CLOSE WINDOW

GT2175: shes rab kyi pha rol tu phyin ma'i sgrub thabs
Wyliee-texts produced with BDRC’s OCR application

རྒྱ་གར་སྐད། མཻ་ཏྲེ་ཡ་སཱ་དྷ་ནཾ། བོད་སྐདདུ། བྱམས་པའི་སྒྲུབ་པའི་ཐབས། རྒྱལ་བ་བྱམས་པ་ལ་ཕྱག་འཚལོ།། སྔོན་དུ་བསྟན་པ་ཐམས་ཅད་ཉིད་བྱམས་ལ་ཏཱཾ། ཀྱང་མེ་གི་ཡི་གེ་ཡོངསུ་རྫོགས་པ་ཡི། ཐུབ་པ་སྐྱེས་མཆོག་བྱམས ་པ་ནི།། ཞལ་གསུམ་ཕྱག་གསུམ་གྱིས་བརྒྱན་པ།། དེ་ཡི་འོག་ཏུ་པདྨ་སྟེ།། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ།། ཕྱག་བཞི་དག་གིས་རྣམ་པར་མཛེས།། ཆོས་སྟོན་པ་ཡི་ཕྱག་རྒྱ་ཡིས།། ཕྱག་གཉིས་དག་ནི་རྣ་བར་བརྒྱན།། གཡས་པའི་ཕྱག་ནི་གཉིས་པ་ན། ་མཆོག་སྦྱིན་སེམས་ཅན་སྐྱོང་བའོ།། གཡོན་ན་ལྷ་རྫས་ཡལ་ག་ནི།། ཀླུ་ཤིང་མེ་ཏོག་བཅས་པའོ།། སངས་རྒྱས་སྤྲིན་ནི་རབ་སྤྲོ་ཞིང་།། བྱང་ཆུབ་སེམས་དཔའ་དེ་བཞིན་འབར།། ཟླ་བའི་གདན་དང་དཀྱིལ་འཁོར་ཡང་།། དངོས་གྲུབ་མགོན་པོ་བསྒོམ་པར་བྱའོ།། དེ་ནས ་ཕྱག་རྒྱ་བཅིངས་བྱས་ལ།། མཉམ་པར་བཞག་པས་སྔགས་བཟླས་བྱ།། ལག་གཉིས་སོ་སོ་དག་ཏུ་བྱ།། ཁུ་ཚུར་བཅིངས་ཏེ་སྡིགས་མཛུབ་གཉིས།། མཐེ་བོའི་དབུསུ་གཞག་བྱ་སྟེ།། མེ་ཏོག་སྣ་ཚོགས་མཆོད་པར་བྱ།། ཕྱག་རྒྱ་བཅའ་བ་བྱའོ།། ཨོཾ་མོ་མཻ་ཏྲ་ཡ་སྭཱ་ཧཱ། ་བྱམས་པའི་སྒྲུབ་ཐབས་རྫོག་སོ།། ། པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ཁམས་པ་ལོཙྪ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུསོ།། ། རྒྱ་གར་སྐད་དུ། པྲཛྙཱ་པ་ར་མ་ར་སཱ་དྷ་ནཾ། བོད་སྐད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་ཐབས། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལོ།། གང་གིས་བསྒོམས་པ་ཙམ་གྱིས་ནི།། ཤེས་རབ་ཕ་རོལ་ཕྱིན་བསྐྱེད་ཅིང་།། གཞན་རྩོད་ཀུན་ལ་རྒྱལ་འགྱུར་བ།། དེ་ཡི་ཡང་དག་བཤད་པར་བྱ།། ཞལ་གཅིག་ཕྱག་ནི་གཉིས་པ་སྟེ།། མདོག་ནི་དཀར་པོ་ཡི་དུ་འོང་།། ཕྱེད ་ཕྱེད་འཁྱིལ་པའི་དབུ་སྐྲ་དང་།། པདྨ་དཀར་པོར་ཡང་དག་གནས།། ཕྱག་གི་ཕྱག་ན་པདྨ་སྟེ།། གཡོན་ན་ཤེས་རབ་ཕ་རོལ་ཕྱིན།། མདོག་དམར་རྣམ་པར་བསྒོམ་པར་བྱ།། རྡོ་རྗེ་སྐྱིལ་ཀྲུང་ཡང་དག་གནས།། རྒྱན་རྣམས་ཀུན་གྱི་ཡན་ལག་བརྒྱན།། ལྟེ་བའི་དཀྱིལ་འཁོར ་བསྒོམ་པར་བྱ།། ཨཾ་ཡིག་ཡེ་ཤེས་ལས་བྱུང་བ།། མཆོག་ཏུ་དགའ་བ་བྱེད་པ་མོ།། དམ་ཚིག་སེམས་དཔའ་རྫོགས་བྱས་ལ།། ཡེ་ཤེས་སེམས་དཔའ་བསྒོམ་པར་བྱ།། ཟླ་དྲུག་བསྒོམས་པའི་སྦྱོར་བ་ཡིས།། ཤེས་རབ་ཕ་རོལ་ཕྱིན་མར་འགྱུར།། ནུབ་བདུན་རབ་ཏུ་སྦྱོང་བ་ཡིས།། བསྟན ་བཅོས་ཀུན་ལ་འཇིགས་པ་མེད།། འབུམ་ཕྲག་བཟླས་པ་སྦྱོར་བ་ཡིས།། ཉིན་རེ་ཚིགས་བཅད་བརྒྱ་བརྒྱ་ནི།། འབད་པ་མེད་པར་རབ་ཏུ་བྱེད།། གཞུང་ནི་བརྒྱད་ནི་འཛིན་པར་འགྱུར།། དེ་ལ་སྔགས་ཀྱི་ཚིག་ནི་འདི་ཡིན་ཏེ། ཨོཾ་པི་ཙུ་བི་ཙུ་པྲཛྙཱ་བརྡྷ་ནི་ཛྭ་ལ་ཛྭ་ལ་མེ་དྷི་བ་ར་དྷེ་ནི། དྷི་རི ་དྷ་རི་བ་ར་དྷ་ནི་སྭཱ་ཧཱ། བྱ་རོག་གི་སྒྲ་མི་གྲག་པར་སྔགས་འདིས་མ་བསླངས་པར་རང་བསྒྱུར་ལ་ལན་བདུན་དུ་བཟླས་ལ་སྔགས་ལ། ཇི་སྲིད་ཟླ་བ་དྲུག་གི་བར་དུ་འཐུངས་ན་དེའི་ཤེས་རབ་སྐྱེ་བར་འགྱུར།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་པའི་ཐབས་སངས་རྒྱས་ཀྱིས་གསུངས་པ ་རྫོག་སོ།། པརྒྷཾ་དོན་ཡད་རྡོ་རྗེ་དང་།། ཁམས་པ་ལོ་ཙྪ་བཾ་དགེ་སློང་བ་རིས་བསྒྱུར་བའོ།། རྒྱ་གར་ས་དུ། པྲཛྙཱ་བཱ་ར་མི་ཏཱ་སཱ་དྷ་ན། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་མ་ལ་ཕྱག་འཚལོ།། སྔོན་དུ་བསྟན་པའི་ཚོགས་རང་གི་སྙིང་གར་པདྨ་དཀར་པོ་དང་། ཟླ་བའི་དཀྱིལ་འཁོར་ལ་པྲཾ་དཀར་པོ་བཀོད་ནས་སྔོན་དུ་བསྟན་པ་བཞིན་དུ་ཐམས་ཅད་བྱས་ལ། པྲཾ་དང་པདྨ་ཡོངསུ་གྱུར་པ་ལས་བཅོམ་ལྡན་འདས་མ་ཞལ་གཅིག་མ། ཕྱག་གཉིས་མ་དཀར་མོ།། ་