CLOSE WINDOW

GT2186: bgegs bskrad pa'i sgrub thabs
Wyliee-texts produced with BDRC’s OCR application

ལ་ཡིད་ཀྱིས་རྟག་པར་ཤིན་ཏུ་རབ་དགའ་བས།། ཡང་དག་གསུངས་པའི་ཚོགས་སེམས་ཅན་དོན་གྱི་རྒྱུ་ནི་སྔགས་འདི་ཡངསུ་བཟླས་པ་བྱ།། བསོད་ནམས་བསྡུ་བྱ་དགངས་པས་བྱེད་ན་བསམ་གཏན་རྩེགཅིག་ངེས་པ་གནས ་པས་སྤྱད་བྱ་སྟེ།། ཇི་སྲིད་འབུམ་ཕྲག་ཡོངསུ་མ་རྫོགས་པ་ནི་རྫོགས་འགྱུར་ནས་ནི་ལས་ཀྱི་རིམ་བཞིན་བྱ།། རྣམ་པ་ཐམས་དབུ་ནོ་མི་མཐུན་པའི་ཕྱོགས་ཉེ་བར་སོང་ཡང་དེ་ཉིད་བསམ་གཏན་བྱེད།། དཀར་པོ་ཆེ་གཅིག་ཉིད་ནས་ཤིན་ཏུ་མཛེས་པའི་ཡིད་ཀྱི ་ཇི་སྲིད་ཟླ་བོ་གནས་པའི་བར།། དེ་སྙེད་སྦྱར་བའི་སྐད་ཅིག་ནུབ་རེ་བཞིན་དུ་ཇི་སྙེད་ཟླ་བ་ཉ་བའི་བར་དུ་བྱ།། དེ་ཉིད་ཀྱི་ནི་རུབ་མོ་ཐུབ་པར་དཀའ་བོའི་ཚིགས་བཅང་མཁན་གྱིས་དངོས་གྲུབ་ཐོབ་པར་འགྱུར།། གང་ཞིག་དཔལ་ལྡན་ནག་པོས་རྒྱལ་པོ་དཔལ་ལྡན ་གཤིན་རྗེ་གཤེད་ཀྱི་རྒྱུ་དུ་གནས་བྱས་པ། དཔལ་དང་ལྡན་པའི་རྡོ་རྗེ་དབྱངས་ཅན་བཅོམ་ལྡན་འདས་མ་དེ་ནི་ཡང་དག་མཉེས་པའི་ཐབས།། སེམས་ཅན་རྣམས་ལ་ཕན་པའི་དོན་དུ་བདག་གིས་བྱས་པའི་བསོད་ནམས་ཡང་དག་གྱུར་པ་དེས།། དེས་ནི་འགྲོ་ཀུན་ནག་པོ ་ལྟ་བུར་ཐུབ་པར་དཀའ་བའི་ཚིགས་བཅད་མཁན་ནི་གྲུབ་པར་ཤོག། སངས་རྒྱས་རྣལ་འབྱོར་དཔལ་འཛིན་གྱིས།། དང་ལྡན་རྡོ་རྗེ་དབྱངས་ཅན་གྱི།། འཇོམས་བྱེད་མཐར་ནི་བྱེད་པ་ཡི།། སྒྲུབ་པའི་ཐབས་ནི་འདི་བྱས།། རྡོ་རྗེ་དབྱངས་ཅན་མཱའི་སྒྲུབ་པའི་ཐབས། སློབ་དཔོན ་དཔལ་གྱིས་མཛད་པ་རྫོགས་སོ།། ། པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་སོ།། ། རྒྱ་གར་སྐ། བིགྷྣ་སཱ་དྷ་ནཾ། བོད་སྐད། བགེགས་བསྐྲད་པའི་སྒྲུབ་ཐབས། བཅོམ་ལྡན་འདྲ ་བགེགས་མཐར་བྱེད་ལ་ཕྱག་འཚལ་ལོ།། དང་པོར་རེ་ཞིག་སྒྲུབ་པ་པོ་བདེ་བའི་གདན་ལ་འདུག་སྟེ། རང་གི་སྙིང་ག་པས་དམར་པོ་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་བསྒོམས་ལ། དེའི་སྟེང་དུ་ཧཱུཾ་སྔོན་པོ་རྣམ་པར་བསམས་ནས། ཧཱུཾ་གི་འོད་ལས་སྐྱེས་པའི་བགས ་མཐར་བྱེད་དང་། བློ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དམིགས་ལ། མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ། ཕྱག་འཚལ་བ་དང་། གསུམ་ལ་སྐྱབསུ་འགྲོ་བ་ལ་སོགས་པ་བྱས་ནས་སྟོང་པ་ཉིད་བསྒོམ་པར་བྱའོ།། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ ་ཨཱཏྨ་ཀཽ་ཧཾ། དེ་ནས་ཨཾ་དམར་པོ་ལས་སྐྱེས་པའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ངོ་།། དེ་ཡོངསུ་གྱུར་པ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་བསྒོམ་པར་བྱའོ།། ཧཱུཾ་གིས་འོད་ཀྱིས་བསྐུལ་བའི་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་པ་སྔོན་དུ་འགྲོ་བས་དེ་ཐམས་ཅད་ཡོངསུ་གྱུར་པ ་ལས་བདག་ཉིད་བགེགས་དགྲ་བསྒོམ་པར་བྱ་སྟེ། ཞལ་གཅིག་ཕྱག་གཉིས་པ། གཡོན་བརྐྱང་བའི་ཞབས་ཀྱིས་གནས་པ། མདོག་སྔོ་བ། ཕྱག་གཡོན་ན་སྡིགས་མཛུབ་དང་ཞགས་པ། གཡས་པ་ན་རྡོ་རྗེ་འབྱུང་ཞིང་འཇིགས་པར་བྱེད་པ། སྐུ་ཁམ་པ་གྱེན་དུ་བསྒྲེང་བའོ། ་དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀཱར་ཧཱུཾ་ཡོངསུ་གྱུར་པ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པའོ།། དེ་ལྟ་བུར་གྱུར་པའི་བགེགས་དགྲ་སྤྲོ་བ་དང་བསྡུ་བའི་གཟུགས་སྣ་ཚོགས་པདྨའི་སྟེང་དུ་ཉི་མ་ལ་གནས་པ་བསྒོམ་པར་བྱའོ།། དམ་ཚིག་ལ་སོགས་པའི་ཆོ་ག་སྔོན་དུ ་འགྲོ་བས་འདི་ལྟར་ཐུན་མཚམས་གཉིས་དང་གསུམ་དང་བཞི་ལ་སོགས་པར་བསྒོམ་པར་བྱའོ།། ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏྟ་ཧཱུཾ་བགེགས་དགྲའི་སྒྲུབ་པའི་ཐབས་རྫོགསོ།། ། པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ཁམས་པ་ལོ་ཙྪ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས། ་