CLOSE WINDOW

GT2193: u rgyan nas byung ba'i rig byed ma'i sgrub thabs
Wyliee-texts produced with BDRC’s OCR application

བཟླས་ནས་གསུམ་པ་དབང་དུ་བྱེ་།། ལྷ་མོ་རིག་བྱེད་མའི་སྒྲུབ་ཐབས་རྫོགས་སོ།། པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ཁམས་པ་ལོ་རྦྷུ་བ་དགེ་སློང་བ་རིས་སྒྱུར་བའོ།། ། རྒྱ་གར་སྐད་དུ། ཨ་ཌི་ཡཱ་ན་བི་ནི་རག་ཏཤྭ་རཱ་ཀུ་ཝ་སཱ་དྷཱ་ན། བོང ་སྐད་དུ། ཨུ་རྒྱན་ནས་བྱུང་བའི་རིག་བྱེད་མའི་སྒྲུབ་ཐོབས། འཕགས་མ་རིག་བྱེད་མ་ལ་ཕྱག་འཚལོ།། དང་པོར་རེ་ཞིག་བསྒོམ་པའི་དང་པོར་དྲི་ཞིམ་པོ་རྣམས་པ་ལྔས་སའི་ཕྱོགས་གཅིག་བྱུགས་ལ། རྟུལ་ཞུགས་དང་ལྡན་པས་དགའ་བའི་སེམས་ཀྱིས་མཉམ ་པར་ཞག་པས་འཇམ་པའི་གདན་ལ་ཉེ་བར་གནས་ལ། དེ་ནས་ཕྱིས་ནི་རང་གི་སྙིང་གར་རམ་ཡོངསུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་འོད་འབར་བའི་ཕྲེང་བའི་རྣམ་པ་འཁྲུགས་པའོ།། དེའི་ལྟེ་བར་ཧྲིཿདམར་པོ་རྣམ་པར་བསམ་མོ།། དེ་ནས་ཧྲིཿལས་ངེས་པར ་འབྱུང་བའི་འོད་ཟེར་གྱི་དྲ་བས་ཕྱོགས་བཅུ་ན་ཉེ་བར་གནས་པའི་སེམས་ཅན་གྱི་ཁམས་གསལ་བར་བྱས་ཏེ། དཔལ་རིག་བྱེད་མའི་གཟུགསུ་ཉེ་བར་གནས་པར་བྱས་ལ་ཡང་འོད་ཟེར་དེ་ཉིད་ཕྱིར་འོངས་ཏེ། དེ་ཉིད་ལ་ཞུགས་པས་འོད་ཟེར་གྱི་དྲ་བ་རྣམ་པར་བསྒོམས་པར ་བྱའོ། དེ་ནས་ཕྱིས་ནི་མདུན་གྱི་ན་མཁའ་ལ་བརྒྱད་གཉིས་ལོན་པའི་རྣམ་པ་མགོ་སྐྱེས་ཁམས་པ་གྱེན་དུ་བགྲེང་བ། ཐོད་པ་རྣམ་པ་ལྔ་དབུལ་འཆང་བ། རོལ་ཞོན་པ་མོགོའི་ཕྲེང་བས་དོ་ཤལ་བྱས་ཤིང་དཀྱིལ་དཀྲུང་ཕྱེད་པའི་གར་གྱིས་གནས་པ་ཅུང་ཞིག་མཆེ་བ་གཙིགས་པའི ་ཞལ་དེ་ལྗགས་འདྲིལ་བ་འཁོར་ལོ་དང་། རྣ་ཆ་དང་། མགུལ་བརྒྱན་དང་། དཔུང་བརྒྱན་དང་། སྐ་རགས་དང་། རྐང་བརྒྱན་གྱིས་བརྒྱན་བྱས་པ། སྟག་གི་ལྤགས་པའི་ཤམ་ཐབས་ཅན། གཡོན་དུ་བྱས་པའི་སྤྱན་གསུམ་པ་ནི་ཟླུམ་ཞིང་། དམར་ལ་གཡོ་བ། འོད་དཔག ་མེད་པའི་དབུ་བརྒྱན་ཅན། ཕྱག་བཞི་པ། རྣ་བའི་བར་དུ་བཀང་བ། ཨུད་པ་ལ་དམར་པོའི་མདེའུ་ཅན་གྱིས་མདའ། མེ་ཏོག་དམར་པོའི་གཞུ་བཀང་ཞིང་བསྣམས་པའོ།། ཕྱག་ལྕག་མ་གཉིས་ན་མེ་ཏོག་དམར་པོ་ལས་བྱས་པའི་ལྕགས ་ཀྱུ་དང་། ཨུད་པ་ལ་དམར་པོ་བསྣམས་པའི་རྣམ་པར་བསམས་པར་བྱའོ།། འདི་ཉིད་མཆོད་པའི་དོན་དུ་རང་གི་སྙིང་ཁའི་ཉི་མའི་དཀྱིལ་འཁོར་ལ་གནས་པ་ཧྲིཿལས་བྱུང་བའི་མཆོད་པ་རྣམ་པ་ལྔ་མེ་ཏོག་དང་། བདུག་པ་དང་། མར་མེ་དང་། དྲི་དང་། ལྷ་བཤེས་ལ ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ།། མཆོད་ནས་མཆོག་གི་སྙིང་རྗེ་ཆེན་པོའི་རྣལ་འབྱོར་པས་གུས་པས་བཏུད་ཅིང་ལུས་ལ་སོགས་པའི་ཕྱག་བྱའོ།། དེ་ནས་གང་ཞིག་བྱེད་དུ་བཅུག་པ་དང་། བདག་གིས་བགྱིས་པ་དང་། རྗེ་སུ་ཡི་རང་བ་འདི་དང་བཅོམ་ལྡན་འདས་མའི ་མངོན་སུམ་དུ་བཤགས་པ་བྱའོ།། དེའི་རྗེསུ་འཁོར་བའི་རྒྱ་མཚོར་ལྷུང་བའི་སེམས་ཅན་གྱི་ཁམས་སྒྲལ་བའི་ངོ་བོ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་རྣམ་པར་གཟུང་ངོ་།། དེ་ནས་ཚངས་པའི་གནས་བཞི་བསྒོམ་པར་བྱའོ།། དེའི་སྟོང་པ་ཉིད་བསྒོམས་ཏེ། སྔགས་འདིས ་སེམས་ཙམ་དུ་ལྷག་པར་གནས་པ་བྱའོ།། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨད་མ་ཀོ་ཧཾ་ཞེས་བྱ་བས་སེམས་བྱིན་གྱིས་བརླབས་ལ། དེའི་རྗེ་སུ་ན་མཁའི་ཕྱོགསུ་རམ་ཡོངསུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་འབར་བ་བསྟན་པའི་རྣམ་པར་བསྒོམས་པར་བྱའོ།། དེའི ་སྟེང་དུ་ནག་པ་ཡོངསུ་གྱུར་པ་ལས་སྣ་ཚོགས་ཀྱི་རྡོ་རྗེའི།། ར་བ་དང་། གུར་བཅིངས་པ་དང་། རྡོ་རྗེའི་ས་བཞི་བསྒོམས་པར་བྱའོ།། ཞེས་པ་ནི་བསྲུང་བའི་འཁོར་ལོལོ།། དེ་ནས་དབུསུ་ཨེའི་རྣམ་པར་བྱེད་པའི་ལྷ་མོ་རྫས་ཀྱིས་ཆོས་འབྱུང་གི་ཡེ་ཤེས་མདོག་པ། ་བོའི་རྣམ་པར་བསྒོམ་པར་བྱའོ།། དེའི་དབུས་ཧྲཱི། དམར་པོ་ལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱུད་པའོ།། དེའི་སྟེང་གི་ཟེ་འབྲུ་ལ་རམ་ཡོངསུ་གྱུར་པ་ལས་ཉི་མའོ།། དེའི་སྟེང་དུ་རོ།། ཡང་དེའི་སྟེང་དུ་ཡོང་སུ་རྫོགས་པའི་ཟླ་བ་དཀར་པོ། མཚན་སུམ་ཅུ་རྩ་གཉིས་ཏུ ་བདག་ཉིད་དོ།། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་དཔེ་བྱད་བཟང་པོ་བརྒྱ་ཅུའི་ངོ་བོ་ཉིད་ཁ་དོག་དམར་པའོ།། དེ་ཉིད་ཀྱིས་ད་སུ་ཧྲིཾཿདམར་པོར་ཡོངསུ་གྱུར་པ་ལས་ཨུད་པཱ་ལྔ་དམར་པོའི་མདོའུ་ཅན་གྱི་མདབ་མ་ལ་རང་སེམས་གཞུག་པར་རྣམ་པར་བསྒོམས་པར་བྱའོ།། བྱིས་ནི་ཐ་བ་ས ་ཉི་མ་དང་མངའ་གཅིག་ཏུ་གྱུར་པ་ལས་དེ་ཉིད་སྔོན་བཞིན་གྱིས་བདག་ཉིད་ཀྱི་རིགས་བྱེད་མའི་གཟུགསུ་རྣམ་པར་བསྒོམས་པར་བྱའོ།། རྣམ་པར་བསྒོམས་ནས་རང་གི་སྙིང་ཁར་རམ་ལས་ཉི་མའི་དཀྱིལ་འཁོར། དེའི་ལྟེ་བ་ལ་ཡང་ཧྲཱིཿཡིག་ཡང་བསྒོམས་པར་བྱའོ།། དེ་ལས་བྱུང་བའི ་འོད་ཟེར་གྱིས་མགོན་པོ་འོད་དཔག་མེད་པ་བཀུག་ཅིང་སྤྱན་དྲངས་ལ། གསང་པོ་དང་། ཙིག་ཤོས་ཀྱིས་མཆོད་པར་མཆོད་ལ། དབང་བསྐུར་བར་གསོལ་བ་གདབ་པར་བྱའོ།། དེ་ལ་འདི་ནི་གསོལ་བ་སྟེ། མགོན་པོ་འོད་དཔག་མེད་པ་ཁྱེད་ཀྱི་བདག་ལ་དཔུང་བསྐུར་དུ་གསོལ་ཞེས་པའོ།། དེ ་ནས་མགོན་པོ་འོད་དཔག་མེད་པ་དེ་ཡིད་རང་གི་སྙིང་ག་ལས་བདུད་རྩི་རྣམ་པ་ལྔས་གང་བའི་བུམ་པ་ལྔ་སྤྲོས་པའི་རྣམ་པར་བསྒོམས་པར་བྱའོ།། དེ་ནས་བདུད་རྩི་རྣམ་པ་ལྔ་གང་བའི་བུམ་པ་དེས་མངོན་དུ་ཁྲུས་བྱའོ།། ཁྲུས་བྱས་ནས་རང་གི་སྙིང་ཁར་བུམ་པ་གཞུག་གོ།། དེ་ལ ་གཞུག་ནས་རྣལ་འབྱོར་པའི་མགོ་ལ་མགོན་པོ་འང་དཔག་མེད་པ་བསྒོམ་པར་བྱའོ།། ཐུན་མཚམས་གསུམ་དུ་བསྒོམ་ཞིང་བཟླས་པ་བྱའོ།། དེ་ན་སྔགས་ནི་ཨ~ཾ་ཀུ་རུ་ཀུ་ལླེ་ཧྲི་སྭཱ་ཧཱ། ཙན་དན་དམར་པོའི་ཁྱད་པར་དུ་བཟླས་པ་བྱའོ།། ཨོཾ་ཨཱཿཧཱུཾཿཞེས་བྱ་བས།། ཁ་བྱིན་གྱིས་བརླབ་པ ་ནི་དགོད་པའོ།། གཞན་ཡང་སྔགས་པས་སྐྱེས་པའམ་བུད་མེད་དབང་དུ་བྱ་བར་འདོད་པས་དཀར་པོ་ཕྱོགས་ཀྱིས་ཆེས་གཅིག་ནས་བརྩམས་ཏེ་ཐུན་མཚམས་གསུམ་དུ་ཁྲི་ཆོ་གཅིག་ཉི་མ་རེ་ཞིང་བཅོམ་ལྡན་འདས་མའི་གཟུགས་དམིགས ་ལ་གོས་དམར་པོས་རོ་སྨད་དང་ལུས་ལ་དཀྲིས་ལ་དེའི་རྗེས་སུ་རང་གི་སྟོང་ཁར་ཉི་མ་ལ་གནས་པའི་ཧོཿདམར་པོ་ཡོངསུ་གྱུར་པ་ལས་པདྨོ་དམར་པོ་འདབ་མ་བརྒྱད་པ། སྐྱེས་གནས་ཀྱི་བར་དུ་སོན་པའི་སྡོང་བུའི་རྣམ་པར་བསྒོམ་པར་བྱའོ།། དེའི་འདབ་མ་རྣམསུ་བུང་བ ་བརྒྱད། བརྒྱད་པའི་མཐའི་མཐའ་དབྱངས་ཡིག་དེ་ཡོངསུ་གྱུར་པ་ལས་བུང་བ་བརྒྱ་དོ།། ཤིན་ཏུ་དགའ་བ་དང་རྒྱས་པ་དང་ཁྲོས་ཤིང་ཆགས་པ་ནི་གོ་རིམས་བཞིན་དུ་ཡོངསུ་བརྗོད།། རང་གི་སྣའི་རླུང་གི་བསྐུལ་ཏེ། འཕུར་ནས་གཡས་པ་ལས་གཞན་ཅིག་ཤོས་ཀྱི་སྣའི་ཁུ ་བུ་ནས་བྱུང་སྟེ། སྒྲུབ་བྱའི་གཡས་པའི་སྣ་བུག་ནས་ཞུགས་ནས་དགའ་བས་བུར་བཏུབ་ཅིང་ཉམས་པར་བྱས། དབྱངས་ཡིག་དང་པོ་ལ་སོགས་པ་བརྒྱད་ཅུང་ཞིག་དམར་བ་དང་ལྡན་པའི་འདབ་མ་གཞིག་པར་བྱའོ།། འདི་ལྟར་ལྟ་བར་བྱེད་པའི་རྣལ་འབྱོར་པས་ཕྱིས་ནི་རྣ་བའི ་དུ་བཀང་བའི་ཨུད་པ་ལའི་མདེའུ་དང་ལྡན་པའི་མདའ་འཆང་བ་ལ་ལྟ་བ་དང་ལྡན་པའི་སྔགས་པས་ཟེ་འབྲུ་སོ་སོར་རྟོགས་པར་བྱའོ།། དེ་ནས་བུང་བ་དེ་དབུགས་ཀྱི་བསྐུལ་ཏེ། གཡོན་པའི་སྣ་བའི་བུ་ག་ནས་བྱུང་ནས་དབྱངས་ཡིག་རེ་རེ་བླངས་ཤིང་ཁྱེར་ནས་རྣལ་འབྱོར་པའི ་རྣ་བུག་གཡས་པ་ནས་ཞུགས་ཏེ། རང་གི་སྙིང་གར་རང་དང་གཞན་གྱི་ཡེ་ཤེས་གཅིག་པའོ་ངོ་བོ་ཉིད་དུ་བྱའོ།། དེ་ནས་ཨུད་པ་ལ་ཡིས་སྐེ་བ་ནས་བཅིངས་ཏེ་སྐེ་ནས་ལྕགས་ཀྱུས་ཕུག་ཅིང་མདའི་དྲ་བའི་རྣམ་པར་བསམས་ནས་དབང་དུ་འགྱུརརོ།། མགལ་མའི་འཁོར་ལོ་གནས ་པའི་སྒྲུབ་བྱ་བསམས་པར་བྱའོ།། སྒྲུབ་པ་པཾ་ནི་སྔགས་གཟུགས་གྱིས།། གདམ་ངག་དག་ནི་ངེས་བྱས་ལ།། རྟག་ཏུ་དགའ་བས་སྔགས་བཟླས་བྱ།། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿེ་མོ་ཀཱི་མི་བ་ཤ་མ་ན་སྭཱཧཱ། མ་ལུས་པར་འདི་ཡང་ཉིན་དང་མཚན་དུ་བྱའོ།། དེ་ནས་མྱོས ་པོར་གྱུར་ནས་འོང་བར་འགྱུརརོ།། སྔགས་ཀྱིས་བསྐུལ་ནས་སྐྲ་གྲོལ་བ་གོས་མེད་པ་འདོད་པས་ནོན་པ། དེ་ཐོབ་ནས་རང་གི་ལྷག་པའི་ལྷའི་རྣལ་འབྱོར་གྱིས་དཀྱིལ་འཁོར་མཆོད་པར་བྱའོ།། དངོས་གྲུབ་རྒྱ་ཆེན་པོ་གང་གིས་གཞོམ་པར་མི་ནུས་པའི་དབུ་བརྒྱན་ནས་འབྱུང ་བའི་ལྷ་མོ་རིགས་བྱེད་མའི་སྒྲུབ་ཐབས་རྫོགསོ།། ། པཎྜི་ཏ་དོན་ལོང་རྡོ་རྗེ་དང་། ཁམས་པ་ལོ་ཙ་བ་དགེ་སློང་བ་རིས་བསྒྱུར་བའོ།། ཨཱིཾ།། ། རྒྱ་གར་སྐད་དུ། ཏྲཻ་ལོཀྱ་བ་ཤཾ་ཀ་ར་ལོ་ཀེ་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། ཁམས་གསུམ་དབང་དུ་བྱེད ་