CLOSE WINDOW

GT2199: so sor 'brang ma chen mo'i sgrub thabs
Wyliee-texts produced with BDRC’s OCR application

ཀོ་ཧཾ་ཞེས་བྱ་བས་ལྷག་པར་གནས་པར་བྱའོ།། དེའི་རྗེ་སུ་ལྟེ་བའི་འོག་ཏུ་པདྨ་དམར་པོ་འདབ་མ་བརྒྱུད་པའི་སྟེང་དུ་དྷཱིཿཡིག་དམར་པོ་འབྱུར་བ་བསམ་པར་བྱའོ།། དེ་ནས་ཨོཾ་ཨ་ཛཱི་ཁཱཾ་ཧཱུཾ་ཞེས་བྱ་བའི་སྔགས་ཀྱི་ཡི་གེས་དམ ་ཚིག་གི་རྡུས་བསྟེན་པ་སྔོན་དུ་འགྲོ་བསོ་ཐུན་གཉིས་དང་གསུམ་དུ་བསྒོམ་པར་བྱའོ།། སྔགས་ཀྱི་བཟླས་པི་ནཱི་འདི་ལྟ་སྟེ། ཨོཾ་ཧྲཱིཿཥྚྲྀ། བོཀྲོ་ཏཱ་ནན་ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ་སྭཱཏྨ། ཨ~ཾ་ཡ་མནྟཀ་ཙྪ་ནས་བྱའོ།། འཕགས་པ་གཽ་ཤིན་རྗེ་ག་ཤོང་དམར་བའི་སྒྲུབ་པའི་ཐབས ་རྫོགས་སོ།། ། པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ཁམས་པ་ལོཙྪ་བ་དགེ་སྦྱོང་བ་རིས་བསྒྱུར་ཅིང་ཞུས་སོ།། ། རྒྱ་གར་སྐད་དུ། མཧཱ་པྲ་ཏཱི་སཱ་ར་སཱ་དྷ་ནཾ། བོད་སྐད་དུ། སོ་སོར་འབྲང་མ་ཆེན་མོའི་སྒྲུབ་ཐབས ་བཅོམ་ལྡན་འདས་མ་སོ་སོར་འབྲང་མ་ཆེན་མོ་ལ་ཕྱག་འཚལོ།། སྔོན་དུ་བསྟན་པའི་ཚོ་གས་སྟོང་པ་ཉིད་བསྒོམས་པའི་རྗེསུ་ཨ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་ལ་པྲཾ་སེར་པོ་སྣ་ཚོགས་ཀྱི་འོད་ཟེར་སྤྲོས་པས་གཞན་གྱི་དོན་བྱས་ནས་ཡོངསུ་གྱུར་པ་ལས། ་བཅོམ་ལྡན་འདས་མ་སོ་སོར་འབྲང་མ་ཆེན་མོ་སྐད་ཅིག་གིས་བསྐྱེད་པར་བྱ་སྟེ། སེར་མོ་ཞལ་བཞི་པ་སྤྱན་གསུམ་པ། ཕྱག་བརྒྱད་མ་དང་པོ་སེར་པོ། གཡས་ཀྱི་ཞལ་དཀར་བ། ནུབ་ཕྱོགས་ཀྱི་ཞལ་སྔོ་བ། གཡོན་རབ་ཏུ་སྔོ་བའོ།། གཡས་པའི་ཕྱག་གཡས་རལ ་གྲི་དང་འཁོར་ལོ་དང་རྩེ་གསུམ་དང་། མདའོ།། གཡོན་ན་དགྲ་སྟ་དང་། གཞུ་དང་། ཞགས་པ་དང་། རྡོ་རྗེ་བསྒོམས་པའི་ཕྱག་གོ།། སྣ་ཚོགས་ཀྱི་པདྨ་དང་། ཟླ་བའི་གདན་ལ་འགྱིང་པག་གི་རྣམ་པར་གནོན་ཅིང་ཡང་དག་པར་གནས་པའོ།། འོད་ཀྱི་དཀྱིལ་འཁོར་དམར ་པོ་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྣ་ཚོགས་ཀྱི་ནཱ་བཟའ་བསྣམས་པ། གོས་ཀྱི་སྟོང་གཡོགས་བྱས་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་དབུ་རྒྱན་ཅན། དེ་ལྟར་རྣམ་པར་བསམས་ལ། སྐུ་དང་གསུང་དང་ཐུགས་རྣམསུ་ཟླ་བ་ལ་གནས་པའི་ཨོཾ་ཨཱཿ ་ཧཱུཾ་དཀར་པོ་དང་སེར་པོ་དང་སྔོན་པོའི་ཡི་གེ་རྣམ་པར་བསྒོམ་མོ།། དེ་ནས་ནི་མའི་བར་དུ་ཟླ་བ་ལ་གནས་པའི་པྲྀ་ཡིག་རྣམ་པར་བསམས་ལ། རྣམ་པ་སྣ་ཚོགས་པ་ལྷ་མོ་རྣམས་ཀྱིས་བདག་ཉིད་ལ་མཆོད་པར་ལྟ་ཞིང་། སྤྲོ་བ་དང་བསྡུ་བས་ཇི་སྲིད་སྐྱོ་བར་མ ་གྱུར་པ་དེ་སྲིད་དུ་བསྒོམ་པར་བྱའོ།། སྐྱོ་བར་གྱུར་ན་རང་གི་སྙིང་གའི་ཟླ་བ་ལ་སྔགས་མུ་ཏིག་གི་ཕྲེང་བའི་རྣམ་པ་བལྟས་ལ་བཟླས་པ་བྱའོ།། ཨོཾ་མ་ཎི་དྷི་རི་བཛྲཱི་ཎི་མ་ཧཱ་པྲ་ཏི་ས་རེ་སྭཱ་ཧཱ། ཞེས་བྱ་བ་ནི་སྔག་སོ།། སོ་སོར་འབྲང་མའི་སྒྲིབ་ཐབས་རྫོག་སོ།། ་པིཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ཁམས་པ་ལོཙྪ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་སོ།། ། རྒྱ་གར་སྐད་དུ། ཨུཥྞཱི་ཥ་བི་ཛ~ཾ་ཡ་སཱ་དྷ་ནཾ། བོད་སྐད་དུ། གཙུག་ཏོར་རྣམ་པར་རྒྱལ་མའི་སྒྲུབ་ཐབས། གཙུག་ཏོར་རྣམ་པར་རྒྱལ་མ་ལ་ཕྱག་འཚལོ།། སྔོན ་དུ་བསྟན་པའི་ཚོགས་ཟླ་བ་ལ་བྷྲཱུཾ་དཀར་པོ་ཡོངསུ་གྱུར་པ་ལས་ཞལ་གསུམ་མ་སྤྱན་གསུམ་མ། ལང་ཚོ་སར་ལ་བབ་པ། ལྷ་རྫས་ཀྱི་རྒྱན་ན་བཟའ་དང་ལྡན་པ། ཕྱག་བརྒྱད་པའི་གཙུག་ཏོར་རྣམ་པར་རྒྱལ་མ་བསམ་པར་བྱའོ།། སྡོར་པོ་དང་ནག་པོ་ནི་གཡས ་པ་དང་ཅིག་ཤོས་ཀྱི་ཞལ་ལོ།། གཡས་ཀྱི་ཕྱག་བཞི་རྣམསུ་སྣ་ཚོགས་རྡོ་རྗེ་དང་། པདྨ་ལ་གནས་པའི་སངས་རྒྱས་ཀྱི་སྐུ་དང་། མདའ་དང་། མཆོག་སྦྱིན་མེའོ།། གཡོན་གྱི་ཕྱག་བཞི་རྣམསུ་གཞུ་དང་། སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་། མི་འཇིགས ་