| Wylie | e-texts produced with BDRC’s OCR application |
རྡོ་རྗེ་ཧཱུཾ་མཛད་ཀྱི་སྒྲུབ་པའི་ཐབས་རྫོག་སོ།། ། པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ཁམས་པ་ལོ་ཙྪ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། འཕགས་མ་རི་ཁྲོད་མེ་ལོ་མ་ཙན་ལྀ་ཕྱག་འཚའོ།། ་རི་ཁྲོད་མ་ལོ་མ་ཅན་གྱི་སྒྲུབ་པའི་ཐབས་བརྗོད་པར་བྱ་སྟེ། སྔོན་བཞིན་དུ་ཐམས་ཅད་བྱས་ལ་རང་གི་སྙིང་གར་པདྨ་དཀར་པོ་དང་ཟླ་བའི་དཀྱིལ་འཁོར་བ་སེར་པོ་ལས་སྐྱེས་པའི་རྡོ་རྗེ་ལྟེ་བ་ལ་ལ་མོ།། དེ་ཐམས་ཅད་ཡོངསུ ་གྱུར་པ་ལས་བཅོམ་ལྡན་འདས་མ་སྐུ་མདོག་སེར་བ་ཞལ་གསུམ་པ། སྤྱན་གསུམ་པ་ཕྱག་དྲུག་པའོ།། ཞལ་དང་པོ་གསེར་གྱི་མདོག་ལྟ་བུའོ།། གཡས་པ་དཀར་བ། གཡོན་དམར་བ། འགྱིང་ཞིང་རྒོང་པ། རྒྱན་ཐམས་ཅད་ཀྱིས་མཛེས་པ། ཤིང་ལོ་རྩེ་མོ ་གཤིབས་པའི་ཤམས་ཐབས་ཅན་ལང་ཚོགསར་ལ་བདེ་ཞིང་གྲིམས་པའོ།། གཡས་ཀྱི་ཕྱག་རྣམས་ན་རྡོ་རྗེ་དང་། དགྲ་སྟ་དང་། མངའ་རྣམས་སོ།། གཡོན་པའི་ཕྱག་ཏུ་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་། ཤིང་ལོའི་ཆུན་པོ་དང་གཞུ་བསྣམས་པ ་མེ་ཏོག་གིས་བཅིངས་པའི་རལ་པའི་ཅོད་པན་ལ་མི་བསྐྱོད་པ་འཆང་བའོ།། ཉི་མའི་དཀྱིལ་འཁོར་ཅན་མ་འོག་ཏུ་བགེགས་བསྒྱེལ་བ་ལ་པདྨ་དཀར་པོ་དང་། ཟླ་བའི་གདན་ལ་གཡོན་བརྐྱང་བའི་ཞབས་ཀྱིས་གནན་པ། གཡོན་པའི་ཁུ་ཚུར་གྱིས་སྡིགས ་མཛུབ་བྱས་པ་ནི་འོག་གི་བགེགས་ཀྱི་ཚེགས་སྐྲག་པར་བྱེད་པ། གཡས་པའི་ཁུ་ཚུར་གྱིས་རྡོ་རྗེ་འཕྱར་བའི་ཚུལ་གྱིས་བསྣམས་པ་སྟེ། ཕྱག་རྒྱ་འདི་ཡིས་སྙིང་ཁ་ལ་སོགས་པར་བསམ་པས་རྒྱས་གདབ་པའོ།། རང་གི་འོད་ཟེར་གྱིས་ཡེ་ཤེས་སེམས ་དཔའ་གཞུག་པ་ལ་སོགས་པ་སྐྱེད་ལ། ཉེ་བར་འཚེ་བ་ཐམས་ཅད་འཇོམས་པར་བྱེད་པ་བསམ་པར་བྱའོ།། དེ་ནས་སྔགས་བཟླས་པར་བྱའོ།། ཨོཾ་པི་ཤཱ་ཙི་པརྞ་ཤ་བ་རི་སརྦ་མཱ་ར་པྲ་ཤ་བ་ནཱི་སྭཱ་ཧཱ། དེ་ནས་ཇི་ལྟ་བ་བཞིན་དུ་གཤེགསུ་གསོལ་བ་ཇི་ལྟར ་བདེ་བསམ་གནས་པར་བྱའོ།། རི་ཁྲོད་ལོ་མ་ཅན་གྱི་སྒྲུབ་པའི་ཐབས་རྫོགས་སོ།། ། པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ཁམས་པ་ལོཙྪ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་པའོ།། ། ན་མོ་རཏྣ་ཏྲཱ་ཡཱ་ཡ། ན་མཱ་ཨི་མ་ཧཱ་ཐཱ་ཡ། ་