CLOSE WINDOW

GT2194: khams gsum dbang du byed pa'i spyan ras gzigs dbang phyug gis sgrub pa'i thabs
Wyliee-texts produced with BDRC’s OCR application

བའི་ལྷ་མོ་རིགས་བྱེད་མའི་སྒྲུབ་ཐབས་རྫོགསོ།། ། པཎྜི་ཏ་དོན་ལོང་རྡོ་རྗེ་དང་། ཁམས་པ་ལོ་ཙ་བ་དགེ་སློང་བ་རིས་བསྒྱུར་བའོ།། ཨཱིཾ།། ། རྒྱ་གར་སྐད་དུ། ཏྲཻ་ལོཀྱ་བ་ཤཾ་ཀ་ར་ལོ་ཀེ་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། ཁམས་གསུམ་དབང་དུ་བྱེད ་པའི་སྤྱན་རས་གཟིགས་དབང་ཕྱུག་གིས་སྒྲུབ་པའི་ཐབས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚ་ལོ།། དང་པོར་རེ་ཞིག་ཡིད་དང་མཐུན་པའི་གནས་རྣལ་འབྱོར་པས་ཐང་སྐུ་བཀྲམ་སྟེ། དེའི་མདུན་དུ་དབང་ཆེན་གྱི་དཀྱིལ་འཁོར་གྱི་དབུསུ་གུར་གུམ་གྱི་བླ ་བའི་དཀྱིལ་འཁོར་སྔགས་ཏེ་འདིས་བྱའོ།། ཨོཾ་བཛྲ་རེ་ཀེ་ཧཱུཾ་ཛཿཧཱུཾ་བཾ་ཧོ། ཞེས་བྱ་བའི་སྔགས་འདིས་ཕབ་ལིཾ་དཀྱིལ་འཁོར་གྱི་དབུས་སུ་ཁམས་གསུམ་དཔུང་དུ་བྱེད་པའི་རྗེས་བཙུན་སྤྱན་རས་གཟིགས་སྔགས་འདིས་མཆོད་པར་བྱའོ།། ཨོཾ་ཧཱུཾ་ལོ་ཀྱ་ཝེ་ཤ་མ་ཀ་ར་ཡ་བཛྲ ་པུནར་ནྡོ་དྤཥྚི་ཧྲཱི~ཾ་བྲཱདྡ་མཾ་སུན་བརྗེ་མ། འདི་ནི་བསུམ་པའི་སྡིག་ས།། ཕྱིས་ནི་ཛོ་ནི་སྟོང་གར་མི་ཡིག་བསམས་པར་བྱར།། ད་ཡོངས་གྱུར་པ་ལས་ཉི་མ་ད་ཀྱི་འཁོང་རྫོགས་པ་ཕྱོག།། དའི་སྟེང་དུ་ཆུབ་པ་འིས་ཟིན་ཉིམ་གའོ་བ་ལྟ་བུའི་འད་ཀྱུས་ལ། འདི་མི་འོད་ར ་གྱི་འོད་དཔག་ཏུ་མེད་པ་མཆོད་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱ་སྟེ། ཡང་རང་གི་ལུས་ལ་གཞུགོ། དེ་ཐམས་ཅད་ཡོངསུ་གྱུར་པ་ལས་སྐད་ཅིག་གིས་པདྨའི་སྟེང་དུ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་གནས་པ་ཕྱེ་བའི་སྤྱན་གསུམ ་པ་རལ་པའི་དབུ་རྒྱུན་འཆང་བ། མདོག་དམར་བ་རྡོ་རྗེས་མཚན་པའི་ཞུགས་པ་དང་ལྕགས་ཀྱུ་ཕྱག་ནའོ།། ས་གསུམ་གྱི་རང་བཞིན་ལུག་གཉིས་ཞགས་པས་བཅིངས་པ་དེའི་སྟེང་ན་ཞུགས་པ་སྣ་ཚོགས་པའི་སྤྲུལ་པོ་འཆང་ཞིང་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིས་དབང ་བསྐུར་བ་རབ་ཏུ་སྦྱིན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྒྱན་སྣ་ཚོགས་དང་ལྡན་པས་མཆོད་པར་བྱེད་པ། རིག་པ་འཛིན་པ་དང་། ཁྱབ་འཇུག་དང་། བདེ་བྱེད་དང་། ཚངས་པ་དང་། སྣ་ཚོགས་པའི་རྣལ་འབྱོར་མའི་ཚོགས་ཀྱི་གར་དང་རྡུང་དཀྲོལ་ལ་སོགས་པས ་བྱེད་པ་སྣ་ཚོགས་ཀྱིས་འབྱུང་པོའི་ཚོགས་པ་ལ་སོགས་པས་སྣ་ཚོགས་ཀྱིས་མི་མགོ་དང་ཀེང་རུས་ལ་སོགས་པས་བརྒྱན་པ་དེ་བཞིན་དུ་སྣ་ཚོགས་ཀྱིས་གདུགས་དང་རྔ་ཡབ་ལ་སོགས་པ་བལྟ་བར་བྱའོ།། དེ་ལྟ་བུའི་དུས་དེ་བཞིན་གཤེག་པ་འོད་དཔག་མེད་པ་སྤྱི ་བོར་བལྟ་བར་བྱ་སྟེ། འདི་ལྟ་བུའི་བདག་ཉིད་བསམས་པར་བྱའི།། ཕྱིས་ནི་ལྟེ་བའི་སྟེང་དུ་ཉི་མའི་དཀྱིལ་འཁོར་འོད་ཀྱིས་རང་བཞིན་བསམས་ལ། དེའི་སྟེང་དུ་གཡོན་ཕྱོགསུ་ནུས་པའི་ས་བོན་སྙིང་གར་ཁྲོ་བོའི་ས་བོན་དབྱངས་ཡིག་ཨཿས་བརྒྱན་པ་ཞེས་བྱ ་པ་ནི་བསྒོམས་པོའི་སྔགས་སོ།། འདི་ཐམས་ཅད་བསམ་ནས་རྡོ་རྗེའི་བདག་ཉིད་ཀྱི་སྔགས་བརྗོད་པར་བྱས་ལ། རྡོ་རྗེའི་བདག་ཉི་བསམ་པར་བྱའོ།། ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨང་མ་ཀོ་ཧཾ། རྡོ་རྗེའི་བདག་ཉིད་ཀྱི་སྔག་སོ།། འདི་ཡང་གོམས་པའི་སྦྱོར་བས་འདར་བ་དང ་གཡོ་བས་དབབ་པར་བྱས། གཉིསུ་མེད་པའི་ཡེ་ཤེས་སྐྱེ་བར་འགྱུ་རོ།། འདི་ལྟ་བུའི་རྣལ་འབྱོར་ནི་གླང་པོ་ཆེ་སྨྱོན་པ་ད་ལྟར་མྱོས་བྱེད་ཀྱི་ཆུ་ཡིས་མྱོས་པ་བཞིན་དུ་རིགས་ལྔ་ལོངས་སྤྱོད།། གལ་ཏེ་རིགས་ལྔ་ལ་མི་སྤྱོད་པ་དེའི་ཚེ་དེའི་ལུས་ལ་འདར་བ་དང་གཡོ ་བ་བ་ལ་སོགས་པ་དང་འབབ་པ་གཉིསུ་མེད་པའི་ཡེ་ཤེས་མི་གནསོ།། དེ་ལྟར་རྟོགས་པ་བྱས་ནས་རིགས་པ་ལྔ་ལ་སྨད་དེ་དེས་ནི་འགྲུབ་པར་འགྱུར་རོ།། གྲུབ་པར་གྱུར་ནས་གཞན་གྱི་ལུས་ལ་ཡང་གཡོ་བ་དང་འདར་བས་དབབ་པ་བྱས་ལ་འདོད་ཆགས་དང ་ཞེསྟེ་ལྔ་སོགས་པ་དགག་པར་མི་བྱའོ།། ཇི་ལྟར་གྲུབ་པའི་དངུལ་ཆུས་ཕུག་པའི་ཟངས་མའི་ནག་པོ་ཡངས་བཞིན་དུ་ལུས་པ་ཉིད་གཉིས་མེད་ཀྱིས་རོ་ཡི་ཕུག་ན་འདོད་ཆགས་དང་། ཞེ་སྡང་ལ་སོགས་པ་སྤྱོད་པར་འགྱུརརོ།། ཧྲི་ཧཱུཾཿཿབཟླས་པའི་སྔགསོ།། ་ཨོཾ་ཧྲིཿཿཧཱ་རི་ཏ་ཡི་ཀྵེ་ཤ་རེ་སྭཱ་ཧཱ། ཨཾ་ཨཾ་ཀྲྀ་ཧི་སོ་ཀ་ལ་ག་ཎ་ནི་ད་བཱི་རཱི་ཤྲཱི་ཎེ་པ་རི་ཀེ་རེ་ཨ་ཨ་ཨ་བ་ཏ་རེ་མཏྟ་བ་ཤི་དི་ཀ་ལོ་ཀ་པཱ་ལ་ཨི་དམ་པ་ལི་གྷྲི་ཏཱ་གྷྲིན་ཧཱུཾ་སྭཱཧཱ། གཏོར་མའི་སྔག་སོ།། ཁམས་གསུམ་དབང་དུ་བྱེད་པའི་སྟན་རས་གཟིགས་དབང་ཕྱུག་གི་སྒྲུག ་ཐབས་སློབ་དཔོན་ས་ར་ཧཱས་མཛད་པ་རྫོག་སོ།། པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ཁམས་པ་ལོ་ཙྪ་ཚ་བ་དགེ་སློང་བ་རིས་བསྒྱུར་བའི།། རྒྱ་གར་སྐུད་དུ། ཤྲཱི་ཛ~ཾ་བྷ་ལ་སཱ་དྷ་ནཾ། བོང་ས་། དཔལ་གནོད་གནས་ཀྱི་སྐུ ་