CLOSE WINDOW

GT2165: rtog pa las gsungs pa'i cho gas 'od zer can dkar mo'i sgrub thabs
Wyliee-texts produced with BDRC’s OCR application

རྟོག་པ་ནས་གསུངས་པའི་འོད་ཟེས་གྱི་སྒྲུབ་ཐབས་རྫོགས་སོ།། ། པཎྜི་ཏ་དེན་ཡོད་རྡོ་རྗེ་དང་། ཁམས་པ་ལོ་ཙྪ་བ་བ་རི་དགེ་སློང་གིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཀཱ་ལ་བི་ཀ་ཏ་བི་དྷི་ནི་སི་ཏ་མ་རཱི་ནྱཻ་སཱ་དྷ་ནཾ། ་བོད་སྐད་དུ། རྟོག་པ་ལས་གསུངས་པའི་ཆོ་གས་འོད་ཟེར་ཅན་དཀར་པོའི་སྒྲུབ་ཐབས། འཕགས་མ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ།། དང་པོར་རེ་ཞིག་རོ་ང་གི་སྙིང་གར་ཟླ་བ་ལ་མཾ་དཀར་པོའི་འོད་ཟེར་གྱིས་མཉམ་པར་བཀུག་པའི་བཅོམ་ལྡན་འདས ་མ་ལ་སྣ་ཚོགས་ཀྱི་ཉེ་བར་སྤྱོད་པས་མངོན་དུ་མཆོད་ལ་སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས། ཚངས་པའི་གནས་བཞི་བསྒོམ་པར་བྱའོ།། ཨཱཾ་བྷུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་བ་ཨཱཏྨ་ཀོ་ཧཱཾ། ཞེས་བརྗོད་ལ་པཾ་ལས་སྐྱེས་པའི་སྣ་ཚོགས་པདྨའི་སྟེང་དུ ་ཟླ་བ་ལ་ཡང་མཾ་དཀར་པོ་ཡོངསུ་གྱུར་པ་ལས་འོད་ཟེར་ཅན་ཀུན་དང་། ཟླ་བ་དང་མཚུངས་པ། ཞལྔ་ལྔ་པ། ཕྱག་དྲུག་པ། ཞབས་བཞི་པ། སྐད་ཅིག་གིས་བསམ་པར་བྱའོ།། དེ་ལ་ཞལ་གྱི་གཙོ་བོ་ནི་སྐུའི་མདོག། གཡས་པའི་ཞི་ལ་ནི་ནག་པོའོ།། གམན ་པའི་ཞལ་ཕག་གདོང་དམར་པོའོ།། ཞལ་ཕྱི་མ་ནི་ལྗང་གུའོ།། མགོ་བའི་སྟེང་གི་ཞལ་ནི་སེར་པོའོ།། རིན་པོ་ཆེ་སྣ་ཚོགས་ཀྱི་སྤྲས་པའི་རྩེ་གསུམ་པས་རལ་པའི་ཅོད་པནོ།། ཕྱག་གཡས་པའི་ཕྱག་ལྔ་ནི་ཉི་མའི་དཀྱིལ་འཁོར་དང་། རྡོ་རྗེ་སྔོན་པོ་དང་། མདའ ་དང་། ལྕགས་ཀྱུ་དང་། ཁབ་རྣམས་ཕྱག་ནའོ།། གཡོན་པའི་ཕྱག་ལྔ་རྣམསུ་ཟླ་བའི་དཀྱིལ་འཁོར་དང་། གཞུ་དང་མྱ་ངན་མེད་པའི་ཡལ་ག་དང་། ཞབས་དང་བཅས་པའི་སྡིགས་མཛུབ་དང་། སྐུད་པ་རྣམས་ཕྱག་ནའོ།། སྣ་ཚོགས་པའི་རིན་པོ་ཆེས་སྤྲས ་པའི་རྣ་རྒྱན་དང་། དབུ་རྒྱན་དང་། ལག་གདུབ་དང་། དྲིལ་བུ་གཡོར་ཀ་དང་བཅས་པའི་སྐ་རགས་ཀྱིས་གོས་ཀྱི་རྣམས་པོར་བརྒྱན་པའི་ལུས་སོ།། ལང་ཚོ་གསར་ལྔ་བབ་པ་ཤ་འགག་དང་། སྟོང་གཡོགས་དཀར་པོ་མཆོད་རྟེན་གྱི་ཁོངས་ན་གནས་པའི་ཕག ་པ་བདུན་གྱི་ཤིང་རྟ་ལ་ཞོན་པའོ།། ཁྱབ་འཇུག་དང་། དབང་པོ་དང་། བདེ་བྱེད་དང་། ཚངས་པ་ཞབས་བཞིས་མནན་པའོ།། དེའི་ཤིང་རྟའི་དབུསུ་གནས་པའོ།། ཆུ་སྲིན་མནན་པའི་བཅོམ་ལྡན་འདས་མ་གཞན་ཏེ། དེ་ཡང་སྐུ་མདོག་ནག་པོ་ཕག་གི་གདོང་པ ་ཙན། སྡིགས་མཛུབ་ནི་གཡས་པ་དང་གཡོན་པའི་ཕྱག་ནའོ།། གཡས་ཕྱོགསུ་ལྷ་མོ་གཞན་ཕག་གི་ཞལ་དམར་པོ་ཕྱག་བཞི་པ་ལྕགས་ཀྱུ་དང་། ཁབ་ནི་གཡས་ཀྱི་ཕྱག་གཉིས་ནའོ།། སྡིག་མཛུབ་དང་བཅས་པའི་ཞགས་པ་དང་སྐུད་པ་ནི་གཡོན ་གྱི་ཕྱག་གཉིས་ནའོ།། རྒྱན་བཟང་པོས་ཡང་དག་པར་བརྒྱན་པའོ།། གཡོན་ཕྱོགསུ་རྗེ་བཙུན་མ་གཞན་དེ་ཡང་ཕག་ཞལ་མདོག་དམར་བ་རྣ་བའི་བར་དུ་བཀང་བའི་གཞུ་དང་། མངའ་དང་། རྡོ་རྗེ་དང་། མྱ་ངན་མེད་པའི་ཡལ་ག་ནི་གཡས་དང་། གཡོན་པའི ་ཕྱག་ནའོ།། སྣ་ཚོགས་པའི་ན་བཟའ་བརྒྱན་པ་སྟེ། ཤིང་རྟ་འདྲེན་པའི་ཕག་གི་འོག་ན་ཉི་མ་ལ་སོགས་པའི་གཟའ་ཆེན་པོ་དགུ་དང་། ཉེ་བར་འཚེ་བའི་ནད་ཀྱི་ཚོགས་རྣམས་ལྷུང་ནས། མིའི་གཟུགས་ཀྱིས་གནས་པའོ།། དེ་ལྟ་བུའི་གཟུགས་ཀྱིས་བཙ ་བསྒྲེང་བ། ཞལ་མཆེ་བ་གཙིགས་པ། མགོ་སྐམ་པོ་བརྒྱད་ཀྱིས་དབུ་བརྒྱན་པ། མགོ་བོ་རློན་པའི་ཕྲེང་བས་སྐེ་བ་ནས་འཆང་བ། རིན་པོ་ཆེ་མང་པོས་སྤྲས་པའི་ཤིང་རྟ་སྣ་ཚོགས་པ་ཕག་པ་བདུན་ལ་བཅིབས་པ། ཕྱི་རོལ་དུ་དུར་ཁྲོད་ཀྱིས ་ཡོངསུ་བསྐོར་བ། ཤིང་རྟའི་དབུསུ་གནས་པ་ནི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རྡོ་རྗེ་ཁབ་དང་། མྱ་ངན་མེད་དང་། སྡིག་མཛུབ་བསྣམས་པ། མདོག་དམར་བའི་འོད་ཟེར་ཅན་ཤ་འགག་སེར་པོའོ།། སྣ་ཚོགས་ཀྱི་རིན་པོ་ཆེས་བརྒྱན་པ། སྟག་གི་ལྤགས་པའི་ཤམ ་ཐབས་ཀྱིས་ཀྱང་བརྒྱན་པ། འོད་དམར་པོ་ལས་དེ་བཞིན་གཤེགས་པ་ལྔ་སྤྲོ་བ་དང་། སྐད་ཅིག་གིས་བསམས་ལ་སྙིང་གར་ཉི་མ་ལ་མཾ་གྱི་ས་བོན་ལས་རྣམ་པར་འབྱུང་བའི་འོད་ཟེར་བརྒྱས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཡང་དག་པར་བཀུག ་སྟེ་དབང་བསྐུར་བ་རྨོངས་ནས་རྣམ་པར་སྣང་མཛད་བདག་ཉིད་ཀྱི་དབུ་རྒྱན་དུ་རྣམ་པར་བསམ་པར་བྱའོ།། དེ་ནས་རྣལ་འབྱོར་པས་འཁོར་ལོ་འཁོར་བའི་རིམ་པ་འདིས་སྔགས་ཀྱི་བཟླས་པ་བྱའོ།། ཨོཾ་མཱ་རཱི་ཙྱཻ་མཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། བཟླས་པ་བྱས་ནས་ཕྱིས་ཀྱི ་དུསུ་ཏིང་འཛིན་ཉེ་བར་བསྡུས་ལ་དེ་ཉིད་ཀྱི་རྣལ་འབྱོར་གྱིས་ཇི་ལྟར་བདེ་བར་གནས་པར་བྱའོ།། ཨུ་རྒྱན་གྱི་འོད་ཟེར་ཅན་གྱི་སྒྲུབ་ཐབས། སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ་རྫོག་སོ།། ། པཎྜི་ཏཱ་དོན་ཡོད་རྡོ་རྗེ་དང་། ་ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ།། རྒྱ་གར་སྭ་དུ། ཨུ་ཌཱི་ཡ་ཎ་ཀྲ་མཱ་རཱ་ཙྱཻ་སཱ་དྷ་ནཾ། བོང་སྐྱོང་དུ།། ཨུ་རྒྱ་གྱི་མ་པའི་ང་པོ་མ་ཀྱི་མྦྷ་མ་མས་ལ་ས་ས། དང་པོར་སྙིང་གར་ཉི་མའི་གདན་ལ་ཧཱུཾ་ངོ་།། དེའི་འོད་ཟེར་གྱིས་བཅོམ་ལྡན་འདས་མ ་