CLOSE WINDOW

GT2196: rgya nag po'i rim pa'i sgrol ma'i sgrub thabs
Wyliee-texts produced with BDRC’s OCR application

ཁམས་ཙྪ་བ་དགེ་སློང་བ་རིས་བསྒྱུར་བའོ།། སྭཱ་པ་ཙིན་ཏཱ་དྷ་ནཾ། བོད་སྐད་དུ། རྒྱུན་ག་ཅོཾ་བས་པའི་སྒྲོལ་མ་འཐབས། བཅོམ་ལྡན་འདས་སྒྲོལ་མ་ཕྱག་འཚ ་ཀྱི་སེར་མི་སྙི་ཁ་མན་ནི་ཅིང་མི་ཇི་གས་སོ།། ཐུ་སྔོ་ནི ་འཇིག་རྟེན་གསུམ་གྱི་མི་ཤེས་ཐོང་པ་ལ་བཀོད་འཇོམས་ཤིང་དྲག་སྒྲོལ་མས་འཛིན་རྒྱན་ག་རི་རྒྱད་དེ།། བླ་མའི་མནངག་ཇི་ལྟ་བར། ཡི་སྒྲ་ཐ ་ལ་མ་ནི་དུར་ཁྲོད་དང་། ཁྱིམ་སྟོང་དག་ནི་ཐམས་ཅད་དུ།། སྲིད་གསུམ་མཐར་བྱེད་རིག་པ་ནི།། དེར་གནས་རྣལ་འབྱོར་པས་སྒྲུབ་བྱ།། འཇམ་པའི་ནང་ཚངས་ཅན་གནས་ཤིང་།། གཞན་ཡང་འཇམ་པ་དག་ལ་ནི།། ཤིང་སྟན་ལ་སོགས་མཉ ་གནས་ལ།། དངོས་གྲུབ་མཆོག་ནི་སྒྲུབ་པའི་མཆོག། སྐད་ཅིག་རྣམ་པའི་སྦྱོར་བ་ཡིས།། ལེགས་མཉམ་བཞག་པས་རྡོ་རྗེ་གསུམ།། གནས་གསུམ་དུ་ནི་བསམ་པར་བྱ།། དེ་ནས་འོད་ཟེར་རྣམ་པར་སྤྲོས།། སྲིད་གསུམ་གཅད་པའི་སེམས་ཅན་རྣམས ་ཡང་ནི་གསལ་བར་བྱས་ནས།། བསྡུས་ཏེ་ཡང་ནི་སྣ་ཚོགས་ཀུན།། སྟོང་པོ་ཉིད་དུ་བསམ་པར་བྱ།། དེ་ནས་རྒྱལ་བའི་སྔགས་བརྗོད།། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་ཨང་མཽ་ཀོ་ཧཾ་ལ་སོགས་པའི་རང་བཞིན་ནོ།། དེ་ནས་བར་སྣང་དག་ལ་བསམ།། ཨ་སྐྱེས ་པདྨ་དམར་པོའོ།། དེ་ཡི་སྟེང་དུ་བསམ་བྱེ་བ།། ཊཾ་ལས་པདྨའི་སྟེང་དུ་ནི།། ཡང་ནི་དེ་དབུས་བསམ་བྱ་ལ།། ཧཱུཾ་ཡིག་སྔན་པོ་དྲ་བའི་འོད་།། དེ་ནས་ཧཱུཾ་སྐྱེས་བལྟ་བྱ་བ།། གྲི་གུག་ས་བོན་གྱིས་བརྒྱན་པའི།། གྲི་གུག་ཡོངས་འགྱུར་བསམ་པ་ནི།། བདག་ཉིད་སྒྲོལ ་མ་དང་མཉམ་པ།། མི་བཟང་གཡོན་བརྐྱང་བའི་ཞབས།། མགོ་བོ་ཕྲེང་བས་འཕྱང་བ་སྟེ།། ཐུང་ཞིང་གསུས་པ་འཕྱང་ལ་འཇིགས།། པདྨ་སྔོན་པོས་བརྒྱན་པོ་སྟེ།། བཟང་མོ་ཞལ་གཅིག་སྤྱན་གསུམ་མ།། མི་བཟད་ཧ་ཧའི་རྣམ་པའི་འོད།། རབ་ཏུ་དགྱེས ་པས་རོ་ལ་ཞོན།། ཀླུ་བརྒྱད་ཀྱིས་ནི་རྣམ་པར་བརྒྱན།། སྤྱན་ནི་དམར་ཞིང་ཟླུམ་པ་སྟེ།། སྟག་གི་ལྤགས་པས་རྐེད་པ་དཀྲིས།། ལང་ཚོ་གསར་པས་ཕུན་སུམ་ཚོགས།། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན།། ལྗགས་འདྲིལ་མཆེ་གཙིགས་འཇིགས་པར་བྱེད། ་ཕྱག་གཡས་རལ་གྲི་གྲི་གུག་སྟེ། གཡོན་དུ་ཨུཏྤལ་ཐོད་པ་འཆང་།། ཁམ་པ་གྱེན་བགྲེང་རལ་གཅིག་མ།། དབུ་རྒྱན་མི་བསྐྱོད་བརྒྱན་པ་བསམ།། བསྒོམ་པའི་རྒྱ་མ་ནི་རྫོགས་པན་ན་རྒྱ་མིང་9། གལ་ཏེ་བླུན་ཞིང་རྨོངས་པས་ཀྱང་།། བ ་པའི་རོལ་ཆེ་བྱེད་ན།། དེ་ཡིས་འཇམ་པའི་དབྱངས་ཐོབ་འགྱུར།། འབུམ་ཕྲག་གཅིག་ནི་བཟླས་པ་བྱ།། ཡི་གེ་གསུམ་གྱི་སྔགས་ཆེན་པོ།། ཕཊ་ནི་མཐའོ་རུ་སྙིང་གར་གནས།། འོད་ཟེར་ལྔ་དང་མཉམ་པར་ལྡན།། མི་ཤེས་བུད་ཤིང་བསྲེག་པའོ།། རྣལ ་འབྱོར་སྤྱོད་པའི་རྗེས་འབྲངས་ནས།། དེ་ཡི་བསྡུ་བའི་ཆོ་ག་བརྗོད།། དང་པོ་ས་ཡི་པར་ཕྱོགས་སྦྱིན།། དབྱངས་ཡིག་བཞི་པས་རྣམ་པར་བརྒྱན།། རལ་ཞོན་ཞིང་འཕྲོ་བའི་འོད།། ཐིག་ལེ་ཟླ་ཚེས་ཡང་དག་ལྡན།། དེ་ནས་ཡི་གེ་ཏྲཱཾ་སྦྱིན་བྱ།། བཞི་པ་ཉིད་ཀྱིས ་རྣམ་པར་བརྒྱན།། རིང་པོ་ངག་དང་ཡང་དག་ལྡན།། ཧཱུཾ་ཡིག་དང་ནི་སྦྱར་བར་བྱ།། ཕཊ་ཀྱི་ཡི་གེ་དེ་ནས་སྦྱིམ།། ཡོངས་རྫོགས་གྲུབ་པའི་སྔགས་ཉིད།། མཁས་པས་རལ་གྲི་གནས་སུ་ནི།། མི་ཡི་རུས་པའི་ཕྲེང་བ་བསམ།། སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས། ་སྔགས་མཆོག་ཡང་དག་བཟླས་པར་བྱ།། བརྟན་པའི་སེམས་ཀྱི་རྟོགས་གྱུར་ན།། ཚིགས་བཅད་མཁན་ནི་སྟོན་པ་རུ།། རྟག་ཏུ་བསྒོམ་པ་གོམས་པ་ནི།། དེ་ཉིད་ཐེ་ཚོམ་མེད་པར་འགྱུར།། སྒྲོལ་མའི་སྒྲུབ་ཐབས་བྱས་པ་ལས།། བདག་གི་དགེ་བ་གང་བས། ་པ།། རྒྱལ་བའི་བསྟན་པའི་སྟོན་པ་རུ།། ང་ཡིས་སྲོག་ཆགས་ཐམས་ཅད་ཤོག། དེ་འདིར་བློ་དོན་སྒྲུབ་པའི་ཐབས།། རྟག་པའི་རྡོ་རྗེས་བྱིས་པ་ལས།། མཁས་པ་ཟབ་མོ་འདི་ལ་ནི།། སྒྲུབ་ཐབས་ལ་ནི་བཟོད་པར་རིགས།། རྒྱ་ནག་པོ་རིམ་པའི་སྒྲོལ་མའི་སྒྲུབ ་ཐབས་སློབ་དཔོན་རྟག་པའི་རྡོ་རྗེས་མཛད་པ་རྫོགསོ།། ། པཎྜི་ཏཱ་དོན་ཡོད་རྡོ་རྗེ་དང་། ཁམས་པ་ལོ་ཙ་བ་དགེ་སློང་བ་རིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། རྡོ་བཛྲ་ཏ་ར་སཱ་དྷཱ་ནཾ། བོད་སྐད་དུ། ་