མ་ཨ་པ་རཱ་ཛི་ཏཱ་སཱ ་དྷ་ནཾ། བོད་སྐད་དུ། གཞན་གྱི་མི་ཐུབ་པའི་གདུགས་དཀར་མོ་ཞེས་བྱ་བའི་སྒྲུབ་ཐབས། འཕགས་མ་གདུགས་དཀར་མོ་ཅན་ལ་ཕྱག་འཚལ་ལོ།། སྔོན་དུ་བསྟན་པའི་ཆོ་གས་རང་གི་སྙི་ང་གར་ཟླ་བའི་དཀྱིལ་འཁོར་ལ། ཨོཾ་གྱི་ས་བོན་དཀར་པོ་ལས་ཡོངསུ་རྫོགས་པའི ་གཞན་གྱིས་མི་ཐུབ་པ་གདུགས་དཀར་མོ་ཅན་ཞེས་བྱ་བ་ཞལ་གསུམ་པ། ཕྱག་དྲུག་མ། ཞལ་སོ་སོ་ལ་སྤྱན་གསུམ་གསུམ་མོ།། ཡན་ལག་ཐམས་ཅད་དང་རྩ་བའི་ཞལ་ནི་དཀར་པོའོ།། སྔོན་པོ་དང་། དམར་པོ་ནི་གཡོན་པ་དང་གཡས་ཀྱི་ཞལོ།། འཁོར་ལོ་དང་ལྕགས་ཀྱུ ་དང་གཞུ་ནི་གཡས་ཀྱི་ཕྱག་ནའོ།། རྡོ་རྗེ་དཀར་མོ་དང་མངའ་དང་། ཞགས་པ་དང་བཅས་པའི་སྡིགས་མཛུབ་ནི་གཡོན་གྱི་ཕྱག་ནའོ།། ཁྲོ་བོའི་ལྟ་སྟངས་བཅས་པས་གཟའ་ཐམས་ཅད་འཇོམ་པར་བྱེད་མ། ལྷ་རྫས་ཀྱི་རྒྱན་དང་ན་བཟས་རྣམས་པར་བརྒྱན་མ། རྣམ་པར་སྣང ་མཛད་སྤྱི་བར་གནས་པར་བསམས་ལ། ཕྱག་རྒྱ་བཅིང་བར་བྱའོ།། དེ་ལ་གཡས་པའི་ལག་པའི་ཁུ་ཚུར་དང་། སྡིགས་མཛུབ་ནི་སྙིང་གར་ཡང་དག་པར་བཞག་ལ། གཡོན་པའི་ལག་པ་རྡོ་རྗེ་ཁུ་ཚུར་སྟོང་དུ་འཕྱར་བའོ།། བཟླས་པ་ནི། ཨོཾ་སི་ཏཱ་ཏ་པ་ཏྲཾ། ཨ་པ་རཱ་ཛི་ཏི ་སརྦ་གྲ་ཧ་ཨ་ནུཏྟཱ་ཤ་ཡ། ཏྲཱ་ཤ་ཡ། ཧ་ན་ཧ་ན། དྲུཾ་དྲུཾ་ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ། སྭཱ་ཧཱ་ཞེས་བྱའོ།། འཕགས་མ་གཞན་གྱིས་མི་ཐུབ་པ་ཞེས་བྱ་བའི་གདུགས་དཀར་མོ་ཅན་གྱི་སྒྲུབ་པའི་ཐབས་རྫོགས།། ། པཎྜི་དངོན་ཡོད་རྡོ་རྗེ་དང་། ཁམས་པ་ལོརྦྷ ་བ་དགེ་སློང་བ་རིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཧ་ཡ་གྲཱི་བ་སཱ་དྷ་ནཾ། བོད་སྐད་དུ། རྟ་མགྲིན་གྱི་སྒྲུབ་པའི་ཐབས། དཔལ་རྟ་མགྲིན་ལ་ཕྱག་འཚལ་ལོ།། སྔོན་དུ་བསྟན་པའི་ཆོ་གས་སྣ་ཚོགས་པདྨ་དང་ཉི་མ་ལ་ཧཱུཾ་དམར་པོའི་ཡེ་ཤེས་ལས ་ཡོངསུ་རྫོགས་པའི་འཕགས་པ་རྟ་མགྲིན་མདོག་དམར་བ། ཞལ་གསུམ་པ། ཕྱག་བརྒྱད་པ། ཞལ་སོ་སོ་ལ་སྤྱན་གསུམ་གསུམ་མོ།། སྔོན་པོ་དང་དཀར་པོ་ནི་གཡས་དང་ཅིག་ཤོས་ཀྱི་ཞལ་ལོ།། སྦྲུལ་རྐྱེན་ཅན་འགྱིང་བག་གིས་གནོད་ཅིང་གནས་པ། ཁྲོ ་ལྟ་སྟངས་ཀྱིས་གཟིགས་པ། ཞལ་དང་པོ་བཞད་པ། གཡས་པའི་ཞལ་ལྗགས་འགྲིལ་པ། མཆེ་བ་གཉིས་ཀྱིས་མ་མཆུ་བཙིར་བ། གཡོན་པའི་ཞལ་ལོ།། སྟག་གི་ལྤགས་པའི་ཤོམ་ཐབས་ཅན།། རྡོ་རྗེ་དང་། དབྱུག་པ་དང་། བྱེད་པའི་ཕྱག་རྒྱ་དང་། མདའ ་འཕྱར་བ་ནི་གཡས་པའི་ཕྱག་བཞིནའོ།། སྡིགས་མཛུབ་དང་རང་གི་ནུ་མ་བཟུང་བ་ནི། པདྨ་དང་གཞུ་འཕྱར་བ་ནི་གཡོན་གྱི་ཕྱག་བཞི་ནའོ།། མི་བསྐྱོད་པས་མནན་པའི་དབུ་རྒྱན་ཅན་བསམ་པར་བྱའོ།། ཞེས་བྱ་བ་ནི་རྟ་མཆོག་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན ་ཏོ།། སྔགས་ཀྱིས་བཟླས་པ་ནི། ཨོཾ་ཧ་ཡ་གྲཱི་བ་སྭཱ་ཧཱ།། རྟ་མགྲིན་གྱི་སྒྲུབ་ཐབས་རྫོག་སོ།། ། པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ཁམས་པ་ལོ་ཙྪ་བ་དགེ་སློང་བ་རིས་བསྒྱུར་བའོ།། ་