CLOSE WINDOW

GT218: 'jam dpal rdo rje'i sgrub thabs
Wyliee-texts produced with BDRC’s OCR application

བཅོམ་ལྡན་འདས་དཔལ་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལོ།། རེ་ཞིག་དང་པོར་ལྷ་མོ་རྣམས་ཀྱི་ཅང་ཏེའུའི་སྒྲས་བསྐུལ་པ་སྔོན་དུ་འགྲོ་བ་བསམས་ནས་ལངས་ཏེ། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི ་ཞབས་ལ་ལུས་དང་ངག་དང་ཡིད་ཀྱིས་གུས་པས་ཕྱག་འཚལ་ལོ་ཞེས་བརྗོད་དེ།། དེ་ཕྱག་འཚལ་བར་བྱའོ།། དེ་ནས་གདོང་ལ་སོགས་པ་བཀྲུས་ཏེ། སྒྲ་ལ་སོགས་དང་བྲལ་བའི་བསམ་གཏན་གྱི་ཁང་པོར་ཞུགས་ཏེ། བདེ ་བའི་སྟན་ལ་འདུག་ནས། གནས་དང་བདག་དང་རྣལ་འབྱོར་བསྲུང་བ་བརྩོན་པར་བྱ་སྟེ། གཡོན་པའི་སྡིག་མཛུབ་བསྒྲེང་བ་སྙིང་གར་བཞག་སྟེ། གནོད་མཛེས་ཀྱི་སྔགས་ཨོཾ་སུམྦྷ་ནི་སུམྦྷ་ཧུཾ་ཧུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧུཾ་ཧུཾ་ཕཊ ་ཨོཾ་གྲྀཧྞ་ཡ་གྲྀཧྞཱ་པ་ཡ་ཧུཾ་ཧུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོཿབྷ་ག་བྷིན་བཛྲ་རཱ་ཛ་ཧཱུཾ་ཕཊ་ཙསྭ་བརྗོད་དེ། ཤེར་ལ་སོགས་པའི་ཕྱོགསུ་དགོད་པར་བྱའོ།། དེ་ནས་རླུང་དང་མེའི་དཀྱིལ་འཁོར་ལྀ་གནས་པའི་པདྨ་དུམ་བུ་གཅིག ་པའི་ན~ཾ་ང་དུ་བི་མུ་རྀ་ཤུ་མ་རཱ། གོ་ཀུ་ད་ཧ་ན། ཞེས་བྱ་བ་སྟོབས་དང་བཅས་པའི་བདུད་རྩི་བལྟས་ལ། ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་པོས་སྦྱང་བར་བྱའོ།། ཡི་གཾ་ཨ་ལས་ནཱི་སད་པར་བྱས་ལ། ཨོཾ་གྱིས་འབྱོར་ཞིང ་གསལ་བར་བྱས་ནས། རང་གི་ལྕེའི་སྟེང་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་པོ་རྣམ་པར་བསྒོམས་ཏེ། སརྦྦ་ཏ་ཐཱ་ག་ཏཱ་ན་བིགྷྣ་བི་ཡ་སྭཱ་ཧཱ།། ཞེས་བྱ་བས་བཏུང་བར་བྱ་ཞེང་། དེ་ཉིད་ཀྱི་ལུས་ལ་བསྐུས་ནས། གནོད་སེམས ་དང་རྣམ་པར་འཚེ་བ་དང་། མེ་དགའ་བ་དང་། འདོད་པ་ལ་འདོད་ཆགས་པའི་གཉེན་པོར་གྱུར་པ་བྱམས་པ་དང་། སྙིང་རྗེ་དང་། དགའ་བུ་དང་། བཏང་སྙོམས་བསྒོམ་པར་བྱའོ།། དེ་ལྟར་གནས་དང་བདག་དང་རྣལ ་འབྱོར་བསྲུང་བ་བྱས་ནས། རང་གི་སྙིང་གར་ཡི་གེ་ཨ་ལས་བྱུང་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་མཐིང་ཤུན་ལྟ་བུའི་རྣམ་པར་བསྒོམས་ལ། དེའི་འོད་ཟེར་གྱི་ཚོགས་ཀྱིས་ལུས་དང་ཚོར་བ་དང་། སེམས་དང་ཆོས་དག་སྟོང ་པ་ཉིད་དུ་བསམས་ནས། མདུན་དུ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀཾ་འཁོར་དང་བཅས་པ་དང་སངས་རྒྱས་ཐམས་ཅད་དང་བླ་མ་བལྟ་བར་བྱའོ།། དེ་ནས་ཕྱི་ནང་གསང་བའི་མཆོད་པ་ཡིད་ཀྱིས་ཀྱང་བྱས་ལ། སྐྱབསུ་འགྲོ་བ་ལཾ ་སོགས་པ་བརྗོད་པར་བྱའོ།། དེའི་འོག་ཏུ་རྒྱུ་བ་དང་མི་རྒྱུ་བ་རང་གི་ལུས་དང་ལྷན་ཅིག་སྟོང་པར་བསྒོམ་པར་བྱའོ།། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲཱི་སྭ་བྷོ་བ་ཨཱཏ་མ་ཀོ་ཧཱི། དེ་ནས་སེམས་གཅིག་པུ་སྨོན་པ་དང་། འཇུག་པའི་བདག་ཉིད་ཅན ་བསོད་ནམས་ཀྱི་ཚོ་གོས་བསགས་པ། རྣམ་པ་སྣ་ཚིགསུ་སྣང་བའི་རང་བཞིན་དེ་ཉིད་ཀྱིས་སོ།། བགེགས་འབྱུང་བར་ངོགས་ན། ཡི་གེ་ཨོཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ།། ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ ་བསྒོམས་ལ།། དེའི་འོད་ཟེར་གྱི་ཚོགས་ཀྱིས་བགེགས་ཐལ་བར་གྱུར་པར་བསམས་ཏེ། རྡོ་རྗེའི་ར་བ་དང་། རྡོ་རྗེའི་བླ་བྲེ་དང་། རྡོ་རྗེའི་རང་བཞིན་ཅན་གྱི་ས་གཞིར་བྱིན་གྱིས་བརླབ་པའི་བར་དུའོ།། རྡོ་རྗེའི་ར་བ་དིར་ཆོས་འབྱུང་གི ་ཕྱག་རྒྱ་ཆེན་པོ་བསྒོམ་ཞིང་དེའི་ནང་དུ་འཇུག་པའི་སེམས་ནཱ་ད་ཙམ་བལྟས་ལ། འོག་ཏུ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ལྟ་བུ་རྡོ་རྗེ་གཉིས་མཚན་པ་དང་། དེའི་སྟེང་དུ་རཾ་ཡོངས་སུ་གྱུར་པ་ལ ་མེའི་དཀྱིལ་འཁོར་གྲུ་གསུམ་རྡོ་རྗེས་མཚན་པ་དང་། དེའི་སྟེང་དུ་བཾ་ལས་གྱུར་པའི་ཆུའི་དཀྱིལ་འཁོར་དཀུར་པོ་ཟླུམ་པོ་རྡོ་རྗེས་མཚན་པ་དང་། དེའི་སྟེང་དུ་ལཾ་ལས་གྱུར་པའི་དབང་ཆེན་དཀྱིལ་ཝཾ་ཁ་གྲུ་བཞི་ཁཁེ་དག་སེར་པོ་ཛ ་རྗེས་མཚན་པ་བསམ་པར་བྱའོ།། དེའི་སྟེང་དུ་ཡི་གེ་སུཾ་ཡོངས་སུ་གྱུར་པའི་རཱི་རབ་རིན་པོ་ཆེ་སྣ་བཞིའི་པ་ལྡོག་བརྒྱད་ཀྱིས་ཉེ་བར་མཛེས་པ་དང་། དེའི་སྟེང་དུ་ཧཱུཾ་ལས་གྱུར་པའི་སྣ་ཚོགས་རྡོ་རྗེ་སྟེ། རི་རིབ་དང་འབྱུང་བའི ་ཡོངས་སུ་གྱུར་པ་ལས་རྡོ་རྗེར་གྱུར་པའི་སའི་ཆར་དུར་ཁྲོད་ཀྱི་དབུས་སུ་རིན་པོ་ཆེ་ཐམས་ཅད་ཀྱི་གཞལ་ཡསཽ་ཁང་སྒོ་བཞི་ལ་སོགས་པར་བལྟ་བར་བྱའོ།། དེའི་ནང་དུ་འཁོར་ལོ་གསུམ་དང་དབུས་སུ་པདྨ་འདབ་མ ་བརྒྱུད་པ་ཁཱ་དོག་སྣ་ཚོགས་པ་བལྟ་བར་བྱའོ།། ལྟེ་བྱིའི་སྟེང་དུ་དུས་མཚན་མ་དང་། འཇིགས་བྱེད་ཆེན་པོ་བལྟའོ།། དེའི་སྟེང་དུ་ཨཱ་ལི་ཀཱ་ལི་ལས་བྱུང་ཟླ་བ་དྲང་ཉི་མ་དང་། དེའི་སྟེང་དུ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ ་དམར་པོ་ཡི་གེ་ཧཱུཾ་གི་མགོན་དང་བཅས་པ་འོད་འཕྲོ་བའི་རང་བཞིན་ཅན་དེ་ཡོངས་སུ་གྱུར་པོ་ལས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྟོན་ཀའི་ཟླ་བའི་སྤྲིན་ལྟ་བུ། ཕྱག་དྲུག་ཞལ་གསུམ་སྤྱན་གསུམ་སྟེ། རིལ ་པའི་ཅོད་པན་གྱིས་སྤྲས་བྱ། ཟླ་བ་ཕྱེད་པས་ཉེ་བར་མཛེས་པ། ཐོད་པའི་ཕྲེང་བ་དག་གིས་བརྒྱན།། ཞལ་དཀར་སྔོ་དང་དམར་བྱ་དང་།། ཞལ་ནི་ཅུང་ཟད་རྣམ་བཞུད་པ།། རྡོ་རྗེ་དྲིལ་བུ་སྙོམས་པར་ཞུགས།། སྒེག ་པའི་རོལ་ནི་འཕྱོ་མཛད་པ།། སྒེག་པའི་སྐྱིལ་མོ་ཀྲུང་གིས་བཞུགས།། མཆུ་ཡིས་བཏུང་བའི་དྲེགས་པ་དགྱེས།། ཕྱག་རྒྱ་མཆོད་པ་ཁ་ཊྭཱཾ་ག། མི་མགོ་དང་ནི་རྩེ་གསུམ་འཆང་།། ལྷ་མོ་དེ་མདོག་ཕྱག་གཉིས་པ།། གྲི་གུག་དང་ནི ་བཟེད་བསྣམས།། རྡོ་རྗེ་སེམས་དཔའི་ཡང་དག་འཁྱུང་།། བདེ་པ་ཆེན་པོའི་གནས་ན་བཞུགས།། དེ་ནས་སྨོན་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སེམས་དཔའི་ཞལ་དུ་ཞུགས་པར་རྣམ་པར་བསམས་ལ། བྱང་ཆུབ་ཀྱི་སེམས ་འདོད་ཆགས་ཀྱི་མེས་ཞུ་བའི་གཟུགསུ་བལྟ་བར་བྱའོ།། དེ་ནས་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་སྤྲུལ་པའི་ལྷ་མོས་ཡོངས་སུ་བསྐུལ་བས་ཡི་གེ་ཧཱུ~ཾ་ལས་བྱུང་བའི་རྡོ་རྗེ་ཡི་གེ་ཧཱུཾ་གི་མགོན་དང་བཅས་པ ་འོད་ཟེར་གྱི་ཚོགས་རབ་ཏུ་འཕྲོ་གསངས་རྒྱས་ཀྱི་ཚོགས་ཀྱི་རང་བཞིན་དུ་གྱུར་པ་ལ་བདག་ཉིད་རྡོ་རྗེ་མཁའ་འགྲོའི་གཟུགས་ཅན་སྐུ་ལ་རྡོ་རྗེ་ཕག་མོས་འཁྱུད་པ། དཀྱིལ་འཁོར་གྱི་འཁོར་དང་ལྡན་པ་ཁྲོ་བོ་སྐུ ་མདོག་ན་མཁའ་ལྟར་སྔོ་བསངས་ཞལ་བཞི་པ། ཕྱག་བཅུ་གཉིས་པ་གཡས་བརྐྱང་བའི་བཞུགས་པས་དུས་མཚན་གནོན་པ་རྩ་བའི་ཞལ་སྔོ་བསངས། གཡོན་སེར་པོ།། རྒྱབ་པདྨ་རཱ་ག་ལྟར་དམར་བ། གཡས་ལྡེང་གྲུ ་མཆེ་བ་དང་བཅས་པས་འཇིགས་པར་མཛད་པ། སྨིན་མ་སེར་བ། དབུ་སྐྲ་གྱེན་ལ་བརྫེས་ལ་འབར་བ།། ཐོད་པའི་ཕྲེང་བའི་ཅོད་པན་ཅན་ཟླ་བ་ཕྱེད་པའི་ཐོང་ཅན་སྣ་ཚོགས་རྡོ་རྗེ་དབུ་རྒྱན་གྱིས་གནོན་པ། སྤྱན་བཅུ་གཉིས ་པ། འཁོར་ལོ་དང་། རྣ་རྒྱན་དང་། མགུལ་བརྒྱན་དང་། གདུ་བུ་དང་། སྐེ་རགས་དང་། མཆོད་ཕྱིར་ཐོགས་དང་ཐལ་པས་ཉེ་བར་སྤྲས་པ་སྟགཽ་གི་ཤམ་ཐབས་ཅན། མི་མགོ་རློན་པའི་ཕྲེང་བ་འཕྱང་བ་རྡོ་རྗེ་དང་དྲིལ་བུ ་བསྣམས་པའི་ཕྱག་གཉིས་ཀྱིས་འཁྱུད་པ། ཕྱག་གཞན་གཉིས་ཀྱིས་གླངོ་བོ་ཆེའི་པགས་པའི་གོས་འཛིན་པ། གཡས་ཌ་མ་རུ་དང་། དགྲ་སྟ་དང་། གྲི་གུག་དང་། རྩེ་གསུམ་པ་བསྙེམས་པ ་ག་ཡོན་ན་ཚངས་པའི་མགོ་བོ་དང་། ཞགས་པཱ་དང་། ཁ་ཊྭཱཾ་ག་དང་། ཀུ་པཱ་ལ་བསྣམས་པ་བལྟ་བར་བྱའོ།། ཕགྲ་མོ་ཞལ་གཅིག་པ་ཕྱག་གཉིས་པ། སྨན་གསུམ་པ། སྐུ་མདོག་དམར་མོ།། དུམ་བུས་བརྒྱན་པའི་སྐ་རགས ་ནནྡ།། བྱིན་པ་གཉིས་ཀྱིས་ཡང་དག་པར་འཁྲིལ་པ། བདེ་བར་ཆེན་པོའི་གནས་ནི་བཞུགས་པ་ཕྱག་གཉིས་ཀྱིས་འཁྱུད་པ། བདུད་སྡིགས་ཏྲོ་ཅན་ལ་སོགས་པའི་ཁྲག་གིས་བཀང་བའི་ཀ་པཱ་ལ་བསྣམས་པ། ཕྱག ་གཅིག་ནི་གྲི་གུས་བསྣམས་པ། ཡན་ལག་ཕྱག་རྒྱ་དྲུག་གིས་བརྒྱན་པ་བསྒོམ་པར་བྱའོ།། དེ་ལྟར་ན་བཅོམ་ལྡན་འདས་ནི་ཡང་དགེ་པའི་ཏིང་འཛིན་ཡིན་ནོ།། པདྨོའི་ཕྱོགས་ཀྱི་འདབ་མ་ལ་མཁའ་འགྲོ་མ་དང་། ཡིད ་འོད་མྦྷ་དང་། དུམ་སྐྱེས་མ་དང་། གཟུགས་ཅན་མ་ནི་གོ་རིམ་བཞིན་དུ་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། ཞལ་གཅིག་པ། ཕྱག་གཉིས་པ། རོའི་གདན་ལ་གཡོན་བརྐྱང་བས་བཞུགས་པ ་ཐོད་པ་དང་། ཁ་ཊྭཱཾ་ག་དང་། གྲི་གུག་བསྣམས་པ། ཐོད་པའི་འཕྲེང་བསྡུ་བརྒྱན་པ། ཐོད་པའི་འཕྲེང་བའི་ཅོད་པའི་ཅན་སྤྱན་གསུམ་པ་དབུ་སྐྲ་གྲོལཱི་བ། གཅེར་བུ་དུམ་བུས་བརྒྱན་པའི་སྐ་རགས་ཅན། ཕྱག་རྒྱ་ལྔ་འཆང་བ་སྟེ། ལུས་དྲན་པ་ཉེ ་བར་གཞག་པ་ནི་མཁའ་འགྲོ་མེའོ།། ཚོར་བ་དྲན་པ་ཉེ་བར་གཞག་པ་ནི་ཡིངྒ་འོད་མའོ།། སེམས་དྲན་པ་ཉེ་བར་གཞག་པ་ནི་དུམྱ་སྐྱེས་མའོ།། ཆོས་དྲན་པ་ཉེ་བར་གཞག་པ་ནི་གཟུགས་ཅན་མོའོ།། མཚམས་སུ་ནི་བྱང་ཆུབ་ཀྱི་སེམས ་ལ་སོགས་པའི་སྣོད་བཞིའོ།། རྣམ་པར་དག་པ་ནི་རྣམ་པར་ཐར་པ་བཞི་སྟེ། འདི་ལྟར་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེ་ད་པ་དང་། མངོན་པར་འདུས་མ་བྱས་པའི་མཚན་ཉིད་དོ།། དང་པོ་ཐུགས་ཀྱི་ལ་འཁོར་ལོ་རྩིབས ་བརྒྱད་པ་ཁ་དོག་སྔོན་པོ་རྡོ་རྗེ་དྲ་བས་བརྒྱན་པ། ཤར་དང་ལུས་ཀྱི་དཀྱིལ་འཁོར་མགོ་བོ་པུལླཱི་ར་མ་ལ་ཡ་ལ་ཐོད་པའི་དུམ་བུ་ཙུན་དང་། རབ་གཏུམ་མོ་སྟེ། འདུན་པོའི་རྫུ་འཕྲུལ་གྱི་རྐང་པའོ།། སེན་མོ་དང་སོ་ནི་ཐོད་པའི་དུམ་བུ ་ཅན་ནོ།། བྱང་དང་སྤྱི་གཙུག་ཛ་ལནྡྷ་ར་ལ་ནི་ཀང་རུས་ཆེན་པོ་དང་གཏུམ་པའི་མིག་ཅན་མ་སྟེ། བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པའོ།། སྐྲ་དང་སྥུ་ནི་ཀང་རུས་ཆེན་པོ་འོ།། ནུབ་དང་རྣ་བ་གཡས་པ་ཨུ་ཌྱན་ལ་ཀེང་རུས་དང་འོད ་ལྡན་མ་སྟེ། དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པའོ།། པགས་པ་དང་དྲི་མ་ལ་ནི་ཀེང་རུས་སོ།། ལྷོ་དང་མགོ་བོའི་རྒྱབ་ཨརྱཱ་ད་ལ་ནི་མཆེ་བ་གཙིགས་པ་དང་སྣ་ཆེན་མོ་སྟེ། སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པའོ།། ཤ་ལ་ནི་མཆེ་བ་གཙིགས ་པའོ།། ཏགནས་དེ་བཞིས་རབ་ཏུ་དགའ་བའོ།། མེའི་ཕྱོགས་དང་རྣ་བ་གཡོན་པཱ་གོ་དཱ་བ་རི་ལ་ནི་ཆང་དགྲ་དྲང་པརྟ་ན་པའི་བློ་ཅན་མ་སྟེ་དྲད་པའི་དབང་པོའོ།། རྩཝ་རྒྱས་ནི་ཆང་དཱ་གྲེ། འོ།། བདུན་བྲལ་གྱི་ཕྱོགས་དང་སྨིན་མྲའི ་དབུས་སུ་རཱ་མེ་ཤྭ་ར་ལ་ནི་འོད་དཔག་མེད་དང་མིའུ་ཐུང་མུ་སྟེ། བརྩོན་འགྲུས་ཀྱི་དབང་པོའོ།། རུས་པ་ལི་ནི་འོད་དཔག་ཏུ་མེད་པའོ།། རླུང་གི་ཕྱོགས་དང་མིག་དེ་བིབཱི་ཀོ་ཊི་ལ་རྡོ་རྗེའི་འོད་དང་ལངྒའི་དབང་ཕྱུག་མ་སྟེ། དྲིན་པའི་དབང ་པོའོ། མཁལ་མ་ལ་ནི་རྡོ་རྗེའི་འོད་དོ།། དབང་ལྡན་གྱི་ཕྱོགས་དང་ཕྲག་པ་གཉིས་མཱ་ལ་བ་ལ་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ་སྟེ། ཏིང་ངེ་འཛིན་གྱི་དབང་པོའོ།། སྙིང་རྗེ་ནི་རྡོ་རྗེའི་སྐུའོ།། ཉེ་བའི་གནས་ཏེ་ས་དྲི་མེད་པའི།། ཐུགས་ཀྱི ་འཁོར་ལོ་ནི་ནམ་མཁའ་ལ་རྒྱུ་བའོ།། གསུང་གི་འཁོར་ལོ་དམར་པ་པདྨའི་ཕྲེང་བས་བརྒྱན་པའི་ཤར་གྱི་རྩི་བྲས་དང་། མཱཆུན་ཁུང་ཀཱ་མ་རཱུ་པ་ལ་ནི་མྱུ་གུ་ཙྪིན་དང་ས་སྦྱང་སཱ་མ་སྟེ། ཤེས་རབ་ཀྱི་དབྲིང་པོའོ།། མིག་ནཱི་རྨྱ ་ཅན་ནོ།། བྱང་དང་ནུ་མ་ཨོཾ་དྲི་ལ་ནི་རྡོ་རྗེ་རལ་ཅན་དང་འཇིགས་བྱེད་ཆེན་མོ་སྟེ་དད་པའི་སྟོབས་སོ།། མཁྲིས་པ་ནི་རྡོ་རྗེའི་རལ་པ་ཅན་ནོ།། ཞིང་སྟེ་ས་འོད་བྱེང་པ་ཙན་ནོ།། ནུབ་དང་ལྟ་བ་ཏྲི་ཤ་ཀུ་ནེ་ལ་ནི་དཔའ་བོ་ཆེན་པོ ་དང་། རླུང་གི་ཤུགས་ཅན་མཱ་སྟེ་བརྩོན་འགྲུས་ཀྱི་སྟོབས་སོ།། གློ་བ་ནི་དཔའ་བོ་ཆེན་པོའོ།། ལྷོ་དང་སྣའི་དབང་པོ་ཀོ་ས་ལ་ལ་ནི་རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མ་སྟེ་དྲན་པའི་སྟོབསོ།། རྒྱུ་མ་ནི་རྡོ་རྗེ་ཧཱུཾ་མཛད ་དོ། ཉེ་བའི་ཞིང་སྟེ་ས་འོད་འཕྲོ་བ་ཅན་ནོ།། མེའི་ཕྱོགས་དང་ཁཱ་ཀ་ལཻངྒ་ལ་ནི་རབ་ཏུ་བཟང་པོ་དང་ལྷ་མོ་སྔོ་བསངས་མ་སྟེ་ཏིང་འཛིན་གྱི་སྟོབསོ།། གཉྫི་མ་ནི་རབ་ཏུ་བཟང་པོའོ།། བདེན་བྲལ་གྱི་ཕྱོགས་དང་མགྲིན་པ ་ལུམ་པཱ་ཀ་ལ་ནི་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ་ཤེས་རབ་ཀྱི་སྟོབསོ།། ལྟོ་བ་ནི་རྡོ་རྗེ་བཟང་པོའོ།། ཚན་ངོ་ཧེ་སྟེ་ས་ཤིན་ཏུ་སྦྱང་དཀའ་བའོ།། རླུང་གི་ཕྱོགས་དང་སྙིང་ག་ཀཉྩ་ལ་ནི་འཇིགས་བྱེད་ཚོན་པོ་དང་། རྟ་རྣ་མའོ།། ་ཏེ་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ།། ལྒངས་པ་ནི་འཇིགས་བྱེད་ཆེན་མོའོ།། དབང་ལྡན་གྱི་ཕྱོགས་དང་འདོམས་ཧཱི་མཱ་ལྀ་ཡི་ནི་མི་བཟང་དང་།། བྱཱ་གདོང་མ་སྟེ་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལགོ། འདོམས ་པར་ནི་མིགྲ་མི་བཟང་ངོ་།། ཉེ་བའི་ཚན་ངོ་ཧཱ་སྟེ་ས་མངོན་དུ་གྱུར་པའོ།། ས་ལ་རྒྱུ་བའོ།། སྐུའི་འཁོར་ལོ་དཀར་པོ་འཁོར་ལོའི་ཕྲེང་བས་བརྒྱན་པའི་ཤར་གྱི་རྩིབས་དང་མཚན་མ་པྲྀ་ཏ་པུ་རི་ལ་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགྶ ་ཅན་མ་སྟེ་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལགོ། བིད་ཀན་ནི་སྟོབས་པོ་ཆེན་པོའོ།། བྱང་དང་བཤང་ལམ་གྲྀ་ཧ་དེ་བ་ཏཱིར་རིན་ཆེན་རྡོ་རྗེ་དང་ཁཎྜ་རོ་ཧ་སྟེ། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལགོ། རྣག་ལ ་ན་རྡོ་རྗེ་མཆེན་ནོ།། འདུས་པ་ཙན་ཏྭེ་ས་རང་དུ་སོང་བའོ།། ནུབ་དང་བཱནྡྷ་གཉིས་སོ་ཊ་རཥྚ་ལ་དྷཱ་མགྲིན་དང་ཤོརྡྷ་ནི་སྟྭཾ། རྒྱས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལགོ།། ཁྱཱབ་ནཱ་ནྡྷ་མགྲིན་ནོ།། བྷྱོ་དང་བྱ ་བ་གཉྩི་ས་སུ་ཝཱརྞདཱི་པ་ཡ་ན་མཁའི་སྐྱེང་པོ་དང་།། འཁོར་ལོའི་བྷྱོ་རྒྷཱ་མ་སྟྭ~ཾ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ།། རྡུལ་ནི་ནམཁའི་སྙིང་པོའོ།། ཉེ་བོའི་འདུས་པ་ཙནྟ་ཏེ་ས་མི་གཡོ་བའོ།། མེའི་ཕྱོགས་ངོ ་ནང་བའི་སཽ་རྀ་སྲུ~ཾ་མཱ་ནཱཾ་གཱ་ར་ལ་དཔལ་ཧི་རུ་ཀཱ་དང་ཤཱནྡདྷཱ་དབ་མོ་སྱཱ། ཏ་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གིཎྜིཙྪ་ཡཱ་ནྟི་དབྷཱ་བ་ཧྲཱིཪྠ་ཀཱ།། བདེན་སྤྲུལ་མྦྷི་གས་དང་རྐང་བའི་བོ་ལ་སི་ཛྭ་ལཱ་པདྨ་གད ་དཔུང་ཕྱུག་དང་སྟོབས་ཆེན་མ་། ཡང་དགེ་པའི་ལྦུ་བ་ལཾ། མཚོ་མ་ནྟེ་པདྨ་གར་གྱི་དབྱུང་ཕྱུག་གོ།། རླུར་ཁྲོད་ངས་ལེགས་པའི་བློ་གྲོས་སོ།། རླུང་གི་ཕྱོགས་དང་མཐེ་བ་མ་རོ་ལ་རྣམ་པར་སྣང་མཛད་དཔེ་འཁོར་བྷྱོ་དྷཱི ་ས་བྱའི་དྷགྶ་པ་།། མཎྜལ་མན་ནུན་པར་སྨད་མཛུ་།། བྷྲྀང་རྫུན་གྱི་ཕྱོགས་པ་མྦུ་མོ་གྷསྱཻཀྵ་མ+Wཱ་རྗེ་སམྦྷས་ཥྚ་ང་སྦྱི་ན་འོགས་ལྡན་ནོ་ཡང་ས་པ་ར་། ཨཱ་སུ~ཾ་འཛི་པམས་ཕྱུང ་བང་དྲིང་གྲོང་ངས་ཆོས་ཀྱི་སྦྱིན་མོ། པ་འོག་ཏུ་འགྱུ་། དྲུགས་ཀྱི་འཁོར་ལོ་སྤྱི་མངས་ནིག་པོ་མཐུང་གི་འཁར་ལོ་ཧཱུ~ཾ་མི་ས་དཔེར་པོ། སྐུའི་འཐི་འི་སྐུ་མོངས་པ་པོ།། ཕྲེང་བའི་དྲམ་དུ་ལ་སོགས་པ་དཔའཡོན་པ ་གཅིག་ཕྱག་གཉིས་པ། རྡོ་རྗེ་དྲིལ་བུས་སྙོམས་པར་ཞུགས་པ། གཡས་བརྐྱང་བའི་བཞུགས་པ། རལ་པའི་ཅོད་པན་དང་ངར་དབྱངས་ཅན་ཕྱག་རྒྱ་ལྷ་འཆང་བའོ།། རག་ཏུ་གཏུམ་མོ་ལ་སོགས་པ་ནི་ཕྱག ་གཉིས་ཞལ་གཅིག་པ། ཀ་པཱ་ལ་དང་གདུག་པ་དང་། སྡིགས་མཛུབ་གྲི་གུག་བསྣམས་པས་འཁྱུད། སྤྱན་གསུམ་དྲག་པོའི་གཟུགས་ཅན་མ།། སྐྲ་གྲོལ་བས་ནི་རྣམ་པར་སྤྲོས།། གཉིས་མེད་སྤྱོད་པས་སྙོམས་པར་ཞུགས།། ནམ ་མཁའི་གོས་མན་བས་པ་ལ་གཞོལ།། ལྷ་མོ་ཕྱག་རྒྱ་ལྔ་འཆར་པ།། རྒྱན་རྣམས་ཀུན་གྱིས་བརྒྱན་པའོ།། ཤར་དང་བྱང་དང་ནུབ་དང་ལྷོའི་སྒོ་རྣམས་ལ། ཁྭ་གདོང་མ་དང་འུག་པའི་གདོང་ཅན་མ་དང་ཁྱིའི་གདོང་ཅན་མ་དང ་ཕག་གི་གདོང་ཅན་མའོ།། མེའི་ཕྱོགས་དང་བདེན་བྲལ་གྱི་ཕྱོགས་དང་རླུང་གི་ཕྱོགས་དང་། དབང་ལྡན་གྱི་ཕྱོགས་རྣམས་ལ་གཤིན་རྗེ་བསྟན་མ་དང་། གཤིན་རྗེ་ཕོ་ཉ་མོ་དང་། གཤིན་རྗེ་འཇོམས་མའོ།། ཇི་ལྟར་མཁའ ་འགྲོ་སོགས་འགྲོ་བ།། ཁྭ་གདོང་ལ་སོགས་ལ་སོགས་དབྱེ།། དེ་བཞིན་མཚོམས་གནས་ལྷ་མོ་ནི།། གཟུགས་གཉིས་ཡིད་ནི་འཕྲོག་པའོ།། ཡི་དགས་གདན་ནི་འཇིགས་བྱེད་པོ།། སེམས་ཅན་དོན་མཛད་པ་ལ་བརྩོན།། དཔ ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དཔྲལ་བ་ལ་རྡོ་རྗེའི་ཕྲེང་བའོ།། ལུས་ཀྱི་དཀྱིལ་འཁོར་ལ་ལག་པ་གཡོན་པའི་རྩེ་མོ་ལ་ཁྭ་གདོང་མ་སྟེ། ཡང་དག་པའི་ལས་ཀྱི་མཐའོ།། མཁྲིག་མ་ལ་ནི་འུག་གདོང་མ་སྟེ་ཡང ་དགྲ་པའི་འཚོ་བའོ།། ལག་པ་གཡས་པའི་རྩེ་མོ་ལ་ནི་ཁྱི་གདོང་མ་སྟེ། ཡང་དག་པའི་རྩོལ་བའོ།། མཁྲིག་མ་ལ་ནི་ཕྱག་གདོང་མ་སྟེ་ཡང་དག་པའི་དྲན་པའོ།། རྐང་པ་གཡས་པའི་རྩེ་མོ་ལ་ནི་གཤིན་རྗེ་བརྟན་མ་སྟེ། དགེ ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ངང་ཚུལ་ཅན་ནོ།། རྐང་པ་གཡོན་པའི་རྩེ་མོ་ལ་ནི་གཤིན་རྗེ་ཕོ་ཉ་མ་སྟེ། དགེ་བའི་ཆོས་སྐྱེས་པ་རྣམས་ཡང་དག་པར་བསྲུང་བའོ།། རྐང་པ་གཡས་པའི་ལོང་མོ་ལ་ནི་གཤིན་རྗེ་མཆེ་བཾ་སྟེ། ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བ་ཡང་དག་པར་སྒྲུབ་པར་བྱེད་པའོ།། རྐང་པ་གཡོན་པའི་ལོང་མོ་ལ་ནི་གཤིན་རྗེ་འཇོམས་པ་སྟེ། མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་ཀུན་ནས་མི་སྐྱེ་བར་བྱེད་པའོ།། སྙིང་གའི་པདྨའི་ལྟེ ་བའི་དབུས་སུ་བཅོམ་ལྡན་འདས་ཐིག་ལེའི་གཟུགས་ཅམོ། ཕྱོགས་ཀྱི་པདྨའི་འདབ་མྱ་ལ་མཁའ་འགྲོ་མ་ལ་སོགས་པ་བཞིའོ།། ལྟེ་བའི་པདྨ་ལ་ནི་རྡོ་རྗེ་ཕགྲ་མོ་ཕྱག་རྒྱ་ཆེན་པོའི་རོང་བཞོན་ནོ།། དེ་ལྟར་ཕྱི་དང་གསུང་བུའི ་དཀྱིལ་འཁོར་རོ།། ང་ནི་ཕུང་པོ་ལ་སོགས་པའི་རྣམ་པར་དག་པོ་སྟེ། གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་ངོ་།། ཚོར་བའི་ཕུང་པོ་རྡོ་རྗེ་ཉི་མའོ།། འདུ་ཤེས་ཀྱི་ཕུང་པོ་པདྨ་གར་གྱི་དབང་ཕྱུག། འདུ་བྱེད་ཀྱི་ཕུང་པོ་ནི་རྡོ་རྗེ ་རྒྱལ་པོའོ།། རྣམ་པར་ཤེས་པའི་ཕུང་པོ་ནི་རྡོ་རྗེ་སེམས་དཔེའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ནི་དཔལ་ཧེ་རུ་ཀའོ།། མིག་ལ་གཏི་མུག་རྡོ་རྗེའོ།། རྣ་བ་ལ་ནི་ཞེ་སྡང་རྡོ་རྗེའོ།། སཱ་ལ་ནི་ཕྲོག་དོག་རྡོ་རྗེའོ།། ཁ་ལ ་ནཱི་འདོད་ཆགས་རྡོ་རྗེའི་ལུས་ལ་སེར་སྐུ་རྡོ་རྗེའོ།། སྐྱེ་མཆེད་ཐམས་ཅད་ལ་ནི་དཔལ་ཧེ་རུ་ཀའི་དབང་ཕྱུག། སའི་ཁམས་ནི་ལྟུང་བྱེད་མཱའོ།། ཆུའི་ཁམས་ནི་གསོད་བྱེད་མའོ།། མེའི་ཁམས་ནི་འགུགས་བྱེད ་མའོ།། རླུང་གི་ཁམས་ནི་གར་གྱི་དབང་ཕྱུག་མའོ།། ན་མཁའི་ཁམས་ལྀ་ནི་རྣལ་འབྱོར་མའི་དྲ་བ་སྟེ།། དེ་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དགེ་ལྀ་ལྷ་ཉིད་ཀྱི་ང་རྒྱལ་བསྐྱེད་པར་བྱའོ།། དེ་ནས་མགོ་བོ་ལ་ཡི་གེ་ཨོཾ་གྱིསཽ་སྐུ ་བྱིན་གྱིས་བརླབ་པོ།། ལྐོག་མ་ལ་ནི་ཡི་གེ་ཨཱཿས་གསུང་བྱིན་གྱིས་བརླབ་པོ།། སྙིང་གཱ་ལ་ནི་ཡི་གེ་ཧཱུཾ་གིས་ཐུགས་བྱིན་གྱིས་བརླབ་པོ།། ལྐོག་མ་ལ་སྙིང་གའི་དབུས་སུ་ཡི་གེ་ཧས་ཡེ་ཤེས་སེམས་དཔའ་བྱིན་གྱི་བརླབ ་པོ་ཎཱདེ་དག་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུཾ་བས་མོ།། ཨོཾ་སརྦྦ་བཱི་ར་ཡོ་གཱི་ནི་ཀཱ་ཡ་བཱཀྩིཏྟ་བཛྲ་སྭ་བྷཱ་བཾ་ཨཱཏྨ་ཀོ་ཧཾ་ཛཿཧཱུཾ་བཾ་ཧོཿདེ་ནས་ཡེ་ཤེས?་སེམས་དཔའ་ལས་སྤྲོས་པའི་འོད་ཟེར་གྱི་ལྕགས་ཀྱུས་ཡེ་ཤོས་ཀྱི་དཀྱིལ ་འཁོར་སྤྱན་དྲངས་ལ། མདུན་དུ་བཞག་སྟེ་ཡང་དག་པར་མཆོད་ནས། དམ་ཚིག་གི་དཀྱིལ་འཁོར་ལ་བཅུག་ཅིང་མྱུར་དུ་རོ་གཅིག་པར་བྱའོ།། ཨོཾ་ཡོ་ག་ཤུདྡྷཿསརྦྦ་དྷརྨྨ་ཡོ་ག་ཤུདྡྷོ་ཧཾ། ཨོཾ་བཛྲ་ཤུདྡྷེ་སརྦྦ་དྷརྨཱ་བཛྲ་ཤུདྡྷོ་ཧཾ། ་སྙིང་ག་ལྀ་ཨོཾ་ཧ། རྡོ་རྗེ་སེམས་དཔའོ།། མགོ་བོ་ལ་ན་མ་ཧི་རྣམ་པར་སྣང་མཛད་།། སྤྱི་གཙུག་ལ་སྭཱ་ཧཱ་ཧུ་པདྨ་གར་གྱི་དབང་ཕྱུག། ཕྲག་པ་གཉིས་ལ་བོའུ་ཥི་ཊི་ཧེ་ཧེ་ཀུ་རུ་ཀའོ།། མིག་ལ་ཧཱུཾ་ཧཱུ~ཾ་ཧཾ་རྡོ་རྗེ་ཉི་མའོ།། ཡོན་ལག ་ཐམས་ཅད་ལ་ཕཊ་ཧཾ་རྟ་མཆོག་སྟེ་གོ་ཆའོ།། བཅོམ་ལྡན་འདས་དཔའ་བོའི་ཚོགས་དང་བཅས་པའི་གོ་ཆའོ།། ལྟེ་བ་ལ་ཨོཾ་བྱཾ་རྡོ་རྗེ་ཕག་མོའོ།། སྙིང་ག་ལཱ་ཧཾ་ཡཽ་ཐུན་མཚམས་མའོ།། ཁ་ལཱ་ཧཱི་མཱཾ་རྨོངས་བྱེད ་མའོ།། མགོ་བོ་ལ་ཧཱུ~ཾ་སྐྱོང་བྱེད་མུའོ།། སྤྱི་གཙུག་ལ་ཧཱུཾ་ཧཱུཾ་སྐྱུག་བྱིང་མའོ།། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་གཏུམ་མོ་སྟེ་གོ་ཆའོ།། རྣལ་འབྱོར་མ་ཐམས་ཅད་ལ་ཉིད་ཀྱིས་དགོང་པུར་བྱའོ།། མཛུབ་མོ་གཉིས་ལ ་མདུང་གུང་མོར་སྦྱར། མཐེ་བོང་རྡོ་རྗེ་བརྟན་པོར་སྦྱར།། དེ་ནི་དཔྲལ་བའི་དབུས་བཞག་ནས།། བཅུ་ཞིང་བསྐོར་བས་བསྐྱོད་པར་བྱ།། རྐང་པ་མིནན་ཅིང་སྟེང་དུ་བལྟ།། ཁ་ནས་ཡི་གེ་ཕེཾ་སྒྲོགས་ཤིང་།། ཕྱོགས་བཅུའི་ལོ ་ཀ་ཁམས་བཞུགས་པའི།། དཔའ་བོ་རྣལ་འབྱོརར་མ་རྣམས་དགུགས།། དེ་ནས་སྙིང་གའི་འོད་ཟེར་གྱིས་སྤྱན་དྲངས་པ་ནོ་མཁའི་དཀྱིལ་ཁེངས་པའི་དཔའ་བ~ཾ་དང་རྣལ་འབྱོར་མ་ཕྱག་ན་ཡེ་ཤེས་ཀྱི་བུམ་པ་བསྣམས ་པ་གླུ་དང་གར་དང་བཅས་པའི་མཆོད་པས་བདག་ཉིད་དབང་བསྐུར་བར་བསམ་པར་བྱའོ།། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ་དེ་ནས་རང་གི་རིགས་ཅོད་པོན་དུ་གྱུར་ཏོ།། དེ་ནས་དཔའ་བོ་དང་རྣལ་འབྱོར། ་མ་དེ་དག་ཐུགས་ཀའི་ས་བོན་གྱི་འོད་ཀྱི་ལྕགས་ཀྱུས་ཞལ་དུ་ཞུགས་ནས་ལྷ་མོའི་པད་མའི་དཀྱིལ་དུ་བྱང་ཆུབ་ཀྱི་སེམས་ཀྱི་གཟུགསུ་རབ་ཏུ་སྤྲོ་བར་བྱའོ།། དེ་ལས་བྱུང་བའི་ལྷ་མོ་རྣམས་ཀྱིས་དམ་ཚིག་གི ་འཁོར་ལོ་མཆོད་དེ་ལྷའི་བསྟོད་པའི་མཆོད་པས་བསྟོད་ཅིང་གོང་དུ་བསྟན་པའི་རིམ་པས་བདུད་རྩི་མྱང་བར་བྱའོ།། ལུས་ངག་ཡིད་ཀྱི་དམ་ཚིག་གྲི། སེམས་ནི་སེམས་ཀྱིས་ལེགས་མཚོན་པ།། ཀུན ་རྟོག་ཐམས་ཅད་སྤངས་ནས་ནི།། བསྒོམ་དང་ལྡན་པའི་བཟླས་པ་བྱ།། དུམ་ཚིག་མཆོག་གྲྀ་བཟླས་པ་ཡིསྱ།། དེ་ནས་གསོང་སྔགས་བརྗོད་པར་བྱ།། ཧཱསྐཱ་རཱྀ་བ་ཤཾ་ལ་ཛྙཱ་ནི་ཀི་ཌཱ་ཕྱ་ཧཱུཾ་ཧཱུཾ་ཀཻ་རུ་རུ་ཧེ་ཧྱེ་ཛཱ་བ་ཤྲཱི་ཨོཾ།། ཊཕཱ་ཧཱུཾ་ཧུཾ་ཧཾ་ཧཱ ་ཧཱུཾ་ཨོཾ། མགོ་བོའི་ལུགས་ལས་བཟློག་པའི་སྙིང་པོ་དང་། ཉེ་བའི་སྙིང་པོའི་ཊ་ཕ་ཧཱུཾ་ཧུཾ་ཡེ་ནཱི་ཙ་རོ་བཾ་ཛུ་བ་ཨོཾ། ཧཱ་སྥུ་ཊ་ཕ་ཧཱུཾ་ཧུཾ་ཡེ་ནཱི་ཎཱི་རྣ་བ་ཛ་བ་ཡཽ་ནཱི་ཀི་ཊ་དྷ་དབུ་ཎཱས་ཨོཾ། ལྷ་མོའི་སྙིང་པོ་དང་། ཉེ་བའི་སྙིང་པོའོ།། ་དཔའ་བོ་རྣལ་འབྱོར་མ་ཐམས་ཅད་ཀྱི་ནི་རང་གི་མིང་གི་ཡི་གེ་ཨོཾ་དང་ཧཱུཾ་གི་བར་དུ་ཆུད་པའི་ཡི་གེ་ཧཱུཾ་དང་ཕཊ་ཀྱི་མཐའ་ཅན་དག་ཡིན་ནོ།། དཔའ་བོ་རྣམས་ཀྱི་ནི་ཀ་ར་ཀཻ་ར་ལ་སོགས་པའི་དེ་ཁོ་ན་བཞིན་དུ་བཟླསོ།། བཟླས་པ ་ཡོངསུ་རྫོགས་ནས་ནི།། ཟླ་བའི་བཏུང་མཆོག་བཏུང་བར་བྱ།། ཆོས་རྣམས་ཀུན་གྱི་དེ་ངོས་མཉམ་ཉིད།། དམ་ཚིག་མཆོག་ཕྱིར་མཉམ་ཉིད་དོ།། ཆོས་རྣམས་བདག་མེང་ལམ་དུ་མེ། དཀྱིལ་འཁོར་མཆོག་ནི་གཞུག་པར་བྱ།། ཤེས ་རབ་ཕེ་རོལ་ཕྱིན་རྣལ་འབྱོར།། རྣལ་འབྱོར་ང་ལ་བས་སོསཽ་བ།། ཨཱ་ལི་ཀཱ་ལི་མཉམ་བྱས་ནས།། དེ་ལ་རེ་ཁཱ་ངེས་པར་སྦྱར།། གྱོན་དུ་སྤར་པའི་ཚུལ་ངག་གིས།། འོག་ཏུ་འབབ་པའི་རྒྱུ་ཡིན་ཕྱིར།། ཁུ་བའི་གཟུགས་ཀྱི་བདུད་རྩི་ནི།། ་ཐིག་ལེའི་གཟུགས་ཅན་འཛག་པར་འགྱུར།། སྣང་མང་གོ་འཕངས་ལ་གནས་ནས།། སྣང་མེད་མཉམ་པ་ཉིད་ལ་བརྟེན།། ཆོས་རྣམས་སྤྱོད་པ་མེད་པ་ལ།། ཆོས་རྣམས་ཆོས་ཉིད་དག་ཀྱང་མེད།། རྟེན་འབྱུང་ཆོས་རྣམས་ན་མཁའི ་འདྲ།། ངོ་བོ་ཉིད་མེད་མཚན་ཉིད་མེད།། དེ་ལྟར་དེ་ཉིད་གནས་གནས་ན། ཡེ་ཤེས་མྱིག་ནི་ཐོབ་པར་འགྱུར།། ལངས་པའི་དུས་ཀྱི་ཚེ་ན་ནི།། ཆོ་ག་བཞིན་དུ་གཏོར་མ་སྦྱིན།། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ།། ཧེ་ནི་རྒྱུ་སོགས་སྟོང་པ ་ཉིད།། རུ་ནི་བཀོད་པ་དག་དང་བྲལ།། ཀ་ནི་གྱང་དུའང་མི་གནས་པའོ།། རྣལ་འབྱོར་སེམས་ལ་ངལ་བསོ་བྱའི།། མྱ་ངན་འདས་ཉིད་མ་བསྟན་ཏོ།། འཕོ་བའི་ཚེ་ན་རྣལ་འབྱོར་པ།། དཔལ་ལྡན་ཧེ་རུ་ཀ་ལ་སོགས།། ལྷ་ཡི་རྣལ ་འབྱོར་མེ་དག་གིས།། ལག་ན་མེ་ཏོག་སྣ་ཚོགས་ཐོགས།། སྣ་ཚོགས་རྒྱལ་མོ་ཚུན་པ་དྲན་དང་།། རོལ་མོའི་སྒྲོ་ནི་སྣ་ཚོགས་དང་།། ཀླུ་ཡི་མཆོད་པ་སྣ་ཚོགས་ཀྱིས།། འཆི་བ་ཞེས་བྱ་རྣམ་རྟོག་འདི།། མཁའ་སྤྱོད ་གན་སུ་འཁྲིད་པར་བྱེད།། དཔལ་བཅོམ་ལྡན་འདས་ཀྱི་སྒྲུབ་ཐབས། རྡོ་རྗེ་སློབ་དཔོན་ཆེན་པོ་དཔལ་ཉིན་མོ་མཛད་པསུ་མཛད་པ་རྫོག་སོ།། ། རྒྱ་གར་གྱི་མཁན་པོ་ཤཱ ་སུ་བྷྱེ་ཏི་ཤནྟི་ངངོ་། ཞུ་ཆེན་གྱི་ལོ་ཙྪ་བེ་དགེ་སློང་ད་གེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། ་