CLOSE WINDOW

GT2163: u rgyan gyi 'od zer can gyi sgrub pa'i thabs
Wyliee-texts produced with BDRC’s OCR application

པ་ཡི།། སློབ་མའི་མཐུ་བོས་མཛད་པ་རྫོག་སོ།། ། པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ཁམས་པ་ལོ་ཙྪ་བ་དགེ་སློང་བ་རིས་བསྒྱུར་བའོ།། ། རྒྱ་གར་སྐརུ། ཨུ་རྒྱུན་གྱི་འོད་ཟེར་ཅན་གྱི་སྒྲུབ་པའི་ཐབས། ་འཕགས་པ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ།། དང་པོར་རེ་ཞིག་རང་གི་སྙིང་གར་ཨཾ་ཡིག་ཡོསུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་རོ།། དེའི་སྟེང་དུ་དང་པོའི་བཅུ་གསུམ་གྱིས་འོད་ཟླ་ཕྱེད་ཐིག་ལེས་བརྒྱན་པའོ།། དེ་ཁོ་ན་བཞིན ་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས་དེ་ཉིད་ཀྱིས་ཡོངསུ་རྫོགས་པའི་ཨཾ་ངོ་།། དེ་ཐམས་ཅད་ཡོངསུ་གྱུར་པ་ལས་འོད་ཟེར་ཅན་མདོག་དམར་ལ་ཞལ་དྲུག་པ་ཕྱག་བཅུ་གཉིས་མ་ཞལ་དང་པོ་དམར་བ། གཉིས་པ་ནག་པོ་གསུམ་པ་ལྗང་ཀུ་བཞི ་པ་སེར་པོ།། ལྔ་པ་དཀར་པོ། མགོ་བོའི་སྟེང་ན་གནས་པའི་ཕགི་ཞལ་ནི་ནག་པོ་སྟེ་དྲུག་པའོ།། མཆོད་རྟེན་དང་མྱ་ངན་མེད་པས་བརྒྱན་པ། རྣམ་པར་སྣང་མཛད་སེར་པོ་མགོན་པོས་དབུ་བརྒྱན་པ། གསུས་པ་འཕྱང་བ་ཐོད་པའི་ཕྲེང་བས་བརྒྱན་པ། སྐྲ་ཁམ་པ་གྱེན ་བགྲེང་བ། སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། གཡོན་བརྐྱང་བའི་ཞབས་ཀྱིས་ཕག་གིས་བགེགས་ཀྱི་ཚོགས་མནིན་པའི་སྟེང་ན་གནས་པའོ།། གཡས་པའི་ཕྱག་ན་རལ་གྲི་དང་། རྡོ་རྗེ་དང་གཏུན་ཤིང་དང་། མདའ་དང་། རྡོ་རྗེ ་རྩེ་གཅིག་པ་དགྲ་སྟའོ།། གཡོན་པའི་ཕྱག་ན་སྡིག་མཛུབ་དང་བཅས་པའི་ཞགས་པ་དང་། ཐོད་པ་དང་། མྱ་ངན་མེད་པའི་ཡལ་ག་དང་། ཚངས་པའི་མགོ་བོ་དང་། གཞུ་དང་། རྩེ་གསུམ་མོ།། སྤྱན་གསུམ་ཟླུམ་ནིང་དམར་བ། ཞལ་མཆེ་བ་གཙིགས་པའོ།། ཤིང ་རྟའི་དབུས་ན་གནས་པའོ།། ལྷ་མོ་གཞན་ནི་ཕྱེག་གཉིས་པ་སྡིག་མཛུབ་དང་བཅས་པའི་ཞགས་པ་མྱ་ངན་མེད་པའི་ཡལ་ག་ཡེང་བསྒོམ་པར་བྱའོ།། བདག་ཉིད་བཅོམ་ལྡན་འདས་མ་ཞེས་བྱའོ།། དེ་ནས་ཕྱག་རྒྱ་བཅིང་བར་བྱ་སྟེ། རྡོ་རྗེ་ཐལ་མོ ་སྦྱ་ལ་གུང་མོ་གཉིས་མཉམ་པར་བདྷཱུགྷ་སྟེ། མཐུབ་ཆེན་གཉིས་སྐྱིལ་མོ་ཀྲུང་བཅས་ལ། རྩེ་མོའི་ཚིགས་ནི་ཅུང་ཞིག་བསྐུམ་པའོ།། སྔགས་ནི། ཨོཾ་མཱ་རཱི་ཙྱཻ་ཨཾ་མཱཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཕཊ་ཡན་སྭཱདྡྷ། ཨུ་རྒྱན་གྱི་འོད་ཟེར་ཅན་གྱི་སྒྲུབ་ཐབས་རྫོགས་སོ།། ་པཽཎྜི་ཏ་དོན་ཡོད་རྡོ་རྗེ་དང་།། ཁམས་པ་ལྀཙྪ་བཾ་དགེ་སློང་བ་རིས་བསྒྱུར་བའོ།། རྒྱུ་གར་སྐད་དུ། ཀལ་ལོ་ཀ་ཏ~ཾ་མཱ་རཱི་ཙྱཻ་སཱ་དྷ་ནཾ། བོད་སྐད་དུ། རྟག་པ་ནས་གསུངས་པའི་འོད་ཟེར་ཅན་གྱི་སྒྲུབ་པའི་ཐབས། འཕགས་མ་འོད་ཟེར་ཅན་ལ་ཕྱག ་