CLOSE WINDOW

GT2208: rdo rje g+hAn+d+ha ri'i sgrub thabs
Wyliee-texts produced with BDRC’s OCR application

ཕྱག་འཚལོ།། རྣམ་པར་རྒྱལ་མ་སེར་མོ་ཞལ་གཅིག་ཕྱག་གཉིས་མ། ལྷ་རྫས་ཀྱི་རིན་པོ་ཆེ་སྣ་ཚོགས་ཀྱིས་མཛེས་མ། ཚོགས་བདག་རྣམ་པར་མནན་མ། གཡས་པ་ཐལ་མོ་སྦྱར་བའི་ཚུལ་བྱས་པའི་ཕྱག་གོ། གཡོན་ན་ཞགས ་པ་དང་བཅས་པའི་སྡིགས་མཛུབ་སྙིང་གར་འཚང་བའི་ཕྱག་གོ། ཤིན་ཏུ་འཇིགས་པར་བྱེད་ཅིང་གཙིགས་ཤིང་དྲག་པའི་ཞལ་ཅན་མ། མ་ལུས་པའི་བདུད་འཇོམས་པ། ཚངས་པ་ལ་སོགས་པ་བདུག་ཅིང་མི་བཟང་པའི་རྣམ་པའི་ལྷ་རྣམས་ཀྱིས་བསྐོར་ཞིང་། ་གདུགས་འཕྱར་ཞིང་།། བསླ་ལའོ།། རྣམ་པར་རྒྱལ་མའི་སྒྲུབ་ཐབས་རྫོག་སོ།། ། པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ཁམས་པ་ལོ་ཙྪ་བ་དགེ་སློང་བ་རིས་བསྒྱུར་བའོ།། ། རྒྱ་གར་སྭཱ་དུ། བཛྲ་གྷཱཊྚཱ་རི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་གྷནྡྷ་རིའི་སྒྲུབ ་ཐབས། རྡོ་རྗེ་གྷཊྚཱ་རི་ལ་ཕྱག་འཚལ་ལོ།། རྡོ་རྗེ་གྷནྡྷ་རི་ཞལ་དྲུག་མ། ཕྱག་བཅུ་གཉིས་མ། དབུ་སྐྲ་ཁམ་པ་གྱེན་དུ་འགྲང་མ། གཡོན་བརྐྱང་བའི་ཞབས་ཅན། ཞལ་མཆེ་བ་གཙིགས་པ། ཞལ་སོ་སོ་ལ་སྤྱན་གསུམ་གསུམོ།། གཡས་པའི་ཕྱག་དྲུག་རྣམསུ ་གོ་རིམས་ཇི་ལྟ་བས་རྡོ་རྗེ་དང་། དྲིལ་བུ་དང་། རལ་གྲི་དང་། རྩེ་གསུམ་དང་། མདའ་དང་། སྲུབ་པའི་འཁོར་ལོ་གཡོན་པའི་ཕྱག་རྣམསུ་ཁ་ཊྭཱཾ་ག་དང་། ལྕགས་ཀྱུ་དང་། གཞུ་དང་། དགྲ་སྟ་དང་། ཞགས་པ་དང་། སྙིང་གར་སྡིགས་མཛུབ་བོ།། ཞལ་གཞན་ལྔའི་ཁ་དོག་ལྷ ་སྟེ། སྣ་ཚོགས་ཀྱི་པདྨ་དང་། ཉི་མའི་གདན་ལའོ།། ཡང་གཟུངས་ནི་འདི་ཡིན་ཏེ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡཻ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡ~ཾ། ན་མོ་བྷ་ག་བཱ་ཏི་མ་ཧཱ་བཛྲ་བྷནྡྷ་རི་ཨ་ནི་ཀ་ར་ཤ་ཏ་ས་ཧ་སྭ། པྲ་ཛྭ་ལི་ཏེ་དྷི་པ་ཏི་ཧི་ཛ་ཡ། ཨུ་གྲ་བྷཱི་མ་བྷ་ཡ་ན་ཀ་ཡེ། ་ཡོ་གི་ནཱི་ཡེ་བྷིཥྚ་བྷ་གི་ནི་ཡེ། དཱ་ད་ཤ་བྷཱ་དཱ་ཡཻ། བྷི་ཀཱིནྟ་ཀཾ་ཤི་ཡཾ། ཨ་ཎེ་ཀ་རཱུ་པ་བི་བི་དྷ་བེ། ས་དྷ་རི་ཎེ་ཡེ། ཨེ་ཧྱེ་ཧི་བྷ་ག་བཱ་ཏཱི་མ་ཧཱ་གྷནྟ་རི། ཊཱ་ཡ་ཎཱཾ་རཏྣ་ནཱཾ་ས་ཏྱ་ན། ཨ་ཀ་དྷཱ་ཨ་ཀ་དྷ། བ་ལ་དེ་པཱ་དི་ཀཾ། ཡེ་ཙ་ནྱེ་ས་མ་ཡེ་ན་ཏིཥྛཱ་ན་ཏི། ཏཱ་ནཱ་བརྟ་ཡི་ཥྱ་མི། སཱི་གྷྲཾ་། གྲིཧྞ་གྲིཧྞ། ཨོཾ་ཨ་ལ་ཨ ་ལནཧུ་ལུ་བྷུ་ཁུ། མུ་ལུ་མུ་ལུ་ཙུ་ལུ་ཙུ་ཝུ། 5\ུ0f7f། པ་ཡ་ས་པ་པ། སྥཱ་ར་ཡ་སྥཱ་ར་ཡ། ཨ་བཱི་ཤ་ཨ་བི་ཤ། བྷ་གུ་བ་ཏི། མ་ཧཱ་བཛྲ་གྷནྟི་རི། སིདྡྷ་ཙཎ། བཛྲ་པ་ཎ་རཛྙཱ་པ་ཡ་ཏི་ཧྲཱིཿཧཱ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། འདིའི་ལས་ཀྱི་ཚོགས་ནི་སྣ་ཚོགས་པ་རྣམ་པ་མང་པོ་བྱུང་།། རྡོ་རྗེ་གྷཱནྡྷ་རིའི་སྒྲུབ ་ཐབས་རྫོགསོ།། པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ཁམས་པ་ལོ་ཙྪ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་སོ།། རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་སཱ་དྷ་ནཾ། བོད་སྐད་དུ། དཔལ་མགོན་པོ་ནག་པོའི་སྒྲུབ་པའི་ཐབས། དཔལ་མགོན་པོ་ནག་པོ་ལ་ཕྱག་འཚའོ།། ་དེ་ཁོ་ན་བཞིན་དུ་སྔོན་དུ་བསྟན་པའི་ཚོཆོ་གས་སྟོང་པ་ཉིད་བསྒོམས་ལ། དེའི་རྗེསུ་སྣ་ཚོགས་ཀྱི་པདྨ་དང་ཉི་མ་ལ་ཧཱུཾ་ནག་པོའོ།། དེ་ཉིད་ལས་ཡོངསུ་གྱུར་པའི་མགོན་པོ་ནག་པོ་རྗེ་བཙུན་ཞལ་གཅིག་པ་ཕྱག་གཉིས་པ་མདོག་ནག་པོ་སྤྱན་གསུམ་པ་འབར་ཞིང་ཆེ་བའི་གྲི་གུག་དང་ཐོད་པ། གཡས ་པ་དང་། གཡོན་པའི་ཕྱག་ན་བསྣམས་པ། མགོའི་ཕྲེང་བས་བརྒྱན་པ། སྒྲ་ཁམ་པ་གྱེན་དུ་འགྲོང་བ། ཡན་ལག་ལ་དོ་ཤལ་ཅན་མཆེ་བ་གཙིགས་ཤིང་འཇིགས་པར་བྱེད་པ། སྦྲུལ་གྱིས་ཡན་ལག་ཐམས་ཅད་བརྒྱན་པ། གཟུགས་ཐུང་བ། ཁ་ནས་ཁྲག་འཛག་པའི་བདག་ཉིད་སྐད་ཅིག ་གིས་རྫོགས་པར་བྱས་ལ། སྔགས་བཟླས་པར་བྱའོ།། དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་མ་ཧཱ་ཀཱ་ལ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དུག་དང་། ཁྲག་དང་། སྒོག་པ་དང་། ཡུངས་ཀར་གྱིས་ནག་པོ་ཆེན་པོ་ལ་བདུག་སྤོས་བྱིན་ལ། མོན་སྲན་གྲེའུ་དང་། འབྲས་བསྲེས་པའི་བན་དང་། ཆང་དང་། མེ་ཏོག་དང ་