| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཤྲེ་ཙཀྲ་སཾ་པ་ར། ས་ཧཱ་ཛ་ཏཱཏྟ་ཨཱ་ལོ་ཀ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་སྣང་བ། དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལོ།། གང་ལ་བརྗེན་ནས ་རང་རིག་བདེ་ཆེན་པོ།། སྟོང་དང་སྙིང་རྗེ་དབྱེར་མེད་མཚོན་པའི་གཞི།། ཆོས་དང་ལོངས་སྤྲུལ་བདེ་བ་ཆེན་པོ་ཡི།། རང་བཞིན་རྩ་ཡི་འཁོར་ལོའི་མགོན་བཏུདེ་ནས།། འཁོར་ལོ་བདེ་མཆོག་དཔལ་རིམ་ལཱས་བྱུང་ལས།། སྤྱོད ་འཆང་མགོན་པོའི་ཞལ་སྣ་ལས་རྙེད་པའི།། རང་རིག་བདེ་ཆེན་ཡེ་ཤེས་མཚོན་པའི་ཐབས།། དཔྱིང་དང་ཐིག་ལེ་བསྒོམ་པའི་མན་དག་བཤད།། བསམ་གཏན་ཁང་པ་རྣམ་གཡེང་སྐྱེ་བོ་ཡི།། འདུ་འཛི་དེང་བྲལ་རྣམ་པོར ་དབེན་པའི་སར།། ཡོངས་སུ་འཛིན་པ་མ་ལུས་རྣམས་སྤངས་ཏེ།། མི་གཡོ་རྩེ་གཅིག་ཏིང་འཛིན་མཆོག་བསྒྲུབ་བྱ། བདེ་པའི་སྟན་གནས་རྡོ་རྗེ་སྐྱིལ་དཀྲུང་དང་།། ལག་གཉིས་མཉམ་པར་གཞག་པའི་ཕྱག་རྒྱ་ཅན།། ལུས ་བསྲང་ནས་ནི་མགྲིན་པ་དགུག་པ་དང་།། མིག་གཉིས་སྣ་ཡི་རྩེ་མོར་མཉམ་སྦྱར་ཞིང་།། གང་ལ་རྒྱན་དང་ཆ་ལུགས་ཕྱག་མཚན་དང་།། མཚོན་དཔེ་བྱེད་མ་ལུས་ཡོངས་རྫོགས་པ།། རང་སྣང་ཤེས་རབ་ཕག་མོ་དང ་འདུས་པའི།། གཉིས་མེད་དང་བའི་རང་བཞིན་རང་ལྷའི་སྐུ།། སྒྱུ་མ་སྨིག་རྒྱུ་དྲི་ཟའི་གྲོང་ཁྱེར་དང་།། བར་མའི་སྲིད་དང་ཆུ་ཟླ་ལྟ་བུ་ཡི།། ལུས་ཀྱི་དབུས་གནས་ས་སོགས་འབྱུང་བ་བཞི།། བྱམས་དང་སྙིང་རྗེ་དགའ་དང་བཏང ་སྙོམས་དང་།། སྦྱིན་སོགས་རཱིག་མྦྷ་བཞི་ཡི་བདག་ཉིད་དང་།། ཆོས་དང་ལོངས་སྤྲུལ་བདེ་བ་ཆེ་རང་བཞིན།། ཨེ་བི་མ་ཡཱུ་རྩ་ཡི་འཁོར་ལོ་ལ།། དབྱངས་དང་གསལ་བྱེད་བྱང་ཆུབ་ཡི་གེར་ལྡན།། རྡུལ་དང་སྙིང ་སྟོབས་མུན་པའི་རང་བཞིན་གྱི།། རྩ་གསུམ་གྱིས་ནི་ཡང་དག་སྦྲེལ་བྱས་པ།། ཡོན་ཏན་སྐྱོར་གྱི་རང་བཞིན་རྩ་གཉིས་ལ།། བརྟེན་ནས་སྟེང་དང་འོག་གི་སྒོ་གཉིས་ནས།། འབྱུང་དང་འཇོག་པ་སྲོག་དང་རྩོལ་བ་ཡི།། གང་དུ ་མི་གཡོ་རྩེ་གཅིག་གྱུར་པ་ལས།། དང་པོ་མི་དགས་སྲིད་བཞིན་སྣང་པོ་དང་།། མཚན་གཉིས་པ་དང་ངུ་བའི་རྣམ་པ་ཅན།། གསུམ་པ་སྲིན་བུ་མེ་ཁྱེར་དང་འདྲ་ཞིང་།། བཞི་པ་སྒྲོན་མ་འབྱེར་བ་ལྟ་བུ་དང་།། མཚན་མ་ལྔ་པ ་རྣམ་པར་མ་བརྟགས་པར།། སྤྲིན་མེད་ན་མཁའ་ལྟ་བུ་འབྱུང་འགྱུར་ཞིང་།། དེ་ཚེ་གང་དུ་ཡེ་ཤེས་མེ་འབར་བ།། གསང་བ་གློག་གི་འོད་དང་མཚུངས་པ་ཡི།། སྟེང་དུ་འཕྲོ་བས་བདུད་རྩིའི་རྒྱུན་འབེབས་ཤིང་།། བད་ཆེནི་རང ་རིག་ཡེ་ཤེས་སྦྱོར་བར་བྱེད།། གང་ལ་བརྟེན་ནས་སྐྱེས་པའི་ཡེ་ཤེས་དང་།། རང་རིག་ལས་གཞན་བརྗོད་པར་མི་ནུས་ཤིང་།། དངོས་དང་དངོས་མེད་རྟག་པ་ལ་ས་གྲོལ་པ།། བདེ་ཚེ་ནི་དེ་བཞིན་ཉིད་ལ་བདག་ཕྱུག་འཚལ།། ་གང་ཞིག་སྐྱེས་པས་ཐོག་མེད་འཁོར་བ་ནས།། བསགས་པའི་སྒྲིབ་པ་མ་ལུས་ཀུན་སྤོང་གི། གཉིས་མེད་བདེ་བ་ཆེན་པོའི་རང་བཞིན་གྱི། གཉུག་མའི་ཡེ་ཤེས་དེ་ལ་བདག་ཕྱག་འཚལ།། རྟོག་པ་གང་གིས ་རྟོག་པ་ཀུན་གཅོད་ཅིང་།། སྣ་ཚོགས་སྣང་བའི་དངོས་ཀུན་དེར་མཚོན་བྱ།། བདེ་ཆེན་རང་རིག་ཡེ་ཤེས་གཅིག་པུ་པ།། གཉིས་མེད་རྟོགས་པའི་མཆོག་ལ་བདག་ཕྱག་འཚལ།། གང་ལ་བསྟོད་དང་གང ་གྲིས་བསྟོད་པ་དང་།། ཇི་ལྟར་བསྟོད་ཅིང་ཕྱག་འཚལ་དང་བྲལ་བ།། སྤྲོས་ཚོགས་གུ་དགས་པའི་མཐའ་ལས་རབ་འདས་པའི།། མཉམ་ཉིད་དེ་བཞིན་ཉིད་ལ་བདག་ཕྱོག་འཚལ།། གང་ཞིག་གོམས་པ་མཐ ་ཕྱིན་པས།། ཀུན་ཏུ་རྟོག་པ་ཀུན་སྤོང་ཞིང་།། རྣམ་པར་མི་རྟོག་ཡེ་ཤེས་མཆོག། ཚེ་འདི་ཉིད་ལ་སྟེར་བར་བྱེད།། བརྟུལ་ཞུགས་སྤྱོད་འཆང་བླ་མེད་པ།། འབར་བྱའི་གཙོ་བོའི་བཀའ་དྲིན་ལས།། རྟོགས ་པོའི་དོན་གང་འདིར་བསྡུས་པས།། འགྲོ་ཀུན་རྡོ་རྗེ་འཆང་ཐོབ་ཤོག། དཔལ་འཁོར་ལོ་སྡོམ་པའི་ལྷན་ཅིག་སྐྱེས་པའི།། དེ་ཁོ་ན་ཉིད་སྣང་བ་སློབ་དཔོན་ཆེན་པོ་དཔག་མུང་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁྲ ་པཔཱ་དཱི་པཾ་ཀཱ་རཱ་ཌཀྵཱི་ཏ་ད་ཨཱ་ཙརྱ་མར་པཾ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་བའོ།། ། རྒྱ་ཀར་སྐད་དུ། ཤཱི་ཙིཀྑ་སམྦཱ་ར་ཏཏྟ་གརྦྷ་སཾ་གྲ་ཧཱ། བྱོད་སྐད་དུ། དཔལྔ་འཁོར་ལོ་སྡོམ ་