CLOSE WINDOW

GT2192: lha mo rig byed ma'i sgrub pa'i thabs
Wyliee-texts produced with BDRC’s OCR application

གྲུབ་ཀྱིས་མཛད་པ་རྫོག་སོ།། ། པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ཁམས་པ་ལོ་ཙྪ་བ་དགེ་སློང་བ་རིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཀུ་རུ་ཀུ་ལླེ་སཱ་བྷ་ནཾ། བོད་སྐད་དུ། ལྷ་མོ་རིག་བྱེད་མའི་སྒྲུབ་པའི་ཐབས། འཕགས་མ་རིག ་བྱེད་མ་ལ་ཕྱག་འཚལོ།། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཧྲིཿཡིག་ལས་སྐྱེས་པའི་ཨུཏྤ་ལ་དམར་པོ་དབུསུ་ཧྲཱིཿས་བོན་བསམས་ལ། དེ་ཡོངསུ་གྱུར་པ་ལས་འཕགས་མ་རིག་བྱེད་མ་མདོག་དམར་བ་པདྨ་དམར་པོ་དང་ཟླ་བའི་གདན་དང་འོད་ཀྱི ་དཀྱིལ་འཁོར་དམར་བའོ།། སྣ་ཚོགས་དམར་པོའི་ན་བཟའི་སྟོང་གཡོགས་ཅན་མ།། འོད་དཔག་མེད་པས་དབུ་བརྒྱན་ཅིང་། ཕྱག་བཞི་པ། རྩ་བའི་ཕྱག་གཉིས་ན། ཨུད་པ་ལ་དམར་པོའི་མདེའུ་ཡིས་རྣམ་པར་མཛེས་པ་དང་ལྡན་པའི་མདའ་རྣ་བའི ་ར་དུ་བཀང་བའི་མེ་ཏོག་གི་གིཞུ་བསྣམས་པའོ།། གཡོན་པ་སྡོང་བུ་དང་བཅས་ཤིང་ཁ་བྱེ་བའི་ཨུད་པ་ལ་དམར་པོ་བསམས་ཤིང་། གཡས་པ་ན་མཆོག་སྦྱིན་པའོ།། སྒེག་པའི་རོ་ཆེན་པོ་དང་ལྡན་པ། བལྟས་པ་ལ་ཡེ་ཤེས་སེམས་དཔའ་དང་གཅིག ་ཏུ་བྱས་ལ། རང་གི་ལུས་ཀྱི་འོད་དམར་པོའི་ལྕགས་ཀྱུས་བཀུག་པའི་ལྷ་དང་ལྷ་མ་ཡིན་དང་། བྱ་ཁྱུང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གནོད་སྦྱིན་དང་། སྐྱེས་པ་དང་། བུད་མེད་བརྒྱ་སྟོང་ལ་སོགས་པའི་ཚོགས་ཤིན་ཏུ་གུས་པས་ལུས་བཏུང ་ཅིང་མཆོག་ཏུ་དབང་དུ་འགྱུར་བར་ཕྱོགས་བཅུར་ཡང་དག་པར་བལྟེ་བར་བྱའོ།། ཨོཾ་ཀུ་རུ་ལླེ་ཧྲིཿསྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱི་བཟླས་པ་འབུམ་ཕྲག་ཅིག་ནས་བརྩོམས་ཏེ། ཇི་སྲིད་བཅོམ་ལྡན་འདས་མ་མངོན་དུ་གྱུར་གྱིས་བར་དུ་བྱའོ།། གཞན་ཡང ་ཁ་ཅིག་ཏུ་དབང་དུ་བྱེད་པར་འདོད་ན་ཇི་སྐད་གསུངས་པའི་རྣལ་འབྱོར་གྱིས་ཚོགས་འབུམ་ཕྲག་གཅིག་བྱས་ལ་གུས་ཤིང་བཏུད་པའི་ལྷ་དང་ལྷ་མ་ཡིན་ལ་སོགས་པའི་དབུསུ་གནས་པའི་རང་ལུས་ཀྱི་འོད་ཀྱི་ཟེར་ལྕགས་ཀྱུས་སྒྲུབ ་བྱ་བཀུག་ལ་མདུན་དུ་ཡང་དག་པར་གཞག་ལ་རང་གི་སྙིང་གར་ཨུད་པ་ལ་དམར་པོ་འདབ་མ་བཅུ་དྲུག་པ། དེའི་སྙིང་གར་རྣམ་པར་བསམས་ལ། འཕགས་མ་ཡན་ལག་མེད་པའི་རྡོ་རྗེས་གསུངས་པའི་རིམས་པས་བུང་པ་ལྕགས་ཀྱུ་ལྟ་བུར་བསྒོམས་ལ། དེའི ་མམིང་གི་ཡི་གེ་རང་གི་སྙིང་ཁའི་སྔགས་ཀྱི་དམར་པོར་གནན་ནས་དེ་བཞིན་དུ་མདའ་ཉིད་ཀྱི་སྙིང་ཁར་ཕུག་པས་འདོད་ཆགས་ཆེན་པས་བརྒྱལ་ཞིང་ཡང་སྡོང་བུས་རྐང་པ་གཉིས་བཅིངས་ཨུད་པ་ལའི་ཞགས་པས་ཀྱང་སྐེ་བ་ནས་བཙོངས་ཏེ། ཡང་དག་པར ་བཀུག་པ་ལ་རང་གི་རྐང་པ་གཉི་སུ་ལྟུང་བའོ།། གལ་ཏེ་སྐྱེས་བུ་ཡིན་ན་ལྕགས་ཀྱུས་སྙིང་ཁ་དབུགས་པའོ།། བུད་མེད་ཡིན་ན་ནི་ཆོས་འབྱུང་ནས།། ཨོཾ་ཀུ་རུ་ཀུ་ལླེ་ཆེ་གེ་མོ་འམ་ཆེ་གེ་མོ་ཨ་ཀཪྵ་ཡ་ཧྲིཿསྭཱ་ཧཱ། ཞེས་བྱ་བའི་སྔགས་བཟླས་པ་བྱའོ།། སྒྲུབ་བྱ་ཁུག ་ནས་སྔགས་དེ་ཉིད་བསྟན་དུ་གནས་པའི་ཆེ་དུའོ།། བ་ཤོ་མ་ན་ཡ་ཞེས་བྱ་བ་དང་སྤེལ་ཞིང་བཟླས་པ་བྱའོ།། བརྒྱ་བཟླས་པས་ཐུན་མོང་གིས་སྐྱེས་པ་དང་བུད་མེད་ཀྱི་ཚོགས་དང་། རྒྱལ་པོ་དང་བློན་པོ་དབང་དུ་འགྱུར།། ཁྲི་བཟླས་ན་འཇིག་རྟེན་ཐ་མལ་པོ་རྣམསོ།། ། ་འབུམ་ཕྲག་གིས་རྒྱལ་པོའོ།། འབུམ་ཕྲག་བདུན་གྱིས་ལྷ་དང་ལྷ་མ་ཡིན་གྱི་བུ་མོ། བྱེ་བས་ནི་བྱ་ཁྱུད་དང་གང་པོ་ཆེ་ལ་སོགས་པའི་བཟང་པོའོ།། ཕྱུགས་དང་ཐུན་མོང་གིས་ཕྱུགས་རྣམས་ཀྱང་ངོ་།། གུས་པས་རྒྱུན་མ་ཆད་པར་དུས་རིང་པོས་དཔག་ཏུ་མེད་པ ་བཟླས་ནས་གསུམ་པ་དབང་དུ་བྱེ་།། ལྷ་མོ་རིག་བྱེད་མའི་སྒྲུབ་ཐབས་རྫོགས་སོ།། པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ཁམས་པ་ལོ་རྦྷུ་བ་དགེ་སློང་བ་རིས་སྒྱུར་བའོ།། ། རྒྱ་གར་སྐད་དུ། ཨ་ཌི་ཡཱ་ན་བི་ནི་རག་ཏཤྭ་རཱ་ཀུ་ཝ་སཱ་དྷཱ་ན། བོང ་