CLOSE WINDOW

GT2191: rtog pa las gsungs pa'i lha mo rig byed ma'i sgrub pa'i thabs
Wyliee-texts produced with BDRC’s OCR application

སྒྲུབ་ཐབས་རྫོགས་སོ།། ། པཎྜི་དོན་ཡོད་རྡོ་རྗེ་དང་།། ཁམས་པ་ལོཙྪ་བ་དགེ་སློང་བ་རིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཀ་ལ་པཱ་རྡ་ཀུ་རུ་ཀཱ་ལེ་སཱ་དྷ་ནཾ། བོད་སྐད་དུ། རྟོག་པ་ལས་གསུངས་པའི་ལྷ་མོ་རིག་བྱེད ་མའི་སྒྲུབ་པའི་ཐབས། འཕགས་མ་རིག་བྱེད་མ་ལ་ཕྱག་འཚལ་ལོ།། གང་ཞིག་དྲིན་པ་ཙམ་གྱིས་ནི།། ལྷ་དང་ལྷ་མིན་མིར་བཅས་པ།། ངེས་པར་ཅི་གྱིས་བྱེད་པ་ཡི།། སྒྲོན་མ་དེ་ལ་ཕྱག་འཚལ་ལོ།། དང་པོར་རེ་ཞིག་སྔགས་པས་ཡོད་དང་རྗེསུ ་འཐུན་པའི་གནས་བུད་མེད་ཀྱི་སྐྱེ་བོ་དང་ཚོགས་པ་ལ་སོགས་པས་དབེན་པར་ནང་པར་བསྟན་བདེ་བ་ལ་འདུག་སྟེ། རང་གི་སྙིང་གར་དབྱངས་ཡིག་དང་པོ་ཡོངསུ་གྱུར་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། འོད་ཟེར་དང་བཅས་པའི་ཡི་གེ་ཧྲཱིཿས་བོན ་བྱུང་བའི་འོད་བར་དམར་པའི་ཚོ་གས་ཀྱིས་འགྲོ་བ་གསལ་བར་བྱ་བའི་མངོན་དུ་གྲོ་བའི་རིག་བྱེད་མའི་རིག་པ་གནས་པའི་རིག་བྱེད་བཅོམ་ལྡན་འདས་མ་བསྐུལ་ནས། སྤྱན་དྲངས་ནས་མདུན་གྱི་ནམ་མཁའ་ལ་ཡང་དག་པར་བལྟས་ཏེ། སྡི་ཁྭའི་ས་བོན་གྱིས ་འདི་ལས་སྤྲུལ་པའི་མེ་ཏོག་དང་སྤོས་ལ་སོགས་པའི་མཆོད་པ་སྣ་ཚོགས་ཀྱིས་མཆོད་པར་བྱའོ།། དེའི་རྗེས་ལ་ཕྱག་བཙལ་བ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེ་སུ་ཡི་རང་བ་དང་། བསྔོ་བ་དང་། གསུམ་ལ་སྐྱབསུ་འགྲོ་བ་དང་། བྱང ་ཆུབ་ཏུ་སེམས་བསྐྱེད་པ་སྔོན་དུ་འགྲོ་བས་དཀོན་མཆོག་གསུམ་ལ་སྐྱབསུ་འཆི།། སྡིག་པ་ཐམས་ཅད་སོའི་སོ་བཤགས།། འགྲོ་བའི་བསོད་ནམས་རྗེས་ཡི་རང་།། སངས་རྒྱས་བྱང་ཆུབ་ཡིད་ཀྱི་གཟུང་།། ལནི་གསུམ་གྱིས ་བབར་དུ་བརྗོད།། དེ་ནས་ཚངས་པའི་གནས་བཞི་བསྒོམ་པ་སྔོན་དུ་འགྲོ་བས་ཆོས་ཐམས་ཅད་སྟོང་པ་རྣམ་པར་ཉིད་བསྒོམ་པར་བྱའོ།། དེ་བྱིན་གྱིས་བརླབས་པའི་སྔགས་བརྗོད་པར་བྱའོ།། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཏྨ་ཀོ་ཧཾ་ཞེསོ།། དེ་ནས་འགྲོ་བ་སྡུག་སྔལ ་མཐའ་དག་ལ་སྙིང་རྗེ་བསྒོམ་ལ། རང་གི་སེམས་ས་བོན་གྱིས་གཟུགསུ་བལྟས་ཏེ་དེ་ཡོངསུ་གྱུར་པ་ལས་ཨུཏྤ་ལ་དམར་པོའི་སྟེང་དུ་དབྱངས་ཡིག་ཡོངས་སུ་གྱུར་པའི་ཟླ་བ་ལ་གནས་པའི་ས་བོན་གྱིས་འོད་ཟེར་རྣམས་ཀྱི་སྔོན་བཞིན་དུ་འགྲོ་བ་སྣང་བར་བྱ ་ཏེཏེ། དེ་བཞིན་གཤེགས་པ་བྱེ་བ་དཔག་ཏུ་མེད་པ་རྣམས་བསྐུལ་ཏེ། སྤྱན་དྲངས་པ་སྙིམ་པར་བྱ་སྟེ། དེ་ལ་ཨུཏྤ་ལ་ལ་སོགས་པ་ཡོངསུ་གྱུར་པ་ལས་སྐུ་མདོག་དམར་པོ་པདྨ་དམར་པོ་དང་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པ་ན་བཟའ་དམར་པོ་བསྟོད་གཡོགས ་བྱས་པ་འོད་ཟེར་དམར་པོ་དང་ལྡན་པ་རིན་པོ་ཆེའི་བརྒྱན་པ་དང་ལྡན་པ། དབུ་རྒྱན་དང་ལྡན་པ་ཕྱག་བཞི་པ། གཡས་པས་མི་འཇིགས་པ་སྦྱིན་པ། གཉིས་པས་མངའ་འགེངས་པ། གཡོན་པས་རིན་པོ་ཆེའི་གཞུ་འཛིན་པ། གཉིས་པས་ཨུཏྤ་ལ་དམར་པོ་འཛིན་པ ་འོད་དཔག་ཏུ་མེད་པའི་དབུ་བརྒྱན་ཅན། རིག་བྱེད་མའི་རི་ཕུག་ནི་གནས་པའི་སྒྲ་གཅན་གྱི་མགོ་ལ་གནས་པའི་ཆུང་མ་དང་བཅས་པའི་འདོད་པའི་ལྷའི་སྟེང་ན་གནས་པ། སྐྲག་པ་ལ་སོགས་པའི་ཉམས་འཕེལ་བ་དང་ལྡན་པ། དང་པོའི་ལང་ཚེ་དང་ལྡན་པའི ་རིག་བྱེད་མར་བསྒོམ་པར་བྱའོ།། དེ་ལྟར་དམ་ཚིག་སེམས་དཔའ་བསྐྱེད་ནས་སླར་ཡང་སྐད་ཅིག་ཙམ་གྱིས་ཡེ་ཤེས་སེམས་དཔའ་མདུན་དུ་བཀུག་ལ་མཆོད་དེ། དམ་ཚིག་ཕྱག་རྒྱས་ཞལ་ནས་བཞུགས་པར་བྱའོ།། དེ་ལ་དམ་ཚིག་གི་ཕྱག་རྒྱ་ནི་འདི་ཡིན ་ཏེཏེཐལ་མོ་སྦྱར་ལ་གུང་མོ་གཉིས་རྩེ་མོར་བྱས་ལ་སྲིན་ལག་གཉིས་ནང་དུ་གཞུག། འཛུབ་མོ་གཉིས་གུང་མོའི་རྒྱབ་ཏུ་སྦྱར་ལ། མཐེབ་མོ་གཉིས་ཕྱེད་འོག་ཏུ་བྱས་ལ། དེ་ལྟ་བུའི་རྣམ་པའི་ཨུད་པ་ལའི་ཕྱག་བརྒྱའོ།། དེའི་རྗེསུ་བྱང་ཆུབ་རྡོ་རྗེ་ཕྱག་རྒྱ་སངས ་རྒྱས་ལ། མཆོད་ཆེན་ཇི་ལྟར་ཆེར་བྱིན་པ།། བདག་ལ་བསྲུངས་པའི་དོན་གྱི་ཕྱིར།། ནམ་མཁའ་རྡོ་རྗེ་བདག་ལ་གསོལ།། ཞེས་གསོལ་བ་བཏབ་ལ། དབང་སྐུར་རྡོ་རྗེ་ཆེན་པོ་ནི།། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ།། སངས་རྒྱས་ཀུན་གྱིས་གསོང་གསུམ་གྱིས ་གནས་ལས་བྱུང་བ་སྦྱིན་པར་བྱ་འདི་ལྟར་བརྗོད་པ་རྣམས་ཀྱིས་སངས་རྒྱས་ཀྱི་བཀས་སྤྱན་མ་ལ་སོགས་པས་དབང་བསྐུར་བས། དབུ་རྒྱུན་དུ་སྣང་བ་མཐའ་ཡས་བསྡམས་པར་བྱའོ།། དེ་ལྟར་བསྒོམས་ལ་བཟླས་པ་བྱས་ཏེ། སྦྱིན་པར་མ་ཡིན། བུལ་བར་མ ་ཡིན། མི་གསལ་བར་མ་ཡིན། ཕྱི་མོ་དམན་པར་མ་ཡིན། ཡང་དག་པ་མ་ཡིན་པའི་རྟོག་པ་སྤངས་ཏེ། ཨ~ཾ་ཀུ་རུ་གུ་ལླི་ཧྲཱིཿཧཱུཾ་སྭཱ་ཧཱ། དཾ་ལྟར་ཐུན་མཚམས་གསུམ་གྱི་གོ་རིམས་པས།། ཁུ་བཾ་དང་། ཤ་ཀར་ལ་སོགས་པའི་གཏོར་མ་སྦྱིན་པ་སྔོན་དུ་འགྲོ་བས ་གུས་པས་ཡུན་རིང་པོར་བསམ་གཏན་བརྟན་པོས་ཟླ་བ་དྲུག་ཏུ་བསྒོམས་པར་བྱས་ནས་གྲུབ་པའི་མཚན་མ་འབྱུང་བར་འགྱུརརོ།། དེ་ནས་ཟླ་བ་དང་པོ་ལ་ནད་ལ་སོགས་པའི་གནོད་པ་བརྒྱ་ཉེ་བར་འོང་བར་འགྱུརརོ།། གཉིས་པ་ལ་སྟོན་མི་ཡི་དུ་འོང་བ་མ་བསྲངས ་པར་རྙེད་པར་འགྱུར་རོ།། གསུམ་པ་ལ་གོས་སྣ་ཚོགས་རྙེད་པ་དང་བཞི་པ་ལ་སྔགས་ཀྱི་ས་རྩ་རྒྱུན་མི་འཆད་པར་རྙེད་པར་འགྱུར་བ་དང་། ལྔ་པ་ལ་རྣམ་པ་སྣ་ཚོགས་པའི་གཟུགས་ལ་སོགས་པའི་ཡོན་ཏན་གྱིས་བརྒྱན ་པའི་བུད་མེད་ཀྱི་ཚོགས་དང་ཕྲད་པ་རྙེད་པར་འགྱུར།། ཟླ་བ་དྲུག་པ་ལ་ཀླུ་དང་དྲི་ཟ་ལ་སོགས་པའི་བུད་མེད་མཛེས་མ་དང་ཕྲེད་པར་འགྱུར།། ཕལ་ཆེར་བཅོམ་ལྡན་འདས་མ་བསྒོམ་ན་བུད་མེད་རྣམས་ཀྱིས་འཚེ་བར་བྱེད།། དེ་ལ་བདུད་ཀྱི་ལས་འདི་རྣམ ་སྤངས་ཏེ། བཅོམ་ལྡན་འདས་མ་སྒོམ་པར་བྱེད་པས་ལ་དངོ་སུ་འམ། རྨི་ལམ་དུ་སྟོན་པར་འགྱུར་ཏེ། རལ་གྲི་དང་། སྨིག་སྨན། རྐང་པ་བྱུག་པ་དང་། མི་སྣང་བ་དང་། རིལ་བུ་དང་། དངུལ་ཆུ་དང་། བཅུད་ཀྱིས་ལེན་དང་མཁའ་སྤྱོད་དང་། ས་འོག་ལ་སོགས་པའི ་དངོས་གྲུ་བ་ལ་སོགས་པའི་དངོས་གྲུབ་འདོད་པ་རྣམས་གྲུབ་པར་བྱེད་དོ།། གལ་ཏེ་བསྟན་པར་མ་གྱུར་ན། སྔར་བརྗོད་པའི་ཕྱག་རྒྱ་བཅིངས་ཏེ། མཆེད་པ་དང་། གཏོར་མ་སྔོརུ་འགྲོ་བས་ཟླ་བ་དྲུག་གིས་བར་དུ་ཉའི་ནུབ་མོ་ཐོག་ཐག་ཏུ་བཟླས་པ་བྱའོ།། དེ་ནས་ཕྱག་རྒྱ ་འབར་སྟི་འགྲུབ་པར་འགྱུར་རོ།། ཕྱག་རྒྱ་དེས་ཚངས་པ་དང་དབང་པོ་དང་ཉེ་བའི་དབང་པོ་དང་། དྲག་པོ་དང་། སྲིད་མེད་ཀྱི་བུ་ལ་སོགས་པ་བཀུག་ནས་འོངས་ཏེ། ཕོ་ཉར་གྱུར་ནས་གྲུབ་པ་པོའི་འདོད་པ་རྫོགས་པར་བྱེད།། དེ་ནས་བཟུང་སྟེ་སྐྱེ་བ་དང་། རྒས་པ་དང་། ་འཆི་བ་དང་བྲལ་ཏེ་འཇིག་རྟེན་གྱིས་ཁམས་གཞན་དུ་སོང་སོང་ནས་དེ་བཞིན་གཤེགས་པ་རྣམས་མཐོང་། ས་དང་གཟུགས་ལ་སོགས་པ་ཐོབ་པར་འགྱུར་རོ།། འཕགས་མ་སྒྲོལ་མའི་རྟོག་པའི་རིམ་པ། ཀུ་རུ་ཀུ་ལླེའི་སྒྲུབ་ཐབས་སློབ་དཔོན་འཕགས་བཀྲུ ་གྲུབ་ཀྱིས་མཛད་པ་རྫོག་སོ།། ། པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ཁམས་པ་ལོ་ཙྪ་བ་དགེ་སློང་བ་རིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཀུ་རུ་ཀུ་ལླེ་སཱ་བྷ་ནཾ། བོད་སྐད་དུ། ལྷ་མོ་རིག་བྱེད་མའི་སྒྲུབ་པའི་ཐབས། འཕགས་མ་རིག ་