CLOSE WINDOW

GT2166: mya ngan med pa'i shing gi 'od zer can gyi sgrub pa'i thabs
Wyliee-texts produced with BDRC’s OCR application

ལྡན་འདས་མ་བསམས་ལ། སྙིང་གར་ཟླ་བ་ལ་མཾ་ལས་བྱུང་བའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་བཀུག་སྟེ། དབང་བསྐུར་བླངས་ནས་དབུ་ལ་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་བསམ་པར་བྱའོ།། དེ་ནས་སྙིང་གའི་ས ་བོན་ཉིད་ལས་ཕྲེང་བའི་རྣམ་པ་ལྟ་བུར་སྔགས་ཀྱིས་ཡི་གེ་ཁ་ནས་བྱུང་ནས་ལྟེ་བར་རོ།། ལྟེ་བ་ནས་ཁ་རུ་ཁ་ནས་ཡང་ལྟེ་བ་ལ་སོགས་པར་འཁོར་ལོ་འཁོར་བའི་རིམ་པས་སྔགས་བཟླས་པར་བྱའོ།། མཐའ་གསུམ་ནི་དེ་ཉིད་ཡིད་ཀྱིས་བྱའོ།། དེ་ལ་འདི་ནི་སྔགས ་ཡིན་ཏེ། ཨོཾ་མཱ་རཱི་ཙྱཻ་མཱཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། རང་གི་ས་བོན་བྱིན་གྱིས་བརླབས་ལ། ཟས་ལ་སོགས་པ་ཐམས་ཅད་ལ་རྗེ་སུ་གནས་པར་བྱའོ།། སྐྱོ་ན་ཡི་གེ་བརྒྱ་པའི་སྔགས་བརྗོད་ལ། དེ་ལྟར་བདེ་བས་གནས་པར་བྱའོ།། རྟོག་པ་ལས་གསུངས་པའི་ཆོ་ག ་འོད་ཟེར་ཅན་དཀར་མོའི་སྒྲུབ་པའི་ཐབས་རྫོག་སོ།། ། པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ཁམས་པ་ལོ་ཙྪ་བ་དགེ་སློང་བ་རིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཨ་ཤོ་ཀ་གནྡྷ་མཱ་རཱ་ཙྱཻ་སཱ་དྷ་ནེ། བོད་སྐད་དུ། མྱ་ངན་མེད་པའི ་ཤིང་གི་འོད་ཟེར་ཅན་གྱི་སྒྲིབ་པའི་ཐབས། འཕགས་མ་འོད་ཟེར་ཅན་ལ་ཕྱག་འཚ་ལོ།། སྔོན་དུ་བསྟན་པའི་ཆོ་ག་སྟོང་པ་ཉིད་དུ་བསྒོམས་པའི་རྗེསུ་ཟླ་བ་ལ་མཾ་སེར་པོ་ལས་བྱུང་བའི་མྱ་ངན་མེད་པའི་སྟེང་དུ་མཾ་ཡོངསུ་གྱུར་པ་ལས་འོད་ཟེར་ཅན་སེར་མོ་ཞལ ་གཅིག་མ་ཕྱག་གཉིས་མ། རྣམ་པར་སྣང་མཛད་མགོན་པོས་དབུ་རྒྱན་བྱས་པ། གསེར་ལྟ་བུའི་ཕག་པའི་རྒྱབ་ཏུ་སྣ་ཚོགས་པདྨ་དང་ཟླ་བ་ལ་འགྱིང་བག་དང་བཅས་པ་སྟེང་དུ་བཞུགས་པའོ།། མྱ་ངན་མེད་པའི་སྡོང་པོ་ཡལ་ག་ཕྱག་གཡོན་པས ་བཟུང་བའོ།། ཕྱག་གཡས་པས་མཆོག་སྦྱིན་པ། དོ་ཤལཱ་ལ་སོགས་པས་བརྒྱན་པའི་སྐུ་ལང་ཚོ་སར་ལ་བབ་པ་མཛེས་མ་འདི་ལྟ་བུར་བསམས་ནས། སྙིང་གའི་མཾ་གྱི་ས་བོན་ལས་སྤྲོས་པའི་འོད་ཟེར་གྱིས་ཕག་གི་རྣམ་པས་གདུག་པ་ཅན་ཐམས་ཅད་བརླག ་སྟེ། སེམས་ཅན་མང་པོའི་དོན་སྣ་ཚོགས་བྱས་ནས་སོ།། ཨོཾ་མཱ་རཱི་ཙྱཻ་མཱཾ་སྭཱ་ཧཱ། ཞེས་བྱ་བའི་སྔགས་བཟླས་པར་བྱའོ།། མྱ་ངན་མེད་པའི་ཤིང་གི་རྩ་བའི་འོད་ཟེར་ཅན་གྱི་སྒྲུབ་པའི་ཐབས་རྫོགསོ།། །། པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ཁམས་པ་ལོ་ཙྪ་བ་དགེ་སློང ་བ་རིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཨུ་ཊཱི་ཡཱ་ཎ་མཱ་རཱི་ཙྱཻ་སཱ་དྷ་ནཾ། བོད་སྐད་དུ། ཨུ་རྒྱན་གྱི་འོད་ཟེར་ཅན་གྱིས་སྒྲུབ་པའི་ཐབས། འཕགས་པ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ།། སྔོན་དུ་བསྟན་པའི་ཚོགས་སྡིག་པ་བཤགས་པའི་རྗེས ་སུ་སྟོང་པ་ཉིད་རྣམ་པར་བསྒོམས་ལ། སྣ་ཚོགས་པདྨ་དང་ཉི་མ་ལ་མཾ་གྱི་ས་བོན་དམར་པོ་ཡོངསུ་གྱུར་པ་ལས་ཨུ་རྒྱན་གྱི་འོད་ཟེར་ཅན་མདོག་དམར་བ། ཞལ་དྲུག་པ། ཕྱ། བཅུན་ཉིས་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམོ།། དམར་པོ་དང་། ནག་པོ་དང་། དཀར་པོ་དང་། ་ལྗང་གུ་དང་། སེར་པོ་ནི་གཡས་སྐོར་དུ་ཞལ་ལྔའོ།། སྟེང་དུ་ནི་ཕག་ཞལ་ནག་པོའོ།། དུང་པོ་གཡས་ཀྱི་ཕྱག་དྲུག་ཏུ་གོ་རིམས་བཞིན་དུ་རལ་གྲི་དང་། འཁོར་ལེ་དང་། གཏུན་ཤིང་དང་། མདའ་དང་། དགྲོ་སྟ་དང་། རྡོ་རྗེ་རྩེ་གཅིག་པའོ།། གཡོན་གྱི་ཕྱག་རྣམསུ ་སྔགས་མཛུབ་དང་བཅས་པའི་ཞགས་པ་དང་། ཁ་ཊྭཱཾ་ག་དང་། ཐོད་པ་དང་། མྱ་ངན་མེད་པའི་ཡལ་ག་དང་། ཚངས་པའི་མགོ་བོ་དང་། གཞུ་དང་། རྩེ་གསུམ་མོ།། མཆོད་རྟེན་གྱི་ནང་ན་གནས་པ། ཀླུའི་དབང་པོ་བརྒྱད་ཀྱིས་སྐུ་བརྒྱན་པ། སྒྲ་ཁམ་པ་གྱེན་དུ ་