| Wylie | e-texts produced with BDRC’s OCR application |
བྱའོ།། མདའ་ལ་སོགས་པའི་མཚན་མ་མེད་ཀྱང་། ཨུཏྤ་ལ་ཡིས་བསྒྲུབ་བྱའི་སྐེ་བར་བཅིངས་ཏེ། རང་གི་ལུས་ཀྱི་འོད་ཀྱི་ཚོགས་ཀྱིས་དེའི་ལུས་བཀང་སྟེ། རང་གི་གནས་སུ་གཞག་པར་བྱའོ།། སྒྲོལ་མའི་སྒྲུབ ་ཐབས་སློབ་དཔོན་རྡོ་རྗེ་མྱུ་གུས་མཛད་པ་རྫོགསོ།། །། པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ཁམས་པ་ལྀཙྪ་བ་དགེ་སློང་བ་རིས་བསྒྱུར་བའོ།། །། རྒྱ་གར་སྐད་དུ། སི་ཏ་ཏཱ་ར་སཱ་དྷ་ནཾ། སྒྲོལ་མ་དཀར་མོ་སྒྲུབ་པའི་ཐབས། བཅོམ་ལྡན་འདས ་སྒྲོལ་མ་དཀར་མོ་ལ་ཕྱག་འཚ་ལོ།། སྔོན་བཞིན་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་བྱ་བའི་སྔགས་བརྗོད་པར་བྱའོ།། དེ་ནས་སུཾ་ཡོངསུ་གྱུར་པ་ལས་རིན་པོ་ཆེ་སྣ་ཚོགས་ཀྱི ་རང་བཞིན་རི་རབ་བོ།། དེའི་སྟེང་དུ་བཾ་ལས་པདྨ་དཀར་པོ་དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་རོ།། དེའི་དབུསུ་ཧཱུཾ་དཀར་པོ་ལས་ཡོངསུ་རྫོགས་པའི་བཅོམ་ལྡན་འདས་མ་སྒྲོལ་མ་མདོག་དཀར་བ་སྤྱན་གསུམ་མ་ཕྱག་བཞི་པ་དེ་བཞིན ་གཤེགས་པ་རྣམ་པ་ལྔའི་དབུ་རྒྱན་ཅན། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཕྱག་གཉིས་པ་ཨུཏྤ་ལའི་ཕྱག་རྒྱ་འཛིན་པ། གཡས་ཀྱི་ཕྱག་ན་ཡིད་བཞིན་གྱི་ནོར་བུ་དང་ལྡན་པའི་མཆོག་སྦྱིན་པས་སེམས་ཅན་རྣམས་ཀྱིས་བསམ་པ་ཡོངསུ་རྫོག ་པར་བྱེད་པ། གཡོན་པ་ན་ཨུཏྤ་ལའི་སྙེ་མ་བསྣམས་པ་བསམ་པར་བྱའོ།། དེའི་གཡས་ཕྱོགས་ཀྱི་ལོགསུ་ལྷ་མོ་འོད་ཟེར་མདོག་སོར་བ་ཟླ་བའི་དཀྱིལ་འཁོར་ལ་གནས་བགོས་སྔོན་པོ་ཕྱག་གཉིས་པ། གཡོན་ན་མྱ་ངན་མེད་དམར་པོའི་ཡལ ་ག་བསྣམས་པ། གཡས་པ་ན་རྩཝ་ཡའ་དཀར་པོ་དང་ལྡན་པ། ཤ་འགག་དམར་པོས་བརྒྱན་པ་བསམ་པར་བྱའོ།། གཡོན་པའི་ལོགསུ་རྨ་བྱ་ཆེན་མོ་མདོག་ལྗང་སེར་ཕྱག་གཉིས་པ་གཡོན་པ་ན་རྨ་བྱའི་གཞུག་སྒྲོ་བསྣམས་པ། གཡས་པ་ན ་རྔ་ཡ་བི་བསྣམས་པ། དེ་ལྟ་བུའི་རྣམ་པར་བསམས་ལ། ཨོཾ་བྷ་ག་བཱ་ཏཱི་དྷ་རེ་མ་མ་ཧྲི་ཡཾ་པྲ་བི་ཤ་སྭཱ་ཧཱ།། ཞེས་བྱ་བས་བདག་ཉིད་བྱིན་གྱིས་བརླབ་པར་བྱའོ།། དེནས་ཨོཾ་ནཱ་མ་ཏཱ་རེ་མ་ནེ་ཧཱུཾ་ཧ་ར་སྭཱ་ཧཱ་ཞེས་བྱ་བའི་སྔགས་བཟླས་པར་བྱའོ།། སྒྲོ ་མ་དཀར་མོའི་སྒྲུབ་ཐབས་སློབ་དཔོན་ཡིད་བཞིན་གྱི་ནོར་བུ་རྒྱལ་པོས་མཛད་པ་རྫོག་སོ།། ། པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ཁམས་པ་ལོདྦྷ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་པའོ།། ། རྒྱ་གར་སྐད་དུ། ཁཾ་རོར ་བ་ན་དྷཱ་ར་སཱ་དྷ་ནཱཾ། བོད་སྐད་དུ། སེང་ལྡེང་ནགས་ཀྱི་སྒྲོལ་མ་ཞེས་བྱ་བའི་སྒྲུབ་ཐབས། བཅོམ་ལྡན་འདས་སྒྲོལ་མ་ལ་ཕྱག་འཚལོ།། སྔོན་དུ་བསྟན་པའི་ཚོགས་སྡིག་པ་བཤགས་པ་ལ་སོགས་པ་བྱས་པའི་རྗེས་ལ་སྟོང་པ་ཉིད་དུ་བྱས ་ལ། དེ་ལ་སྔོན་གྱི་གནས་སུ་པདྨ་དང་ཟླ་བ་ལ་ཏཾ་གྲི་ས་བོན་ཡོངསུ་གྱུར་པ་ལས?་ཨུཏྤ་ལ་ལྟེ་བར་ཏཾ་གྱིས་མཚན་པའོ།། དེ་ཡོངསུ་གྱུར་པ་ལས་བདག་ཉིད་ལྗང་གུ་དོན་ཡད་གྲུབ་པའི་དབུ་རྒྱན་ཅན། མཆོག་སྦྱིན་དང་ཨུཏྤ་ལ་གཡས་དང ་གཡོན་པའི་ཕག་ནའོ།། མྱ་ངན་མེད་པའི་ཤིང་གི་འོད་ཟེར་ཅན་དང་། རལ་གཅིག་མ་གཉིས་གཡས་དང་གཡོན་གྱི་ཕྱོགས་ཀྱི་ཚན་བསྣམས་པ་སྟེ། མཛེས་མའི་གཞོནུ་མ་རྒྱན་གྱིས་བརྒྱན་མ། སེང་ལྡེང་གི་ནགསུ་སྣ་ཚོགས་པའི་སེམས ་