CLOSE WINDOW

GT2180: mi g.yo ba'i sgrub thabs
Wyliee-texts produced with BDRC’s OCR application

པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ཁམས་པ་ལོ་ཙ་བ་མེ་སྤོང་བ་རིས་བསྒྱུར་ཅིང་ཞུས་པའོ།། ། རྒྱ་གར་སྐད་དུ། ཨ་ཙ་ལ་སཱ་དྷ་ན། བོད་སྐད་དུ། མི་གཡོ་བའི་སྒྲུབ་ཐངས། གས་པ་མི་གཡོ་བ་ལ་ཕྱག་འཚ་ལོ།། ་པུས་མོའི་ལྷ་ང་སར་བཙུགས་པ།། གཡས་པའི་ཕྱག་ན་རལ་གྲི་བསྣམས།། དེ་ཡི་ཅིག་ཤོས་ཕྱག་ན་ནི།། ཁུ་ཚུར་སྡིགས་མཛུབ་ཞགས་པ་བསྣམས།། སྐུ་ལུས་མཁྲང་ཞིང་གྲིམས་པ་ལ།། གཏུམ་ཞིང་འབར་བ་གཏུམ་པའི་སྲན།། བགེགས་འཚོ་ས་མི་གཡོ་བ ་ཡིས་ནི།། སྲིད་པའི་བགེགས་རྣམས་ཞི་བར་མཛོད།། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་དང་།། བྱང་ཆུབ་སེམས་དཔའི་གཙོ་བོ་རྣམས།། དེ་ལ་རྣམས་པ་སྣ་ཚོགས་པའི།། མེ་ཏོག་ལ་སོགས་བློས་མཆོད་བྱ།། སྡུག་བསྔལ་རྣམས་ལས་བསྒྲུབ་པའི་ཕྱིར།། བདག ་ཉིད་ལུས་ནི་དབུལ་བར་བགྱི།། སྔགས་པས་དགེ་བ་སྤེལ་བའི་ཕྱིར།། སྡིག་པ་རྣམས་ནི་བཤགས་པར་བགྱི།། རྫོགས་སངས་རྒྱས་དང་བྱང་སེམས་ཚོགས།། སློབ་དང་མི་སློབ་སེམས་ཅན་གྱི།། བསོད་ནམས་རང་བཞིན་མེ་ལུས་པ།། དེ་ལ་རྗེ་སུ་ཡི་རང་བྱ།། དདོན ་མཆོག་གསུམ་ལ་སྐྱབསུ་འགྲོ།། རྫོགས་པའི་བྱང་ཆུབ་ངེས་པར་བསྟན།། ཚངས་པ་ཡི་ནི་གནས་བཞི་པོ།། རིམ་པ་ཇི་བཞིན་བསྒོམ་པར་བྱ།། མཚན་ཉིད་རང་བྲལ་སྟོང་པ་ཉིད།། རྒྱུ་དང་བྲལ་བས་མཚན་མ་མེད།། སྨོན་ལམ་ལས་ཀྱང་རྣམ་གྲོལ་བའི།། རང ་བཞིན་ཉིད་དུ་དངོས་པོ་བསྒོམ།། སྣ་ཚོགས་པདྨ་ཉི་དཀྱིལ་དུ།། ཡི་གེ་ཧཱུཾ་བྱུང་བཞུག་པར་བལྟ།། དཔའ་བོ་སྤྱན་གཉིས་དམར་བ་སྟེ།། ཕྱག་གཉིས་རིན་ཆེན་ཅོད་པན་ཅན།། མགོན་པོ་སྡིག་པ་མོད་ལ་སྤོང་།། ཇི་ལྟར་འདད་པ་ཡོངསུ་བསྐོར་།། ཟར་མའི་མེ་ཏོག་ལྟ ་བུའི་མདོག། སངས་རྒྱས་དྲི་མེད་འོད་ཟེར་འགྱེད།། ཡ་སོས་མ་མཆུ་རྣམ་པར་བཙིར།། རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན།། དཔལ་ལྡན་ཁྲོ་བོ་གཏུམ་པོ་ཆེ།། ཕྱག་ན་དྲག་ཤུལ་རལ་གྲིས་བྲལ།། གཡོན་ན་སྡིགས་མཛུབ་ཞགས་པ་སྟེ།། གཡོན་པའི ་པུས་མོ་ས་ལ་བཙུགས་འཇིག་པ་ཆེན་ཟུར་དམིག་ནི་ན། འདི་ར་བ་ཡ་ནི་འཛི་ལམས། ཡེ་ཤེས་སེམས་དཔའ་གཟིགས་བརྗིད་ཆེ།། དམ་ཚིག་སེམས་དཔའ་འདྲ་བར་ལྟ།། དེ་ཉིད་ཐུགས་ཀར་སྔགས་པ་ཡིས།། ས་བོན་མཚན་མར་ཡང་དག་ལྡན།། ཇི་སྲིད་མི་སྐྱོའི་བར་དུའོ། ་བསམ་གཏན་སྐྱོན་ལྷ་ཡི་ནི།། རྣལ་འབྱོར་ལྡན་པས་བཟླས་པ་བྱ།། དེ་ནས་གསུངས་པའི་དངོས་གྲུབ་ནི།། ཐེ་ཚོམ་མེད་པ་ཁོ་ནར་འཐོབ།། དེ་ལ་སྔགས་ཀྱི་རྒྱལ་པོ་ནི་འདི་ཡིན་ཏེ།། ཨོཾ་ཙཎྜ་མ་ཧཱ་རོཥ་ཎ་ཧཱུཾ་ཕཊ། སྔགས་ཀྱི་རྒྱལ་པོ་ནི་ལན་ཅིག་བཟླས་པས ་སྡིག་པ་ཐམས་ཅད་བསྲེག་པར་འགྱུར་ཞིང་། ཐམས་ཅད་བསྲུང་བར་བྱེད་པར་འགྱུར་རོ།། འབྱུང་པོ་ལ་སོགས་པའི་གདོན་གྱིས་འཇིགས་པ་ལ་ཡུངས་ཀར་གྱིས་བརྡེགས་པས་གདོན་ཐམས་ཅད་འབྱེར་བར་བྱེད།། ཁམ་པོར་ལ་རྡོ་རྒྱས་ཀྱིས་བྲིས་ནས་སྒོ་ལྟག་ལ ་བཏེགས་ན། བྱིས་པ་གསར་དུ་བཙས་པ་སྲུང་བར་བྱེད།། སྤྲ་ཚིལ་གྱི་གཟུགས་སོར་བཞི་པའི་ཆ་དུ་བྱས་ནས་དེའི་སྙིང་གར་སྒྲུབ་བྱའི་མིང་དང་བཅས་པ་གྲོ་ག་ལ་མངོན་པར་བྲིས་ཏེ་བཅུག་ནས། དེའི་ཁ་ལ་ཚེརམས་བཙུགས་ན་ཕྱིར་རྒོལ་བའི་ཁ་ཕུར་བུས་བཏབ ་པར་འགྱུ་རོ།། རྐང་པ་ལ་གཙུགས་ན་འགྲོ་བ་དང་འོང་བ་རེངས་པར་འགྱུར་རོ།། སྙིང་གར་གཙུགས་ན་ཁྲོས་པ་ཞི་བར་འགྱུརརོ།། མིའི་རྗེ་ངར་གྱི་ཕུར་བུ་གང་དག་གི་མིང་ནས་སྨོས་ཏེ། ངའི་ལུས་ལ་བཏབ་ན་དེ་འཇིག་པར་འགྱུར་རོ།། དགྲ་བོའི་སྒོ་གར་སྦས་ན་བརླག ་པར་འགྱུར་རོ།། དུར་ཁྲོད་ཀྱི་ཐལ་བ་ལ་མངོན་པར་བསྔགས་ནས་དགྲ་བོའི་སྒོ་གླེགས་བམ་ལ་བཏགས་ན་སྐྱོད་པར་འགྱུར་རོ།། ལ་གྲི་ལ་མངོན་པར་བསྔགས་ནས་གཡུལ་དུ་ཞུགས་ན་རྒྱལ་བར་འགྱུར་རོ།། བྱ་བ་གང་ལ་འཇུག་པ ་ནི་གཏོར་མ་བཏང་ཏེ་འགྲུབ་པར་འགྱུརརོ།། བདག་གིས་བྲིས་ལས་གང་ཐོབ་པའི།། བསོད་ནམས་བྱང་ཆུབ་སྒྲུབ་བྱེད་པ།། ངེས་འདིར་འཇིག་རྟེན་མ་ལུས་པ།། རྫོགས་པའི་བྱང་ཆུབ་སྒྲིབ་བྱེད་ཤོག། གཏུམ་པོ་ཆེན་པོ་མི་གཡོ་བའི་སྒྲུབ་ཐབས་པྲ་བྷ་ཀ་ར་ཀི་རྟིས ་མཛད་པ་རྫོགས།། པཎྜི་ཏ་ངན་ཡང་རྡོ་རྗེ་དང་། ཁམས་པ་ལཙྪ་པ་དགེ་སླང་བ་རིས་བསྒྱུར་ཅིང་ནུས།། ། རྒྱ་གར་སྐད་དུ། ཙཎྜ་མ་ཧཱ་རོ་རཎ་སཱ་དྷ་ན། བོད་སྐད་དུ། ཏུམ་པོ་ཆེན་པོའི་སྒྲུབ་པའི་ཐབས། བཅོམ་ལྡན་འདས་པཎྜ ་