CLOSE WINDOW

GT216: dbang gi rab tu byed pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨཱ་བྷི་ཥེ་ཀ་པྲ་ཀཱ་ར་ཎ། བོད་སྐད་དུ། དཱབང་གི་རབ་ཏུ་བྱེད་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། སྔོན་དུ་བསྟེན་པའི་ཆོ་ག་ནི།། ལྷའི་འཁོར་ལོ་བསྒོམ་པར་བྱ།། སྐྱོན་དེའི་གསང་སྔགས་བཟླས། ་འཁོར་ལོའི་གཙོ་བོའི་འབུམ་བཟླས་ཏེ།། ཡང་ན་རང་གི་ལྷ་ཡི་འབུམ།། དཀྱིལ་འཁོར་པ་ཡི་ཁྲི་ཡིན་ནོ།། བསྙེན་པའི་ཆོ་གའོ།། དེ་ནས་དགུན་ཟླ་ར་བ་དང་། དཔྱིད་ཟླ་འབྲིང་པོ་དང་། ཐ་ཆུང་དང་། དབྱད་ཟླ་གསུམ་དང་། སྟོན་ཟླ་ར་བའི་ཚེས་གཅིག་དང་གསུ ་དང་། ལྔ་དང་། བདུན། བཅུ་དང་། བཅུ་གསུམ་དང་། བཅོ་ལྔའོ།། གཟའ་ཟླ་བ་དང་། ལྷག་པ་དང་། ཕུར་བུ་དང་། པ་བསངསོ།། རྒྱུ་སྐར་སྣར་མ་དང་། མགོ་དང་། ལོག་དང་། རྒྱལ་དང་། དབོ་དང་། མེ་བཞི་དང་། ལྷ་མཚམས་དང་། སྣརོན་དང་། སྒྲུབ་དང་། གློ ་ཞུན་དང་། ཆུ་སྟྱ་དཱི་དང་། ཆུ་སྨད་དང་། ཁྲུམས་བསྟོད་དང་། ཁྲུམས་སྨད་དོ།། སྦྱོར་བ་བྱེད་པ་བཟང་པོ་བརྟགས་ནས་དཀྱིལ་འི་ཁོར་བྲི་བའི་དོན་དུ་སློབ་མས་ལན་གསུམ་དུ་གསོལ་བ་གདབ་པོ།། དེའི་ཚེ་སློབ་མའི་ལྟེ་བྷཻ་ཉི་མཱ་ལའི་ཧཱུཾ་གི་འོད ་རཱིགྷྲི་སྠིང་གཱིའི་ཀཽ་ནག་པོ་ལས་བྱུང་བྱའི་སྡིག་པ་ཤཾ་ཟེ་ལྟ་བུ་རླིག་པའི་ཕྱུང་བ་སྒོ་གྱེནོ་དུ་བརྫེས་པ། སྣསྣཱ་རྩོ་ནཱས་བཏོན་ལ་ཧཱུཾ་དཱ་ཡང་སྙིང་གར་འོངས་ཏེ། ཧཱུཾ་མཛད་དུ་གྱུར་ནས་ཕྱིར་བཏོན་ལ། ཨོཾ་ས+འུམྦྷ་ནི་སུམྦྷ་ཧཱུཾ་ཧཱུ~ཾ་ཕཊ། ཨོཾ་གྲཱྀཧྞ་གྲྀཧྞ་ཧུ~ཾ་ཧཱུ~ཾ་ཕཊ ་ཨོཾ་གྲྀཧྞཱ་བི་ཡ་གྲྀཧྞཱ་པ་ཡ་ཧུ~ཾ་ཧུཾ་ཕཊ། ཨོཾ་ཨཱི་ན་ཡ་ཧོ། བྷ་ག་བཱ་ན་བིངྒ་རཱ་ཛི་ཡ་ཨོཾ་མུ་ཀ་སྱཻ་པཱ་པཾ་ནཱ་ས་ཡ་ཧཱུཾ་ཧཱུཾ་ཕཊ། ཕྱག་གི་རྡོ་རྗེས་སྡིག་པ་བཏོན་ནས་བིརླག་པ་རི་བསམ་མོ།། སློབ་མའི་སེམས་ཀྱི་བགེགས་ནོ། བཛྲ་ཀཱི་ལི་ཀཱི་ཡ~ཾ་ས~ཾ་ཨ་མྲྀ་ཀ ་སྱ་སརྦ་བིགྷྣཱཾ་བནྡྷ་བནྡྷ་ཧཱུཾ་ཕཊ་ཅེས་བརྗོད་ཅིང་ཕུར་པ་གདབ་པོ།། ཕུར་པའི་འོད་ཟེར་གྱིས་སྔགས་པ་རྣམས་བསྲེག་གོ།། དེ་ནས་སློབ་མ་པཾ་ལ་སཱ་ཀུན་ཏུ་བཟང་པོརརྭ་བསམས་ལ་སྙིང་གར་ཟླ་བ་ལ་སྣ་ཚོགས་རྡོ་རྗེ་བསམ་མགོ་ལ ་ཟླ་བ་ལ་གནས་པའི་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པཾ་བ་སེམས་པའི་གྷུ་ཊ་ནི་རྡོ་རྗེའི་ལྟེ་བའི་དབུསུ་ལྷ་མོ་མྦྷ་མ་ཀཱི་བཞུགས་པར་བསེམས་ལ། དེའི་ཐུགས་ཀའི་ཟླ་བའི་སྟེང་གི་རྡོ་རྗེའི་ལྟེ་བའི་ནི་ང་གི་སྔགས་ཀྱི་ཕྲེང་བ་ལས་བྱུང་བའི་རྡོ་རྗེ་ཕྲ་མོས་ལུས་ཁྱབ་པར་བྱ་སྟེ། ཨོཾ་ཨཱ ་ཤཾ་ཀ་རེ་ཤཱནྟི་ཀ་རེ་གྷུ་ཊེ་གྷུ་ཊ་གྷུ་ཊི་ནི། གྷཱ་ཏ་ཡ་གྷཱ་ཏ་ཡ། གྷུ་ཊི་ནི་ཨ་མུ་ཀ་རཀྵ་སྭཱ་ཧཱ། ཞེས་གསུང་ངོ་།། འཁྱིལ་པའི་སྔགས་སྦྱིནོ།། སློབ་མ་བཟུང་བའི་ཆོ་གའོ།། དེ་ནས་དཀར་པོའི་ཚེས་གཅིག་དང་བརྒྱད་དང་བཅུ་དང་བཅུ་བཞི་དང་ཉྀ་ནས་ཉའི་བར ་དུསྔ་དྲོ་ནས་བརྩམ་ས་ཏི་དཀྱིལ་འཁོར་གྱི་ལས་བྱའོ།། གྲོང་དང་སྐྱེད་མོས་ཚལ་དང་ལྷ་ཁང་དང་ཁྱིམ་རྣམས་ཀྱི་ཕྱོགས་མཚམས་བདུན་དང་མཆོད་རྟེན་ལ་ཉེ་བ་དང་ཀླུ་གནས་པའི་ཆུ་ལ་ཉེ་བ་དང་ཤིང་གཅིག་ལ་ཉེ་བ་དོར་ལ་དབང་ལྡན་དུ་ཁུང་བུ་མ ་གང་བྲུས་ལ་སླར་བཀང་སྟེ་ལྷག་ན་བཟང་། ཡང་ཆུས་བཀང་ལ་གོམ་པ་བརྒྱར་ཕི་ནཱས་ཆུ་དམའ་བར་མ་སོང་ན་བཟོང་།། ཆུ་སྒྲ་དང་བཅས་ནས་ཀླུ་རི་གནོད་པ་འོཕྱས་རྟགས་པའོ།། མཎྜལ་བྱས་ལ་དཀྱིལ་འཁོར་པ་དང་ཞིང་སྐྱོང་ལ་སོགས་པ་ལ ་མཆོད་གཏོར་ལེ་བྱ་སྟེ། གང་དག་འདིར་གནས་ལྷ་དང་ཀླུ། གནོད་སྦྱིན་སྲིན་པོའི་གཞན་ཡང་རུང་།། ས་འདི་དག་གི་བསླང་བགྱིས་ན།། དཀྱིལ་འཁོར་དོན་དུ་སྩལ་དུ་གསོལ་ཞོས་ལན་གསུམ་གསོལ་བ་གང་བ་པོ།། ས་བསླང་བའོ།། ་རྨི་ལམ་ལ་སོགས་པར་བྱིན་པ་འམ་མ་བཀག་པར་གོ་ན་ཉི་མ་གཞན་གྱི་སྔ་དྲོ་ན་མཁའི་རྡོ་རྗེ་འཆང་ལ་སོགས་པ་རྣམས་ལ་ཡིད་ཀྱིས་གནང་བ་ནོས་ལ་བསྲུང་བའི་འཁོར་ལོ་དང་བགེགས་ལ་ཕུར་བུས་གདབ་བམ་བསྒོམ་པ་འམ།། དྲག་པོའི་སྦྱིན་སྲེག་གིས ་གས་བསྐྲད་ལ་སློབ་མ་ལ་བསྲུང་བའི་དོན་དུ་ཞི་བའི་སྦྱིན་སྲེག་བྱས་ལ། ས་དེ་ལ་ལས་ཐམས་ཅད་པ་བཟླས་པའི་ཡུང་ཀར་དང་ཆུ་དང་ཐལ་བས་བསང་ངོ་།། དེ་ནས་སའི་ལྷ་མོ་སྤྱན་དྲང་ཞིང་མཆོད་ལ། ལན་གསུམ་གསོལ་བ་གདབ་བོ།། གྱིས་ཞེས ་ཟེར་བ་དང་ཡིད་ཀྱིས་ན་མཁར་བཏེགས་ལ། ས་དེ་ལ་ཀླུ་ཉལ་བས་དེའི་པང་པའི་ཆར་བརྐོའོ།། དེ་ལ་གཟའ་ཉི་མ་རྒྱུ་བའི་སྟོན་ཟླ་ཐ་ཆུང་ལ་སོགས་པའི་ཟླ་བ་གསུམ་པ་ལ་རིམ་པ་བཞིན་ཤར་ལྷོ་ནུབ་བྱང་དུ་མགོ་བོ་བལྟ་ཞིང་ལྷོ་ལ་སོགས་པར ་ཕྱོགས་ཏེ་ཉལ་ལོ།། སྭ་བརྐོ་བའོ།། ། དེ་ནས་སྐྱོན་དང་ཟུག་རྔུ་བསལ་བར་མི་ནུས་མ་པ་ལ་ལག་པ་རིག་ཅིང་འཁྱིལ་བ་བཟླས་པས་དག་པར་གྱུར་རོ།། དྲིའི་ཆུ་དང་བསྲེས་ལ་དེ་དགང་ངོ་།། མ་ཁེངས་ན་གཞན་ཡང་ངོ་།། ་སའི་དབུས་སུ་རིན་པོ་ཆེ་ལྔ་དང་སྨན་ལྷ་དང་འབྲུ་གཞུག་གོ།། དེ་ནས་ཧཱུཾ་དཾབ་ལས་ཐམས་ཅད་པ་བཟླས་པའི་ཆུས་གཏོར་ཞིང་བརྡུངས་ལ་ཁྲུ་ཕྱེད་མཐོ་ཞིང་དབུས་ཅུང་ཟད་མཐོ་ལ་བྱང་ཤར་ཅུང་ཟད་དམའ་བར་བྱའོ།། ཁང་ཐོགས་དང་རྡོ་སྟེངས ་ལ་སོགས་པ་མ་བརྐོས་ཀྱང་དག་ཡི་ནོ།། ཡུང་མེ་ཀ་རཾ་དང་ཆུ་དང་ཐལ་བ་ལ་འཁྱིལ་པ་བཟླས་པས་བསང་ངོ་།། བའི་རྣམ་ལྔ་དང་དྲིའི་ཚུལ་དོ་བཟླས་པས་གཡས་སྐོར་དུ་བྱུགས་ལ་ཨོཾ་བྲུཾ་ཁཾ་གིས་སྟོང་པོར་བྱ།། ཨོཾ་ལཾ་ཧཱུཾ་གིས་རྡོ་རྗེར ་བསྒོམས་ཏེ་ཨོཾ་མི་དི་ནི་བཛྲཱི་བྷ་བ་བནྡྷ་བྷྲཱུཾ་ཞེས་ལག་པས་རེག་ཅིང་བྱིན་གྱིས་རློབ་པོ།། དེ་ནས་ན་མཁའ་ན་གནས་པའི་སའི་ལྷ་མོ་མཆོད་དེ་བསྟིམཱ་ལ་ཧཱུཾ་ལཾ་ཧཱུཾ་བརྗོད་ཅིང་བང་ཀོར་གྱི་ཕྱག་རྒྱ་བྱའོ།། ཡི་གེ་བརྒྱ་པ་བརྗོད་དོ།། སྒྲ ་ཚོགས་པ་སྟོང་པ་ཉིད་དང་རོ་གཅིག་པར་བརྟན་པར་མོས་པར་སྟོང་པར་བསྒོམ་པ་ནི་བླ་ན་མེད་པའི་རྣམ་པར་དག་པའོ།། ས་སྦྱང་བའོ།། ། དེ་ནས་རྡོ་རྗེ་དང་དྲིལ་བུ་བཟུང་ནས་སའི་དབུས་སུ་འདུག་སྟེ། བསྲུང་བའི་འཁོར་ལོས ་བགེགས་བསལ་ནས་ལྕེ་རྡོ་རྗེར་བསམས་ལ།། མ་ལུས་ཕྱོགས་ཀུན་བཞུགས་པ་ཡི།། སངས་རྒྱས་ཐམས་ཅད་བདག་ལ་དགོངས།། བདག་མིང་རྡོ་རྗེ་ཆེ་གེ་མོ།། འདིར་ནི་དཀྱིལ་འཁོར་བྲི་བར་བགྱིད།། སངས་རྒྱས་ལ་སོགས་ཀུན་བྱོན་པས།། བདག ་ལ་དངོས་གྲུབ་སྦྲུལ་དུ་གསོལ་ཞེས་བརྗོད་ལ་ནམ་མཁའི་རྣམ་སྣང་ལ་སོགས་པ་སློབ་མ་བཞི་ཤར་ལ་སོགས་པར་གནས་པས་སམ། གཅིག་གིས་ཀྱང་དེ་དང་དེར་སོང་ནས། དེ་བཞིན་གཤེགས་པ་ཀུན་གྱི་གནས།། ཆོས་ཀུན་མཆོག་ཏུ་བདག་མེད ་པད་དཀྱིལ་འཁོར་དམ་པ་བཤད་དུ་གསོལ།། མཚན་རྣམས་ཐམས་ཅད་ཡང་དག་རྫོགས།། མཚན་མིན་ཐམས་ཅད་རྣམ་སྤངས་པ།། ཀུན་ཏུ་བཟང་པོ་སྐུ་ཡི་མཆོག། དཀྱིལ་འཁོར་དམ་པ་བསྟན་དུ་གསོལ།། ཞི་བ་ཆོས་ཀྱི་མཆོག་ལས ་བྱུང་དང་ཡེ་ཤེས་སྤྱོད་པ་རྣམ་སྤྱོད་བྱེད།། ཀུན་ཏུ་བཟང་པོ་གསུང་གི་མཆོག། དཀྱིལ་འཁོར་དམ་པ་བསྟན་དུ་གསོལ།། སེམས་ཅན་ཀུན་གྱི་སེམས་ཆེན་པོ།། རང་བཞིན་དག་ཅིང་དྲི་མ་མེད།། ཀུན་བཟང་ཐུགས་མཆོག་ཁ་ལོ་བསྒྱུར། ཀྱི ་འཁོར་དམ་པ་བསྟན་དུ་གསོལ་ཞེས་སོ་སོར་རང་ཉིད་ལྔ་གསོལ་བ་འདེབསུ་གཞུག་གོ།། དངོསུ་གསོལ་བ་འདེབས་པ་མེད་ན་ཡིད་ཀྱིས་བྱའོ།། དེ་ནས་ཡིད་ཀྱིས་ན་མཁའ་ལ་གདེག་གོ།། དེ་ནས་ལངས་ལ་ཤར་དུ་བལྟས་ནས་དེ་བཞིན ་གཤེགས་པ་རྣམས་ལ་ཕྱག་འཚལ་ཏེ་བདུད་བསལ་བའི་ཕྱིར་ཧཱུཾ་མཛད་དུ་བསྒོམས་ལ་མིག་གཉིས་ཉི་ཟླ་ལྟར་བྱས་ལ་མིག་འབྲས་གཉིས་ཧཱུ~ཾ་དུ་བྱས་པའི་བསྐལ་པའི་མེ་ལྟར་འབར་བའི་རྡོ་རྗེའི་ལྟེ་བས་ཕྱོགས་ཐམས་ཅད་ཀྱི་འགྲོ་བ་ལ་བལྟ ་ཞིང་ང་རྒྱལ་བསྐྱེད་ལ་བདག་ནི་རང་ཉིད་རྡོ་རྗེ་ཙམ། ཕྱག་ན་རྡོ་རྗེ་འང་རང་ཉིད་བདག། བདག་ནི་སངས་རྒྱས་རྒྱལ་པོ་ཆེ།། སྟོབས་ཆེན་རྡོ་རྗེ་ཅན་བདགུ་ཡིན།། རྣལ་འབྱོར་དབང་ཕྱུག་རྒྱལ་པོ་བདག། ཕྱག་ན་རྡོ་རྗེ་བསྟན་བདག་སྟེ།། བདག ་རྡོ་རྗེ་ཆེན་པོ་བདག། བྱིན་གྱིས་བརླབ་པ་མི་འདོར་རོ་ཞེས་བརྗོད་དོ།། དེ་ནས་རྐང་མཐིལ་དུ་རྡོ་རྗེ་བསྒོམས་ཏེ། འགྱིང་པའི་དཱ་རྀ་དང་བཅས་པ་བྱེད་ཅིང་རྡོ་རྗེ་གསེར་ལོ་དྲིལ་བུ་བཀྲོལ་ཞིང་རྡོ་རྗེའི་སྟང་སྟབས་ཀྱིས་དབང་ལྡན་དུ་སོང་ནས། ་ནས་བརྩམས་ཏེ་སློབ་མོ་དང་ལྷན་ཅིག་རྡོ་རྗེ་རྐང་སྟབས་བྱེད་ཅིང་། གང་བདག་གིས་ས་ཕྱོགས་འདི་ན་གནས་པའི་ལྷ་དང་ལྷ་མ་ཡིན་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་དང་། ཤ་ཟ་དང་། རྗེད་བྱེད་དང་། འབྱུང་པོ་དང་། མཁའ་འགྲོ ་དང་། གནོན་པོ་དང་། མི་འམ་ཅི་དང་། སྔགས་གྲུབ་བོ་རྒན་པོ་དང་། རྒན་མོ་འཁོར་དང་བཅས་པ་ཁྱེད་རྣམས་དེངས་ཤིག། ས་ཕྱོགས་འདིར་བདག་རྡོ་རྗེ་སློབ་དཔོན་ཆེ་གེ་མོས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཐོབ་པར ་པའི་ཕྱིར་དང་། བློང་མཆེ་གེ་མའི་དོན་དུ་དཀྱིལ་འཁོར་ཆེ་ག་མ་འདྲི་བས་ཁྱེད་རྣམས་ཀྱི་རྡོ་རྗེ་འཆང་ཅན་པའི་བཀའ་ཐོས་པ་ཙམ་གྱུར་དམྱུར་དུ་དུངས་ཤིག་དང་། གང་དག་མི་འགྲོ་བ་རྣམས་བདག་རྡོ་རྡྷརྡྷ་མཛད ་གྱིས།། རྡོ་རྗེ་འབར་བ་རབ་ཏུ་འབྱོར་བླ་གསཔ་ཞིང་རབ་ཏུ་གསལ་བའི་ལེ་གས་ཀྱི་རྡོ་རྗེ་ཆེན་པོས་མགོ་ཚོལ་པ་བརྒྱར་འགས་པར་འགྱུར་རོ།། ཞེས་བརྗོད་ཅིང་། ཁྲོ་བོ་དཔག་ཏུ་མེད་པ་སྤྲོས་པས་བགགས་གསལ་བར་བྱའོ།། དཀྱིལ ་གྷནྡྷི་དང་རྡོ་རྗེ་རང་བཞིན་དུ་སྦྱིས་གྱིས་བརྙ་།། དེ་ན་རྡོ་རྗེ་གག་པ་རྒུད་པའི་མ་མ་དུ་བཟླམས་པ། ཨོཾགཞི་ལ་ཧཱུ~ཾ་གང་བྱུ་པས་པ་བྱའོ།། དེའི་རྗེས་འརྡོ་རྗེ་སམ་པ་དང་། རྩལྷ་དང་། སྒྲོ་ཚོགས་རྡོ་རྗེས་པ ་བསྐོར་བ་ནྀ་གས་མྦྷ་ག་མི་བྱུ་གཞན་དུ་ཕྱོགས་པས་རྗེས་འདངས་རིས་པ་ལན་གསུམ་ག་སུམ་བྷའོ།། དེ་ནས་དཀྱིལ་ལཁོར་གྱི་ལབ་མཚངས་ས་ལ་ལག་པ་གཅིངགཙོ་པ་སྔགས་བརྒྱ་མྲྀ་བྷཱདྷཱ་ཡི་མྦུ་པ་ཡིན་བདུན ་རྣམ་ནི་ས་སོ།། དོ་རྫོག་མ་ས། རྣམ་པའི་ཐ་པ་པོ་བརྒྱད་བསྐམས་སུ་པར་བྱེད་དདྲུགས་པ་རྒྱས་ད ་སུ་ཚུལ་མོ་མོ་ནི་དམངས་བ་བྱུགས་པ་སྲུང་ས་ལངས་ལྔ་པསང་དུ་གནས་བྱས་ལ་མད་བ་སྣངས་པར་བདག་ན། རིས་གང་ཅན་ཀྱིས་རྗེས་འིས་གཞི་རོ་མེད ་དུ་རང་ཉིད་བསྒོམས་པའི་སྙིང་གའི་ཧཱུ~ཾ་ལས་འོད་འཕྲོས་པས་བགེགས་ཐམས་ཅད་བཀུག་ནས་དོང་དུ་བཅུག་ལ་ཧཱུཾ་ལས་འཕྲོས་པའི་ཁྲོ་བོ་བཅུ་ལ་གཏད་ངོ་།། དེ་རྣམས་ཀྱིས་ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦྦ་བིགྷྣཱཾ་ཧཱུཾ་གིས་གདབ། ཨོཾ་བཛྲ་མུད་ག ་རཱ་ཨཱ་ཀྲོ་ཊ་ཡ་ཧཱུཾ་ཞེས་བརྡུང་བར་བསྒོམས་ལ། དེ་རང་ཉིད་ཀྱིས་ཀྱང་དབང་ལྡན་ནས་གཡས་སྐོར་དུ་འོད་ཀྱིས་ཀྱང་ཕྲེང་བའི་ཕྱོགས་མཚམས་བརྒྱད་དང་། སྟེང་འོག་གི་ཤར་ནུབི་ཏུ་གདབ་ཅིང་བརྡུང་ངོ་།། མི་ནུས་ན་སྒྲོ་སྐྱོང ་གིས་སོ།། ཡང་ཕུར་པ་མེད་པར་ཇི་སྐད་བཤད་པའི་བསྒོམ་པ་ཁོ་ནས་གདབ་པ་དང་བརྡུང་བ་བྱས་ལ་ལག་པ་གན་རྒྱལ་དུ་གཱནསཽ་པས་བསྒྱུར་ཞིང་། ཨོཾ་བཛྲ་ཨཱཿཧཱུཾ་ཞེས་བརྗོད་ཙོང་ས་ལ་བསྣུན་ཏེ་དེ་ལྟར་མོས་པ་ས་བྱའོ།། བགག ་ལ་ཕུར་བུས་གདབ་པའོ།། དེ་ནས་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། དྲིའི་དཀྱིལ་འཁོར་བྱས་པར་སའི་ལྷ་མོ་ལས་དམ་ཚོག་སེམས་དཔའ་བསྒོམས་ནས། ལེག་པ་གཡས་པའི་མཐིལ་དུ་ཧཱུཾ་བསམས་ཏེ་སོར་མོ་རྩེ་གསུམ་ལན ་གསུམ་དུ་བསྣུན་པ་དང་དེའི་སྒྲ་དང་ཧཱུཾ་གི་འོད་ཟེར་གྱིས་བསྐུལ་བའི་སའི་ལྷ་མོ་ཡེ་ཤེས་སེམས་དཔའི་ངོ་བོ་དང་འདྲེས་པར་གྱུར་པར་དགའ་བ་དང་ལྡན་པའི་ཐུགས་ཅན་སེར་མོ་ཞི་བ་ན་བཟའ་སྐོར་མོ་བསྣབས་པ། རྒྱན་ཆ་སྣ་ཚོགས ་པ་ཅན་གཡེན་པ་དང་ཅིག་ཤོས་ཀྱི་ཕྱག་གིས་གསེར་གྱི་བུམ་པ་བཟང་པོ་བསྣམས་ཤིང་། མི་འཇིགས་པ་མཛད་པ་ཞལ་གཅིག་པ་མདུན་དུ་གནས་པ་ལ་མཆོད་དེ་ཡང་དག་པར་བསྐོར་བ་དང་བཅིས་པས། ཨོཾ་ཚུར་སྤྱོན་ས་ཡི ་ལྷ་མོ་ཆེ།། འཇིག་རྟེན་ཐམས་ཅད་ཀྱི་ནི་ཡུམ།། རིན་ཆེན་ཀུན་གྱིས་རྣམ་པར་སྤྲས།། བཟང་པོའི་རྒྱན་གྱིས་རྣམ་པར་བརྒྱན།། དོ་ཤལ་རྐང་གདུབ་སྒྲ་དང་ལྡན།། རྡོ་རྗེ་སེམས་དཔའ་རབ་མཆོད་པ།། མཆོད་ཡིན ་འདི་ནི་བཞེས་ནས་ཀྱང་།། དཀྱིལ་འཁོར་ལས་ནི་གྲུབ་པར་མཛོད།། ཧི་ཧི་ཧི་ཧི་ཧཱུཾ་སྭཱ་ཧཱ་ཞེས་ལན་གསུམ་བརྗོད་པས་སྤྱན་དྲང་བ་དང་ཉེ་བར་གནས་པར་གསོལ་བ་སྔོན་དུ་འགྲོ་བའི་ལྷག་པར་གནས་པར་བྱའོ།། དེས་ཀྱང་དེ་ལྟར་གྱིས་ཤིག་ཅེས ་བརྗོད་ནས་དེ་ཉིད་དུ་ཐིམ་པར་བསམ།། དེ་ནས་རྡོ་རྗེ་བཅིང་བ་ནང་དུ་བྱས་ནས་དེས་ས་ལ་རེག་ཅིང་། ཨོཾ་བཛྲི་བྷོ་བ་ཞེས་ལན་གསུམ་བརྗོད་ནས། རྡོ་རྗེ་བསྡམས་པ་ལས་བྱུང་བའི་ཧཱུཾ་འབར་པ་སྤྲོས་དབང་ཆེན་གྱིས་རྡོ་རྗེར་བསམས་ནས། ་ཨོཾ་བཛྲ་དྲྀ་ནྱཱ་ཏིཥྛ་ཞེས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ་དེས་ནི་ས་དབང་དུ་འགྱུར་རོ།། ཞེས་པ་ནཱི་སྣའི་ལྷ་མོ་ལྷག་པར་གནས་པའི་ཆོ་གའོ།། དེ་ནས་དཀྱིལ་འཁོར་གྱི་ས་གཞི་ལ་དྲི་ཞིམ་པའི་ཆུ་བདུད་རྩི་ལྔ་དང་བཅས་པ་ཡི ་གེ་གསུམ་གྱིས་བསྔགས་པས་བྱུགས་པ་དང་མེ་ཏོག་གི་བཙལ་དགྲམ་པ་དང་། ཕྱི་དྲོ་ཁྲུས་བྱས་ཤིང་དྲི་ཞིམ་པས་བསྒོས་ལ་གོས་སར་པ་གོན་པ་མེ་ཏོག་ཕྲེང་བ་ཅན། ཁ་དྲི་ཞིམ་པོ་བསྒོས་ལ་ངོ་ཤཱལ་དེ་དེ་སོར་གདུབ་ལ་སོགས་པའི ་རྒྱན་རྣམས་གོ་རི་མ་ཇི་ལྟ་བ་བཞིན་དུ་ཨོཾ་ཨཱཿཧཱུཾ་སྭཱ་ཧཱ་ཞེས་བྱ་བ་དང་། ཨོཾ་བཛྲོཥྚ~ཾ་ཥ་ཧཱུཾ་ཕཊ་ཙོས་པ་དག་གོ་རིམ་བཞིན་དུ་བསྔགས་པའི་རས་སམ་དར་དམར་པོའི་ཅོད་པན་གྱིས་བརྒྱན་ནས་དཀྱིལ་འཁོར་གྱིས་དབུས་སུ་ཤར་གྱི ་ཕྱོགས་པར་བདུག་པ་འམ།། དཀྱིལ་འཁོར་གྱི་ཤར་ནས་ཏུ་ཕྱོགས་པར་འདུག་ཀྱང་རུང་།། དཀྱིལ་འཁོར་གྱི་བདག་པོའི་རྣལ་འབྱོར་དང་ལྡན་པས་བསྒོམ་པའི་དཀྱིལ་འཁོར་གྱི་ཕྱི་རོལ་ཤར་ལ་སོགསུ་གནས་ནས་སམ། བྱང་དུ་ཕྱོག ་པོས་དབང་ལྡན་གྱིས་མཚམས་སུ་བུམ་པ་ལྷག་པར་གནས་པར་བྱའོ།། དེ་ལ་ཞི་ང་རྒྱུ་ས་པའི་བུས་པ་དག་གི་ནང་དུ་ནི་སོར་བཅུ་དྲུག་གོ།། ལྟེ་བའི་འོག་ནས་ཁ་དང་། མཆུའི་བར་གྱི་འཕངསུ་སོར་ཉི་ཤུའོ།། ཁའི་མཚམས་ནས་ཆུ་འཕྱང་བའི ་བར་ནི་སོར་གཉིས་སོ།། མགྲིན་པོ་ནི་སོར་དྲུག་གོ། མཆུའི་མཐའི་བར་གྱི་ཁ་ནི་སོར་བརྒྱད་དོ།། སོར་བརྒྱད་པའི་ཚེ་གཉིས་ནི་མགུལ་བའི་སྦུབས་སོ།། ཆ་གཅིག་ནི་མཆུ་གཉིས་ཀྱི་འཕངས་སོ།། དབྱེ་བ་དང་བསྐྲད་པ་དག་ལ་ནི་ལྟོ་བོའི་རྒྱལ་སོར ་བཅུ་གཉིས་སོ།། འཕངསུ་སོར་ཉི་ཤུ་རྩ་བཞིའོ།། རྐེང་པ་ནི་སོར་བརྒྱད་དོ།། ཁ་ནི་སོར་དྲུག་གོ། འདྲིའི་མཆུ་གཉིས་ནི་སོར་མོ་རེའོ།། དབང་དང་དགུག་པ་དག་གི་བུམ་པ་ནི་གཟོ་བོས་ཇི་ལྟར་བྱས་པའོ།། རེངས་པ་ལ་ནི་ཐུང་ཞིང་ཟླུམ་པ་ལ་འཕང ་སུ་བཅུ་དྲུག་གོ། མགྲིན་པ་ལ་ནི་སོར་བཞིའོ།། སོར་དྲུག་ནི་འདི་ཡི་རྩིབ་སུའོ།། ལས་ཐམས་ཅད་པ་ནི་ཞི་བ་ལ་སོགས་པའི་ལས་སུ་གསུངས་པའི་བུམ་པ་རྣམས་གཟུང་བར་བྱའོ།། ཞེས་དུསོ་ཀྱི་འཁོར་ལོ་ལས་གསུངས་ལ་དེ་ལ་ས་གཞན་པའི ་རྒྱུད་ལས་ནི། རྩ་བ་ནག་པོར་རི་མེད།། མཆུ་འཕྱང་མགྲིན་རིང་ལྟོ་བ་ཆེ།། བུམ་པ་རྣམས་དེ་ལྟར་བརྗོད་པ་ཡང་སོར་བཅུ་དྲུག་པ་ལ་སོགས་པར་རིག་པར་བྱའོ།། འདིར་གསེར་ལ་སོགས་པའི་བུམ་པ་རྒྱུད་དུ་གསུངས་པའི་མཚན་ཉིད་དང་ལྡན་པ ་འམ་ཡང་ན་ཇི་ལྟར་རྙེད་པ་ཡང་གཟུང་སྟེ། ཞི་བ་འམ་རྒྱས་པའི་དོན་དུ་འབྲས་བཏགས་པ་འམ་ཐོང་ལེ་ཀོར་རམ་ཙན་དན་གྱི་ལྡེ་གུ་དཀར་པོས་བྱས་ལ་སྣ་ཚོགས་པདྨ་འདབ་མ་བརྒྱངད་པའི་ལྟེ་བའི་སྟེང་དུ་ཟླ ་བ་དང་ཉི་མ་ལ་གནས་པའི་གནས་པའི་ལྷའི་ས་བོན་དང་ཕྱག་མཚན་པའི་བར་བྱས་ལ་བདུད་རྩི་ལྔ་དང་། དྲི་ཞིམ་པོའི་ཆུས་བཀང་ལ་རིན་པོ་ཆེ་ལྔ་དང་། སྨན་ལྔ་དང་འབྲུ་ལྔ་ནང་དུ་བཅུག་སྟེ། ཨི་མྲ་ལ་སོགས་པའི་ལོ་མས་ཁཾ་བརྒྱན ་པ་དང་། སྐེ་ལ་མེ་ཏོག་གི་ཕྲེང་བ་དང་བཅས་པའི་རས་ཁ་ཚོར་མ་ཉམས་པ་གཉིས་བཅིངས་པ་རྣམས་བླ་རིའི་འོག་ཏུ་མཚན་མ་དགོད་པའི་རིམ་པས་སོ་སོར་བྲིས་པའི་མཽཎྜལ་གྱིས་སྟང་དུ་དཀྱིལ་འཁོར་གྱི་རྣམ་པར་མདུན་དུ་ཀུ་ཤའི ་སྟེང་དུ་བཀོད་ནས་ཧཱུཾ་ལན་བདུན་དུ་བཟླས་པའི་ཐིག་སྐུད་དཀར་པོ་བདུན་གྱིས་ཨོཾ་བཛྲ་ཤེ་ཁ་རེ་རུ་ཊ་མ་ཊ་ཏི་སྟཾ་བནྡྷ་ཧཱུཾ་ཞེས་པའི་སྔགས་ཀྱིས་དཀྲི་བར་བྱའོ།། ཞི་བ་ལ་སོགས་པའི་ལས་དང་མཐུན་པའི་ཁ་དོག་ཅན་ལྔ་རྣམས་ཀྱི་ཞེས་བྱ ་བ་ནི་རྒྱུད་གཞན་དུའོ།། རིན་པོ་ཆེ་ལྔ་ནི་མུ་ཏིག་དང་། གསེར་དང་། པདྨ་རཱ་ག་དང་། བྷུ་རུ་དང་། མུ་མེནྟོ།། པདྨ་དྷྲྀ་ག་མ་རྙེད་ན་དངུལ་ལམ་ཟངས་སམ་དུད་ཡང་རུང་ངོ་།། མུ་མེན་གྱི་གནས་སུ་ནོར་བུ་ཡང་རུང་ངོ་།། དབུལ་ནས་མ་འབྱོར་པ་ནི ་རྣམ་པར་རྒྱལ་བ་དང་ལས་ཐམས་ཅད་པའི་བུམ་པ་རིན་པོ་ཆེ་དང་ལྡན་པར་བྱའོ།། བུམ་པ་གཞན་ལ་ནི་མ་ཡིན་ནོ།། དེ་ལ་ཡང་རྣམ་པར་རྒྱལ་བུམ་པ་ངེས་པར་རིན་པོ་ཆེ་དང་ལྡན་པར་རིག་པར་བྱའོ།། སྨན་ལྔ་ནི་འབྲི་ཧ་ཏི་དང་། 1 ་ཌ་ཀ་རི་དང་། ད་ཎ་ཌོ་ཏ་པ་ལ་དཀར་པོ་དང་། དབང་པོ་ལག་པ་དང་། ཨ་པ་རཱ་ཛི་ཏ་དཀར་པོ་རྣམས་སོ།། འབྲུ་ལྱཱ་ནི་ཏིལ་དང་། ནས་དང་། མོན་སྲན་དང་། སོ་བ་དང་གྲོ་རྣམས་སོ།། ཁ་ཅིག་ཏུ་འབྲས་སོ་བའི་གན་སུ་མོན་སྲན་གྲེའུའོ།། ཨ་པ ་དང་ནཱ་ག་གེ་སར་དང་། ཨ་ཤོ་ཀ་དང་། ཨ་ཤྲ་ཐ་དང་། ཨུ་དུམ་བ་ར་སྟེ། ལྔ་པོ་རྣམས་ལས་གང་ཡང་རུང་བའི་འདབ་མས་ཁ་བརྒྱན་ནོ།། ནཱ་ག་གཱ་སར་མེད་ན་ནྱ་དྲོ་དྷ་འམ། འཛམྦུའི་ལོ་མས་བྱའོ།། རས་ནི་དཀར་པོ་འམ་དམར་པོ་འམ་སེར་པོ་འོ། ་ཁ་ཅིག་ཏུ་ལྗང་ཁུ་དང་ནག་པོ་འདྲ་བརྗོད་།། རྣམ་པར་རྒྱལ་བུམ་པ་ལ་ཆོས་འབྱུང་གི་དབུསུ་པདྨ་ལ་ཇི་ལྟར་རིགས་པར་ཟླ་བ་འམ་ཉི་མར་བདག་པོའི་མཚན་མ་འམ་ས་བོན་ནོ།། བུམ་པ་གཞན་རྣམས་ལ་ནི་པདྨ་ལ་གནས་པའི་ཟླ་བ་འམ་ཉི་མར ་ཇི་ལྟར་རིགས་པར་ལྷ་རྣམས་ཀྱི་ནི་པདྨ་ལ་མིཚན་མའོམ་ས་བོན་ནོ།། འཁོར་ལོ་ལྔ་ལ་སོ་སོ་རེ་རེ་རེ་སྟེ་ལྔའོ།། ཡང་ན་ཕོ་བྲང་དུ་གནས་པ་ཁོ་ནའི་ལྔའོ།། ཡང་ན་འདི་རྣམས་ཀྱི་ལྔ་དང་འཁོར་ལོའི་བཞི་བཞི་སྟེ་དགུའོ།། ཡང་ན་དབུས་ཀྱི་ཕོ་བྲང ་དམ་ཚིག་གི་འཁོར་ལོ་ལ་གནས་པ་རྣམས་ཀྱིས་ནི་བཅུ་གསུམ་མོ།། ཐུགས་ཀྱི་འཁོར་ལོའི་ཕྱོགསུ་གནས་པ་རྣམས་ཀྱི་མི་གཅིག་དང་མཚུམས་སུ་གནས་པ་རྣམས་ཀྱི་གཅིག་གོ།། དེ་ལྟར་དེ་ལ་གསུངས་གི་འཁོར་ལོ་དང་སྐུའི་འཁོར་ལོ་ལ་ཡང་ཡིན་ཏེ། ་བཅུ་དགུའོ།། ཕྱོགས་འདི་རྣམསུ་ལྷ་སོར་དགོད་པ་ལས་ཐམས་ཅད་པའི་དུ་མ་སྐྱེས་མ་ནི་ལྷོག་པར་དགོད་དོ།། དེའི་རྗེ་སུ་འབྲངས་པས་དཀྱིལ་འཁོར་གཞན་རྣམས་ལ་ཡང་ཇི་ལྟར་རིགས་པས་བུམ་པའི་གྲངས་རིག་པ་རེ་བྱའོ།། དེ་ལ་གཙོ་བོ་ཡིན་ཏེ། ་ཕྱིར་རྣམ་པར་རྒྱལ་བའི་བུམ་པའི་སྟེང་དུ་དུང་ཆོས་སམྦྷ་པདྨའི་སྣོད་དུ་ཧཱུཾ་གིས་བསྔགས་པའི་ཇི་ལྟར་རྙེད་པའི་བདུད་རྩི་ལྔ་དང་བརྙས་པའི་དྲི་ཞིམ་པོའི་ཆུས་ཡེ་ཤེས་ཀྱི་བདུད་རྩིར་བྱས་པའི་རྡོ་རྗེ་རྡུལ་ཕྲ་རབ་ཀྱི་རང་བཞིན ་བུམ་པ་བཅུད་དང་བཅས་པ་པོ་རྣམས་སྐད་ཅིག་གིས་སྟོང་པ་ཉིད་དུ་བྱས་ལ། བཾ་གྷི་ཡི་གེ་ལི་སི་བུམ་པ་རིན་པོ་ཆེའི་རང་བཞིན་གྱི་གཞལ་ཡས་ཁང་དུ་བསྒོམས་ལ་ཨོཾ་བཛྲ་ཨ་མྲྀ་ཏོ་ད་ཀ་ཧཱུཾ་ཞེས་ལན་བདུན་བརྗོད་ལ་འབྲུ་གསུམ་གྱིས་ལེན་གསུམ་དུ་བསྔགས ་ཏེ་མེ་ཏོག་གི་ཕྲེང་བས་བཅིངས་པའི་རྡོ་རྗེ་བཞག་ནས་དེ་ནས་ཨོཾ་ཏ་བྷཽ་ཏཔྟེ་མཉྫུ་ཏཔྟེ་སྭཱ་ཧཱ།། སྣ་བདུན་བདུན་བརྗོད་པས་དཀྱིལ་འཁོར་གྱི་ལྷའི་ཆུའི་རང་བཞིན་དུ་བཀུག་ལ་བཅུག་སྟེ་ཆུར་ལྷའི་གདན་དང་བཅས་པ་སྐད་ཅིག་གིས་བསམ་ལ་རང་གི་སྙིང ་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་མདུན་དུ་བཀུག་ལ་མཆོད་ཡོན་དང་ཞལ་བསིལ་བྱིན་ལ་ཡང་དག་པར་མཆོད་དེ་དམ་ཚིག་གི་འཁོར་ལོ་ལ་བཅུག་ལ་ཆགས་པ་ཆེན་པོས་ཞུ་བར་གྱུར་པའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་སྔོན་དུ་བྱས་པ ་དྭེ་དང་རོ་གཅིག་ཏུ་གྱུར་པར་བསམ། མཚན་མ་ལ་ཡང་དམ་ཚིག་གི་ལྷ་དང་ཡེ་ཤེས་ཀྱི་ལྷ་གཅིག་ཏུ་གྱུར་བཱཪྵ་བསམ་པར་བྱའོ།། དེ་ནས་ཀྵུཾ་ཞེས་བརྗོད་ཅིང་རྡོ་རྗེ་དང་འབྲེལ་པའི་མེ་ཏོགཾ་གི་ཕྲེང་བ་དང་ལྡན་པ་གཡོན་པའི་ཁུ་ཚུར་གྱིས་བཟུང་ལ ་ཨོཾ་བཛྲ་ཨུ་ད་ཀ་ཧཱུཾ་ཞེས་ལན་གྲངས་བརྒྱ་རྩ་བརྒྱད་ཚུལ་སྔགས་པར་བྱའོ།། ཡང་མ་འཁོར་ལོའི་འཛི་འི་ཁྲིའི་སྙིང་པོ་བཟླས་པར་བྱའོ།། དེ་ནས་ཨོཾ་ཨཱཿབིཥྚ་ནྱ་ཀྲྀང་ཧཱུཾ་ཞེས་བདུད་རྩི་འཁྱིལ་པས་བསྡིགས་ལ་མེ་ཏོག་དཀར་པོ་གསུམ་གཞུག ་བཔར་བྱའོ།། བུམ་པ་གཞན་ལྷ་གང་དང་གིས་ཡིན་པ་དེ་དང་དེའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་དང་ཉི་ཤུ་རྩ་གཅིག་གི་བདུན་དུ་བཟླས་ཤིང་སྟེང་གི་རྡོ་རྗེའི་མིག་གི་ཕྲེང་བའི་མཐར་བཟུང་ནས་དེ་ལྟར་མེ་ཏོག་གཞུག་པར་བྱའོ།། དེ་ནས་རྣམ་པར་རྒྱལ་བ ་ལལ་སོགས་པའི་བུམ་པ་རྣམས་མེ་ཏོག་ལ་སོགས་པས་མཆོད་ནས་བསྲུང་བའི་དོན་དུ་ལས་ཐམས་ཅད་པའི་ཆུས་དེའི་ལོ་མས་བསང་སྟེ། དེ་འདིར་དཀྱིལ་འཁོར་གྱི་བྱ་བ་རྣམས་རྫོགས་པར་གྱུར་པ་དེ་སྲིད་དུ་འགེགས་རྣམས་བཟློག་པར་མཛོད ་ཅིག། ཅེས་བརྗོད་ཅིང་གཏོར་མ་ཡང་ཉེ་བར་རེག་སྟེ། མི་བསྐྱོད་པ་ནི་ཡེ་ཤེས་ཆེ།། རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ།། རྡོ་རྗེ་གསུམ་ན་ཆོ་ག་དཀྱིལ་འཁོར་གསུམ།། རྡོ་རྗེ་དབྱིངས་ལ་ཕྱག་འཚལ་བསྟོད།། རྣམ་པར་སྣང་མཛད་དག་པ་ཆེ།། རྡོ་རྗེ་ནི་བདག ་རང་བཞིན་འོད་གསལ་མཆོག་གི་མཆོག། སྟོན་པ་རྡོ་རྗེ་ཕྱག་འཚལ་བསྟོད།། རིན་ཆེན་རྒྱལ་པོ་རབ་ཏུ་ཟབ།། རྡོ་རྗེ་ན་མཁའ་དྲི་མ་མེད།། རང་བཞིན་དག་པས་གོས་པོ་མེད།། རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྡོང་།། རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེ།། ་མི་རྟོགས་ན་མཁའ་རྡོ་རྗེ་འཛིན།། འདོད་ཆགས་ཕ་རོལ་ཕྱིན་པ་ཐོབ།། རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད་།། དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས།། བསམ་པ་ཐམས་ཅད་རྫོགས་མཛད་པས།། རང་བཞིན་དག་པས་ཡང་དག་བྱུང་།། རྡོ་རྗེ་སམ ་ལ་ཕྱག་འཚལ་བསྟོད་ཅེས་བསྟོད་པ་སྔོན་དུ་སོང་བས་དྲིལ་བུ་དཀྲོལ་ཞིང་དུ་ང་ཆོས་སམ་པདྨའི་སྣོད་དུ་ཆུ་ཉུང་ངུ་བླུགས་སྟེང་དུ་རྡོ་རྗེ་བཞག་སྟེ་བུམ་པའི་སྟེང་དུ་བཞག་པར་བྱའོ།། བདག་ཉིད་དམ་ཚིག་སློབ་མ་རྣམས་ལ་བསང་བའི་དོན་དུ ་ཛུ་པ་དེ་རྣམས་ལས་ཆུ་ཅུང་ཟད་བཅུས་ནས་དཀྱིལ་འཁོར་གྱི་ཁང་པའི་ཤར་སྒོའི་བྱང་གི་བྱ་ཆར་མནཱ་ཛི་ལ་གླནས་པའི་དུང་ཆོས་ལ་སོགས་པར་ལས་ཐམས་ཅད་པའི་བུམ་པ་ཉིད་ཀུ་ཤའི་ཆུན་པོ་དང་ལྡན་པ་དེའི ་དོན་དུ་དུར་བཞག་པར་བྱའོ།། ཞེས་པ་ནི་གཞན་དག་གིའོ།། བུམ་པ་རྣམས་མངོན་པར་བསྔགས་པ་དང་མཆོད་པ་ལ་སོགས་པ་ཉི་མ་སོའི་ཐུན་གསུམ་མ་མཐུན་གཅིག་ཏུ་བྱའོ།། འདིར་དཀྱིལ་འཁོར་ལ་ཉེ་བར་མཁོ་བོའི་ཕྱིར་དང་པོ་རྡུལ་ཚོན ་དཀར་པོ་ལ་སོགས་པོས་འདབ་མ་བརྒྱད་བྲིས་ལ་ལྟེ་བ་ལ་རྣམ་པར་རྒྱལ་བའི་བུམ་པ་འམ་ལས་ཐམས་ཅད་པའི་བུམྦྷ་པ་བཞག་པར་བྱའོ།། ཤར་གྱི་འདབ་མ་ལ་ཐིག་སྲུང་སྣོད་དུ་བཞག་གོ།། ལྷོར་རྡོ་རྗེ།། བྱང་དུ་དྲིལ་བུའོ།། ནུབ་དང་མཚམས ་ཀྱི་རུདྲ་བ་མ་རྣམསུ་ཅི་རིགས་པའི་རྡུལ་མཚམ་ལྔའི་སྣོད་རྣམསོ།། བུམ་པ་དེའི་ཆུ་ལ་འཁྱིལ་པའི་སྔགས་སམ། ཨོཾ་ཨཱ་ཨཱ་ཨོཾ་ཨཱ~ཾཿཞེས་བྱ་བ་བརྗོད་ནས་ཚོན་ཐིག་ལ་བི་སང་གཏོར་བྱའོ།། ཞེས་པ་ནི་བུ་མཱ་པཱ་ལྷག་པ་ར་གནས ་པའི་ཆོ་གའོ།། ། དེ་ནས་དཀྱིལ་འཁོར་ས་གཞི་དྲི་བཟང་པོ་ལ་སོགས་པས་བྱུགས་ཤིང་མེ་ཏོག་བཙལ་དུ་བཀྲེམ་སྟེ། དོར་ནུབ་ཏུ་ཕྱོགས་པར་ཇི་ལྟར་རྙེད་པའི་བདུད་རྩི་ལྔ་དང་བཅས་པའི་དྲི་བཟང་པོས་བདག་པོ་ལྔའི ་ལེ་ཚེ་རྣམ་སུ་མཎྜལ་གྲུ་བཞི་པ་དང་ལྷ་གཞན་ལ་ཟླུམ་པོར་བྱའོ།། དེ་ནས་མཎྜལ་རྣམསུ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་འཁོར་ལོའི་གཙོ་བོ་ལ་སོགས་པའི་ལྷའི་དཀྱིལ་འཁོར་སྤྱན་དྲངས་ཏེ་བཀོད་ནས་ཞབས་བསིལ་ལ་སོགས་པ་སྡོམ ་དུ་འགྲོ་བའི་མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བ་བྱ་སྟེ། པུས་མོ་གཡས་པ་ས་ལ་བཙུགས་ནས་ལྕེ་རྡོ་རྗེ་རྩེ་གཅིག་ལ་ཧཱུཾ་བཀོད་དེ། ལྡག་པ་གཡས་པས་སྤོས་ཕོར་ཐོགས་ལ་གཡོན་པས་དྲིལ་བུ་བཀྲོལ་ཞིང་། ཆེ་གེ་ཞེས་བྱ་བཅོམ་ལྡན་འདས ་རིག་སྔགས་རྒྱལ་ལ་ཕྱག་འཚལ་བསྟོད་།། སློབ་མ་རྣམས་ལ་བརྩེ་བ་དང་།། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར།། ཐུགས་རྗེའི་བདག་ཉིད་མགོན་ཁྱོད་ཀྱི།། དཀྱིལ་འཁོར་འདི་ནི་བྲི་བར་འཚལ།། བཅོམ་ལྡན་བདག་ནི་གུས་པོ་ལ།། དེ་ནི་གནང་བར ་མཛད་པར་རིགས།། འགྲོ་ལ་འཁོར་ལོའི་དོན་སྦྱིན་བྱེད།། སངས་རྒྱས་རྣམས་ནི་དགོངསུ་གསོལ།། བྱང་ཆུབོ་སེམས་དཔའ་འབྲས་གནས་དང་།། གང་གཞན་གསང་སྔགས་ལྷ་རྣམས་དང་།། འཇིག་རྟེན་སྐྱོང་བ་ལྷ་དང་ཀླུ།། སེམས་ཅན་རྫོགས་སངས ་བསྟན་གནས་དང་།། རྡོ་རྗེ་སྤྱན་དང་སྙན་ལྡན་པ།། གང་དག་བསྟན་ལ་དགའ་བ་རྣམས།། བདག་ལ་དགོངས་པར་མཛད་དུ་གསོལ།། བདག་མིང་རྡོ་རྗེ་ཆེ་གེ་མོས།། ཆེ་གེ་མོ་འབྱུང་དཀྱིལ་འཁོར་ནི།། འགྲོ་བ་དག་པར་བྱ་བའི་ཕྱིར།། ཡོད་བྱང་ཅི་འབྱོར་པས ་འདྲི་ན།། དེང་བདག་སློབ་མར་བཅས་པ་ལ།། ཐུགས་ནི་བརྩེ་བར་དགོངས་ན་སུ།། དཀྱིལ་འཁོར་བཅས་པ་ཐམས་ཅད་ཀྱིས།། བྱིན་གྱིས་བརླབས་པ་མཛད་པར་རིགས་ཞེས་ལན་གསུམ་དོན་ལ་བརྟེན་ནས་བརྗོད་ཅིང་གསོལ་བ་གདབ་པར་བྱའོ།། ལྷ ་ལྷག་པར་གནས་པའི་ཆོ་གའོ།། ། དེ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་རམ་དཀྱིལ་འཁོར་གཞན་ཡང་རུང་སྟེ་སྔར་བརྗོད་པའི་ཚུལ་གྱིས་དང་པོ་བུ་མ་ལྷག་པར་གནས་པ་དང་། དགོད་པ་དང་ཉེ་བར་སྤྱོད་པ་ལྔ་ལ་སོགས་པའི ་མཆོད་པ་བྱས་ནས་ནས་ང་རྒྱལ་ལ་སོགས་པའི་སྐྱོན་དང་བྲལ་བའི་སློབ་མ་ལེགས་པར་བརྟགས་པ་ལ་དགེ་བསྙེན་ལ་སོགས་པའི་བསླབ་པ་བྱིན་པ་ལ་ཡོངསུ་སྦྱངས་ལ་མཆོག་ཏུ་ཐེག་པ་ཆེན་པོ་ལ་མྱོས་པ ་རྡོ་རྗེ་སེམས་དཔའི་སྡོམ་པ་འཛིན་པར་ནུས་པ་གཅིག་གམ་གཉིས་སམ་མང་པོ་ཡང་རུང་སྟེ། ལས་ཀྱི་རྡོ་རྗེས་དཀོན་མཆོག་གསུམ་སོ་སོར་དཀྱིལ་འཁོར་བྱས་ལ་སྔོན་དུ་སོང་པོས་དཀྱིལ་འཁོར་གྱི་ཤར་སྒོ་དང་ཉེ་བར་རྡོ་རྗེ་སློབ་དཔོན་ཤར ་རམ་བྱང་དུ་ཁ་ཕྱོགས་པར་གནས་པའི་མདུན་དུ་མཎྜལ་བྱས་ལ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་པ་འམ། ཙོག་པུར་བསྡང་ལ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པའི་སྐུ་གསུམ་ཐོབ་པར་འདོད་པའི་བསམ ་པས་དཀྱིལ་འཁོར་དུ་འཇུག་པར་གསོལ་བ་གདབ་པར་བྱའོ།། འཆི་དང་སྐྱེ་དང་རྒས་པ་ཡིས།། ཆུ་སྲིན་ལ་སོགས་ཀྱིས་འཇིགས་པས།། སྲིད་པའི་མཚོ་ལས་སྒྲོལ་བྱེད་ཅིང་།། སྟོན་པ་ཁྱོད་ནི་དགའ་ཆེན་ཏེ།། བྱང་ཆུབ་ཆེན་པོའི་ཚུལ་བསྟན ་པ་མགོན་པོ་ཆེན་པོ་བདག་འཚལ་ལོ།། དམ་ཚིག་དེ་ཉིད་བདག་ལ་སྩོ་ལ།། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ།། ཐོར་པ་ཆེན་པོའི་གྲོང་མཆོག་ཏུ།། མགོན་པོས་བདག་ནི་གཞུག་ཏུ ་གསོལ་ཞེས་ལན་གསུམ་དུའོ།། ཁྱོད་ནི་ཐག་ཆེན་སྣོད་ཡིན་པས།། ཚུལ་ཆེན་འདི་ལ་བུ་ཚུར་ཤོག། གསང་སྔགས་སྤྱོད་ཚུལ་ཆོ་ག་འདི།། ཁྱོད་ལ་ཡང་དག་བསྟན་པར་བྱ།། དུས་གསུམ་འབྱུང་བའི་སངས་རྒྱས་ནི།། སྐུ་གསུང་ཐུགས ་ཀྱིརྡོར་འཛིན་གྱིས།། རྡོ་རྗེ་སྔགས་པ་རབ་བྱུང་བས།། ཡེ་ཤེས་མཉམ་མེད་ཐོབ་པས་ན།། སྔགས་ཀྱི་སྦྱོར་བ་མཉམ་མེད་པས།། གང་གིས་སྟོབས་ཆེན་བདུད་རྩི་སྭཱ།། ཤཱཀྵ་སང་ག་སོགས་མཆོག་གིས།། ཆན་པ་མ་རྣམས་བཅོམ་ནས་སུ།། འཛག ་རྟེན་རྗེས་འཇུག་ལ་བརྟེན་ཏེ།། བསྐོར་ལོ་བསྐོར་ནས་མྱ་ངན་འདས།། དེ་ཕྱིར་ཤིན་ཏུ་བུ་ཁྱོད་ཀྱིས།། ཐམས་ཅད་མཁྱེན་ཉིད་ཐོབ་པར་མཛད་ཅེས་བརྗོད་པར་བྱའོ།། དེའི་རྗེ་སུ་བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། སྙིང་པོ་བྱང ་ཆུབ་ལ་ཐུག་གི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཐམས་ཅད་མཁྱེན་པ་ཐམས་ཅད་སྟོན་པ།། འཇིགས་པ་ཐམས་ཅད་ལས་འདས་པ། སྐྱེས་བུ་ཆེན ་སྐུ་དབྱེ་མེད་པ་བླ་ན་མེད་པའི་སྐུ་ལ་སྐྱབསུ་མཆིའོ།། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཞི་བ་ཐེག་པ་ཆེན་པོའི་ཆོས་ལ་སྐྱབསུ་མཆིའོ།། ཚིགས་རྣམས་ཀྱི་མཆོག་འཕངས་པ་ཕྱིར་མི་ལྡོག་པ་བྱང་ཆུབ་སེམས་དཔའི ་དགེ་འདུན་རྣམས་ལ་སྐྱབ་སུ་མེ་ཆེའོ།། དེ་བཞིན་དུ་ལན་གསུམ་དུའོ་ཞེས་སྐྱབས་འགྲོ་བའི་ཆོ་གའོ།། དེའི་རྗེས་སུ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངསུ་གསོལ།། བདག་ཆོ་གེ་མོ་ཞེས་བགྱི་བྱ་དུས་འདི་ནས་བཟུང ་སྟེ། བྱ་ང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ལྟར་དུས་གསུམ་མགོན་པོ་རྣམས།། རྫོགས་སངས་རྒྱས་ཀྱི་ངེས་བྱས་པ།། བྱང་ཆུབ་སེམས་ནི་བླ་ན་མེད།། དམ་པ་བདག་གིས་བསྐྱེད་པར་བགྱི།། སངས་རྒྱས་རྣལ་འབྱོར་སྡོམ་པ་ལ།། ཚུལ ་ཁྲིམས་ཀྱི་ནི་བསླབ་པ་དང་།། དགེ་བའི་ཆོས་ནི་སྡུད་པ་དང་།། སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ།། བདག་གིས་བརྟན་པོར་བཟུང་བར་བགྱི།། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། བླ་ན་མེད་པའི་དཀོན་མཆོག་གསུམ ་དེ་ནས་བརྩམས་ཏེ་བཟུང་བར་བགྱི།། ནམ་དུ་ཡང་ནི་མི་བཏོང་ངོ་།། རྡོ་རྗེ་རིག་རྗེས་མཆོག་ཆེན་པོ་ཡིས།། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ནི།། ཡང་དག་ཉིད་དུ་བཟུང་བར་བགྱི།། སློབ་དཔོན་དག་ཀྱང་བཟུང་བར་བགྱི།། རིན་ཆེན་རིགས་མཆོག་ཆེན་པོ་ཡི།། དམ་ཚིག ་ཡིད་དུ་འོང་བ་ལ།། ཉིན་རོ་བཞིན་དུ་དུས་དྲུག་ཏུ།། སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན།། བྱང་ཆུབ་ཆེན་པོ་ལས་བྱུང་བའོ།། པདྨོའི་རིགས་ཆེན་དག་པ་ཡིས།། ཕྱི་ནང་གསང་བ་ཐག་པ་གསུམ།། དམ་ཆོས་སོ་སོ་བཟུང་བར་བགྱི།། ལས་ཀྱི་རིག་མཆོག་ཆེན ་པོ་ལ།། སྡོམ་པ་ཀུན་དང་ལྡན་པར་ནི།། ཐམས་ཅད་དུ་ནི་བཟུང་བར་བགྱི།། མཆོད་པའི་ལས་ཀྱི་ཅི་ནུས་བགྱི།། བྱང་ཆུབ་སེམས་ནི་བླ་ན་མེད།། དམ་པ་བདག་གིས་བསྐྱེད་བགྱིད་ནས།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། བདག་གིས་སྡོམ་པ་མ་ལུས ་བཟུང་།། མེ་སྒྲལ་བ་རྣམས་བདག་གིས་བསྒྲལ།། མ་གྲོལ་བ་ནི་དགྲོལ་བར་བགྱི།། དབུགས་མ་ཕྱུང་བ་དབུགས་དབྱུང་སྟེ།། སེམས་ཅན་མྱ་ངན་འདས་ལས་དགོད་ཅེས་ལན་གསུམ་དུ་བྱའོ།། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་གའོ།། ་དེ་ནས་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བསྲུངས་ནས་དེ་དག་གི་སྙིང་ག་དང་། མགྲིན་པ་དང་། མགོ་བོ་རྣམས་ཧཱུཾ་ཨཱཿོཾ་ནག་པོ་དང་དམར་པོ་དང་དཀར་བ་བསམས་ནས་དི་རྣམས་བརྗོད་ཙེང་སྙིང་ག་དང་། མོགྲིན་པ་དང་། མགོ ་རྣམས་ལ་དྲི་ཆུ་དང་བཅས་པ་རྡོ་རྗེ་དང་ལྡན་པའི་ཁུ་ཚུར་གཡས་པ་རེག་ཅིང་མགོ་བོ་ལ་མེ་ཏོག་དང་མདུན་དུ་སྤོས་དང་མར་མེ་ནཱི་སྙིང་ག་སྟེ་དྲི་ཡང་སྦྱིན་ནོ།། དེའི་རྗེས་ལ་ཨ་ཤྭད་ཐ་ལ་སོགས་པའི་སོ་ཤིང་སོར་བཅུ་གཉིས་པ་དྲང་ཞིང་སྲོག་ཆགས་མེད་པ་མ་གས་པ ་རྨ་མེད་པ་དྲི་ཞིམ་པོའི་ཆུས་བསྐུས་པ་རྩེ་མོ་མེ་ཏོག་གི་བཅིངས་ལ་བྱང་དུ་ཕྱོགས་ལ་ཏེ་སློབ་མ་རྣམས་ལ་སྦྱིན་ནོ།། དེ་རྣམས་ཀྱིས་ཀྱང་གྲུ་བཞི་ཁྲུ་གང་བའི་མཎྜལ་ལྕི་བས་བྱུགས་པར་ཤར་རམ་བྱང་དུ་ཕྱོགས་ཏེ། སོ་ཤིང་དེ་ཨོཾ་བཛྲ་ཧ་ས་ཧ་ཞེས་བརྗོད་ནས་རྩེ ་མོ་འཆོས་ཏེ་སྟེང་དུ་ལྟ་ཞིང་མ་གས་པ་དེ་བལྟོས་པ་མེད་པ་ར་མདུན་དུ་དོ་རཽ།། དེ་རྣམས་ལ་སོ་ཤིང་ལྷུང་བའི་རྗེ་སུ་འབྲངས་ཏེ་འབྱུང་བར་འགྱུར་བའི་དངོས་གྲུབ་བརྗོད་པར་བྱའོ།། ཤཱར་དང་བྱང་དང་ནུད་དང་ལྷོར་རང་སྟེང་དང་འོག་ཏུ་ཕྱོགས་པར་ལྷུང་ན་རིམ ་པ་བཞིན་དུ་ཞི་བ་དང་རྒྱས་པ་དང་དབང་དང་མངོན་སྤྱོད་དང་རིག་པ་འཛིན་པ་དང་ས་འོག་གིས་ད་པོས་གྲུབ་རྣམས་སོ།། མཎྜལ་གྱི་ངོ་སུ་ལྷུང་ན་དངོས་གྲུབ་མདོ།། དེའི་རྗེས་སུ་བཾ་གཾ་ས་ཡི་གེ་ལས་སྐྱེས་དེ་ཉིད་བཟླས་པའི་ཆུ་སོ་ཁ་བཀྲུ་བའི་ཕྱིར་འཐོར ་འཐུང་བྱིན་ནས་བདུད་རྗེ་འཁྱིལ་པ་ལན་བདུན་དུ་བཟླས་པའི་ཆུ་ཁྱོར་བ་གསུམ་ལ་ཨོཾ་ཧྲཱིཿབི་ཤུད་དྷ་སརྦ་དྷརྨྨ་པཱ་པ་ནི་ཙ་ཨ་མུ་ཀཾ་སྱ་ཤོ་དྷ་ཡ་སརྦ་བི་ཀལྤཱ་ན་ཨ་པ་ན་ཡ་ཧཱུཾ་ཞེས་འདོན་ཞིང་བླུད་པར་བྱའོ།། ངོ་ནས་དེ་རྣམས་ཀྱི་ཕྱི་ངོ་སུ་བཀོད་ནས་ཧཱུཾ་ལས་བྱུང་ཞིང ་དེ་བཟླས་པའམ་འཁྱིལ་བ་བཟླས་པའི་ཀུ་ཤ་མང་པོ་རྩེ་མོ་མ་བཅད་པ་ཉལ་བའི་སྟན་གྱིས་དོན་དུ་སྦྱིན་ནོ།། དེ་བཞིན་དུ་སྔགས་ཀྱི་དོན་དུ་ཡི་གེ་དྷཱིཿལས་སྐྱེས་པའི་ཀུ་ཤ་ཆུན་པོ་ཅིག་ལ་འཁྱིལ་པ་བཟླས་ལ་ཨོཾ་བཛྲ་ཏཱིཀྵ་ཎ་བཾ་ཞེས་པའི་སྔགས་ཀྱི ་སྦྱིན་ནོ།། དེ་ལ་ཡི་གེ་ཧཱུཾ་ལས་བྱུང་བའི་སྐུད་པ་དམར་པོ་སློབ་མའི་ལུས་ཀྱི་ཚང་སུམ་སྒྲིལ་བྱས་ལ་འཁྱིལ་བ་ལན་བདུན་བཟླས་པའི་མདུད་པ་གསུམ་པ་མམ་བདུན་བྱས་པ་དེ་རྣམས་ཀྱི་དཔུང་པ་གཡས་པ་འམ་ལག་པ ་གཡོན་པར་བརྒྱུད་གཞན་དུ་བཤད་པའི་ཨོཾ་བུད་དྷི་མཾ་ཏྲཻ་རཀྵ་རཀྵེ་སརྦནྟུ་སྭཱ་ཧཱ་ཞེས་འདོན་ཞིང་རང་ཉིད་ཀྱིས་བཅིངས་ལོ་ཡང་དག་པར་བསླངས་ཏེ་སྤྲོ་བ་བསྐྱེད་པར་བྱའོ།། བསྐལ་པ་བྱེ་བ་པུ་མཱ~ཾ་རུ།། སྡིག་པ་གང་ཞིག་སྔོན་བྱས་པ།། དེ་ཀུན་དཀྱིལ ་འཁོར་འདི་དྲན་པའམ།། མཐོང་བས་ཟད་པར་འགྱུར་ལགས་ནི།། གང་དག་སྤྱོད་པ་མཆོག་འདི་ལ།། བློ་གྲོས་ཤིན་ཏུ་དྲི་མེད་པ།། དེ་ཉིད་ཀྱིས་ནི་ངན་འགྲོའི་རྒྱུན།། སྡུག་བསྔལ་ཀུན་ནི་རབ་ཏུ་བཅད་།། བདག་ཉིད་ཚོན་པོ་ཁྱེད་རྣམས་ཀྱིས། ་རྙེད་པ་རྣམས་གཉིས་དེ་རིང་རྙེད།། གང་ཕྱིར་རྒྱལ་བ་སྲས་བཅས་པ།། བདག་ཉིད་ཆེན་པོ་ཀུན་གྱིས་ནི།། བསྟན་པ་འདི་ལ་ཁྱེད་རྣམས་ཀུན།། ཡོངསུ་བཟུང་སྟེ་སྐྱེ་བར་འགྱུར།། དེ་ཕྱིར་ཁྱོད་རྣམས་ཐེག་ཆེན་ལ། ལེགས་པར་རབ་ཏུ་སྐྱེ་བར ་འགྱུར།། ཐེག་པ་ཆེན་པོ་ཆེར་འབྱུང་བའི།། ལམ་མཆོག་འདི་ནི་དཔལ་དང་ལྡན།། ཁྱེད་རྣམས་འདི་ཡི་འགྲོ་འགྱུར་ན།། དེ་བཞིན་གཤེགས་པ་རྣམས་སུ་འགྱུར་ཅེས་ཉན་དུ་བཅུག་ནིས་ངོ་རྣམས། འཁྱིལ་པའི་སྔགས་ཀྱིས་བསྲུངས་ནས་དེ ་ལ་བཟླས་པའི་དོན་དུ་འཁྱིལ་པའི་སྔགས་བྱིན་དེ་ནང་པར་རྨི་ལམ་བདག་ལ་སྨྲོས་ཤིག་ཅེས་བརྗོད་ནས་གཞལ་ཡས་ཁང་གི་ནང་། དཀྱིལ་འཁོར་གྱི་སའི་མཐར་ཡོལ་བ་ལ་སོགས་པས་བཅད་པར་རམ། གཞན་དུ་སེང་གེའི་ཉལ་སྟངས་ཀྱིས་ཉལ་དུ ་གཞུག་གོ།། རང་ཉིད་དཀྱིལ་འཁོར་གྱི་ཁང་པར་ཞུགས་ནས་བསྲུང་བའི་དོན་དུ་འཁྱིལ་པའི་སྔགས་བཟླས་པར་བྱའོ།། འདིར་སྡོམ་པ་གང་སློབ་དཔོན་དུ་མི་བྱེད་པ་ལ་ཡང་ཐུན་མོངས་དུ་སྦྱིན་པར་བྱ་བ་ནི་སྐྱབསུ་འགྲོ་བ་དང་སེམས་བསྐྱེད་པ་ཙམ་གྱི་མཚན ་ཉིད་དོ།། གང་ཡང་སློབ་དཔོན་དུ་བྱེད་པ་ལ་སྦྱིན་པོ་དེ་ནི་སློབ་དཔོན་གྱི་སྡོམ་པཱ་སྟི་རིགས་སྔགས་བསྡུས་པའོ།། དེའི་ཕྱིར་སློབ་མ་ལྡོག་པར་གནས་པའི་ཆོ་ག་འོདི་ནི་སྡོམ་པ་གཉིས་སྦྱིན་པ་སྔོན་དུ་འགྲོ་བ་ཅན་ཡིན་ནོ་ཞེས་སློབ་མ་ལྷག་པོར་གནས་པའི ་ཆོ་གའོ།། དེ་ལྟར་སློབ་མ་ལྷག་པོར་གནས་པ་བྱས་ནས་ལྷ་ཡི་ཤེས་ཀྱི་ཐིག་གི་དོན་དུ་ན་མཁར་བྱཱཏགས་ལ་ཤོར་དུ་ཕྱོགས་པར་སྐུད་པ་ལྔ་སྣོད་ལྔར་བཞག་ལ་དྲི་དང་བདུད་རྩི་ལྔ་དང་། ཡུངས་ཀར་གྱི་ཕྱེ་མ་དང་ལྡན་པའི་ཚོན་གྱིས་ཁ་བསྒྱུར ་ལ་རིགས་ལྔའི་དམ་ཚིག་པ་བསྐྱེད་ལ་ཡེ་ཤེས་ཀྱི་ཐིག་རིགས་ལྔའི་ངོ་བོར་བསྟིམ། དེ་ནས་ཨོཾ་ཨ་ནྱོ་ནྱཱ་ཨ་ནུ་ག་ཏཽ་སརྦ་དྷརྨྨཿབ་རཱ་སྥཱ་ར་ཨི་ནུ་པྲ་བིཥྚ་སརྦ་དྷརྨཱཿ་ཏྱནྟ་ཨ་ནུ་པྲ་བིཥྚ་སརྦ་དྷརྨྨཿོཾ་ཨཱཿཧཱུཾ་ཞེས་བརྗོད་ཅིང ་འཁྱིལ་པའི་སྔགས་ཀྱིས་སློབ་མོ་དང་སྐུད་པ་ལྔ་ལྔསཱ་རེ་རེ་བྱའོ།། དེ་ལྟར་བསྒྲིམས་པ་ལ་ཡང་གཅིག་བྱའོ།། རིང་ཐུང་དཀྱིལའཁོར་གྱི་ཉེས་འགྱུར་ལ་སྡོམ་སུ་ནས་ཙམ་མོ།། དེ་ནས་ཤར་དུ་དྲི་ཆུ་དང་།། བདུད་རྩི་ལྔ་དང་བའི་རྣམ་ལྔས་བས ་ཞིང་དྲི་དང་མེ་ཏོག་དང་རྫས་ཀྱི་མཆོད་དེ་ལེ་གེ་པར་རེག་ཅིང་འཁྱིལ་བས་བསྲུང་ངོ་།། ལས་ཐམས་ཅད་པ་བཟླས་པའི་བདུད་རྩིའི་ཆུ་དང་ཡུངས་ཀར་དྲང་དྲིའི་ཆུས་གཏོར་ཏི། རྡོ་རྗེ་དང་བཅས་པའི་ལག་པ་གཡས་པར་རིག་སྟེ་ཨོཾ་བཛྲ་ས་མ་ཡ་སུ་ཏྲཾ་མྲ ་ཏི་ཀྲ་མ་ཧཱུཾ་ཞེས་བརྗོད་ནས་ཡི་གེ་གསུམ་བརྒྱ་རྩ་བརྒྱད་བརྗོད་དེ་ལྷག་པར་གནས་པར་བྱའོ།། ཡང་དཀྱིལ་འཁོར་གྱི་ས་ལ་ཨོཾ་སརྦ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ་ཅེས་པས་བུམ་པ་ཐམས་ཅད་ཀྱི་ཆུས་བསང་གཏོར་བྱས་ལ་དྲིས་བྱུགས ་ནས་མེ་ཏོག་བཀྲམ་སྟེ་ན་མཁའ་ལ་དཀྱིལ་འཁོར་དམིགས་ཏེ་མཆོད་པསྟོང་བྱའོ།། དེ་ནས་སློབ་མ་འཁྱིལ་པས་བསྲུང་བ་དང་། རང་གི་ལྟེ་བར་ཐིག་སྐུད་བཟུང་བ་དང་། རྡོ་རྗེ་རྐང་པས་དང་པོ་གཡས་ས་ལ་འདོར་བས་འགྲོ་ཞིང་ཛྷཻཾ་ཛྙཱ་ཛྙཱས་བསྐུལ་ཞིང ་དེས་ཀྱང་ཛྙཱ་ཛྙཱཛྫ་ས་སྣ་དྲངས་ལ་ནུབ་ནས་ཤར་དང་ལྷོ་ནས་བྱང་དུ་ན་མཁའ་ལི་ཚངས་ཐིག་གཉིས་རྡོ་རྗེ་དང་བཅས་པའི་གཡས་པས་འདེབས་ཤཱི་པ་སཾ་གོལ་གྱི་སྒྲ་བྱའོ།། ཐིག་གི་སྒྲས་སངས་རྒྱས་ཐམས་ཅད་བསྐུལ་ནས་ཐིག་སྐུད་ལ་བསྟིམ་མོ།། ་ཐིག་གདབ་པ་ཐམས་ཅིད་དུ་ཨོཾ་བཛྲ་ས་མ་ཡ་སུ་ཏྲཾ་མཱ་ཏི་ཀྲྀ་མ་ཧཱུཾ་ཧཱུཾ། ཨོཾ་སརྦ་ཨ་ཧཾ་ཞེས་བརྗོད་པར་བྱའོ།། དེ་ལྟར་སའི་གཉིས་ཀྱང་པོ།། མེའི་མཚམས་ན་ས་རླུང་དུའོ།། བདེ་ན་བྲལ་ནས་དབང་ལྡན་མཚམསུ་གདབ་པོ།། མ་ཧེའི་མཚམས་སུ ་གནས་ཏེ་ཤྭར་གྱི་རྩ་ཐིག་འཁོར་ལོའི་མཚམ་སུ་གདབ་བོ།། རླུབ་ནས་ནུབ་ཀྱིའོ།། དེ་ནས་བྱང་གིའོ།། མེ་ནས་ལྷོའི་འོ།། ཐིག་དེའི་གཅིག་གི་བརྒྱ་ཆ་སྒོ་ཡིནོ།། དྲེ་ན་ས་ཧིཾ་ཧི་ཞེས་བརྗོད་ནས་སྒོའི་རྩ་བའི་ཐིག་དབྱིའོ།། ཐིག་ཐམས་ཅད་བཏབ་ནས ་ཡེ་ཤེས་ཀྱི་ཐིག་བློས་བཏེག་ལ་དཀྱིལ་འཁོར་གྱི་ལྟེ་བར་སེང་ལྡི་ང་གི་ཕུར་པ་སྟེ། རྡོ་རྗེ་རྩེ་གཅིག་པ་མགོ་རྩ་གཅིག་པ་ཧཱུཾ་ལས་བསྐྱེད་པར་བསམས་ལ་ཕུར་བའི་སྔགས་བརྒྱ་རྩ་བརྒྱད་བཟླས་ལ་བརྡུང་བའི་སྔགས་ཀྱིས་བརྡུང་སྟེ། ཟླུམ་པོའི ་ཐིག་བཏབ་ནས་ཨོཾ་ཨཱཿཧཱུཾ་བཛྲ་མུཿཡེ་ཤེས་ཀྱི་ཐིག་སྐུད་གཤེག་སུ་གསོལ་ཏེ་སངས་རྒྱས་ཀྱི་ཐུགས་ཀར་གཞུག་གོ།། ཐིག་སྐུད་ཀྱི་ཆོ་གའོ།། དེ་ནས་རྡུལ་ཚོན་ལ་རིགས་ལྔའི་ང་མཆོག་བསྐྱུད་པ་ཡེ་ཤེས་བསྟིམ་ནས་ཨོཾ་བཛྲ་ཙ་ཏྲ་ས་མ་ཡཱ་ཧཱུཾ་ཞེས ་རྩ་བརྒྱད་བཟླའོ།། དེ་ནས་ཡིད་ཀྱི་སྦར་རོ།། དྲི་དང་མེ་ཏོག་གིས་མཆོད་ལ་སྨོད་དུ་བཞག་གོ།། དེ་ནས་དཀྱིལ་འཁོར་ལྟེ་བའི་ཕུ་ར་བེ་ཧཱུཾ་བཞི་པའི་སྔགས་ཀྱིས་བཏོན་ལ་བློས་ལག་པའི་རྡོ་རྗེ་ལོ་བསྟིམ་སྟེ་ཁུང་བུ་ཚོན་སྣ་ལྔས་བཀང་ལ་འདི་ནི་ཆོས ་དབྱིང་དག་པ་སྟེ།། སེམས་ཅན་ཁམས་ནི་རབ་སྒྲོལ་མཛད།། བདག་ཉིད་རྡོ་རྗེ་འཆང་རྒྱལ་ཏེ།། དེ་བཞིན་གཤེགས་པ་ཀུན་གྱི་གནས།། ཉེས་པ་ཀུནུ་ལས་རྣམ་པར་གྲོལ།། འཁོར་བའི་གནས་སུ་ཡདྱ་ངག་གནས་ཞེས་ཆོས་དབྱིངས་རྣམ་པར ་དག་པར་མོས་ནས་ཨོཾ་བཛྲ་རཱ་ག་ས་མཱ་ཡཱ་ཨཱ~ཾ་ཨཱཿཧཱུཾ་ཞེས་བརྗོད་ཅིང་གཡས་པས་རྡོ་རྗེ་བཟུང་ལ་གཡོན་པས་དབང་ལྡན་ནས་གཡས་བསྐོར་དུ་ཆེན་དགྱིའོ།། ཕྱི་ནས་སློབ་མར་དང་ཇི་ལྟར་བང་བ་ཚོན་དཀྟའོ།། ཧཱུཾ་དང་འཁྱིལ་པ་བཟླས་པའི ་བདུད་རྩི་ལྔ་དང་དྲིའི་ཆུས་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་བྱུགས་ལ་དཾ་བཟླས་པའི་ཆུས་དཀྱིལ་འཁོར་བསངས་ཏེ་རྡུལ་ཚོན་ལྷག་མ་རྣམས་ཨོཾ་ཨཱཿཧཱུཾ་བཛྲ་མུཿབརྗོད་པས་ཡེ་ཤེས་པ་གཤེགསུ་གསོལ་ཏེ་ཚོན་ས་གཙང་སར་བཞིག་གོ།། ་ཚོན་ད་བྱའོ།། དེ་ནས་དཀྱིལ་འཁོར་གྱི་ཕྱོགས་བཞིར་མདོ་བཞི་བཀླག་གོ།། སྤོས་ཕོར་བརྒྱད་བཞག་གོ།། རས་སྟོང་ལ་སོགས་པ་དང་། གདུགས་དང་། རྒྱལ་མཚན་པ་དན་དང་འཕན་ལ་སོགས་པ་ཡི་གེ་ཧཱུཾ་དང་བདག་པོའི་སྔགས་བཟླས་པ ་ཨོཾ་བཛྲ་སྥཱ་ར་ཁཾ་ཞེས་ཕྱུལ་ནས། དེ་ནས་འཁྱིལ་པའི་ཆུས་མཎྜལ་བསངྱས་ཏྭ་ཡི་གེ་གསུམ་དང་འཁྱིལ་པའི་སྔགས་ཀྱིས་བསྲུངས་ནས་རྡོ་རྗེ་དྲིལ་ལྔ་བཟུང་སྟེ་ཤར་སྒོ་ནས་ཉེ་བར་ནུབ་ཏུ་ཕྱོགས་པས་གནས་ནས་འཁོར་བའི་དང ་པོའི་རྣལ་འབྱོར་དང་ལྡན་པས་བྲིས་པའི་དཀྱིལ་འཁོར་སྟོང་པ་ཉིད་ཀྱི་རྗེས་ལ་བསྲུ་བའི་འཁོར་ལོ་དང་བགེགས་ལ་ཕུན་བུས་གདབ་པ་ལ་སོགསྣ་ཆོ་ག་བསྒོམ་པར་བྱ་བའི་དཀྱིལ་འཁོར་གྱི་རང་བཞིན་དུ་བརྟགས་པར་བྱས་ནས་རབ་ཏུ་བསྒྲུབ་པའི་ཕྱི་རོལ ་གྱིཀྱིགྱི་ཕྱག་རྒྱང་པོ་སྙོམས་པར་འཇུག་པར་བྱ་སྟེ། དམང་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་པོ་སྙོམས་པར་འཇུག་པས་ཀྱང་རངྒ་སྟྭཾ། ཡང་དག་པར་བསྐྱོད་པའི་དགའ་བྲུའི་སྒྲས་ཡོ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ལ་ཞ་ལ་བསིལ་དང་མཆོད་ཡོན་པ་སྔོན་དུ ་བསོ་རང་གི་ནང་དུ་བཅུག་ལ་འདོད་ཆགས་ཆེན་པོས་རྒྱུ་བར་གྱུར་པ་དེ་རྡོ་རྗེའི་ལམ་ནས་བྱུང་བྷཱུདྨཱ་ཡེ་ཤེས་ཀྱི་ལྷའི་འཁོར་ལོའི་བདག་ཉིད་སྤྲོས་ཏེ། དམ་ཚིག་གི་འཁོར་ལོ་གནས་ཇི་ལྕི་བར་ཞུགས་པར་བསམས་ནས་སྨནྟ་དང་སྐུ་ལ་སོགས་པ་ཥྚྲཱིན་གྱིས ་བརླབས་པའི་དེ་མ་ཐཱག་ཏུ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་འཁྲུག་པའི་ངོ་བ་ནི་རྒྱུ་གཤེགས་པ་དང་ལྷ་མོ་རྣམས་ཀྱིས་དབང་བསྒྱུར་ནས་ཇི་ལྟར་རིགས་པས་རྒྱུས་གདབ་པར་བྱའོ།། དེ་ནས་མཆོད་པའི་ལྷ་མོ་སྤྲོས་པོ་རྣམས་ཀྱིས་ཡོད་འཛིན ་གྱི་མཆོད་པས་མཆོད་བསིལ་བའི་རས་དང་རམ་ཟུང་དང་བླ་བྲེ་ལ་རས་སྦྱངས་པ་དང་ཡི་ག་གསུམ་གྱིས་བསྔགས་པའི་བཟའ་བ་དང་བ་ལྡག་པ་དང་བཅའ་བ་དང་བཞིབ་པ་དང་བཏུང་པོ་དང་ཞལ་ཟས་ལ་སོགས་པ་དང་གསེར་དང་བུ་མོ་མ་དང་གླང ་ཆེ་དང་རྟ་དང་པ་ལང་ལ་སོགས་པ་ཕུལ་ནས་ཕྱི་རོལ་གྱི་རྣལ་འབྱེར་མ་དྲུག་གམ་བརྒྱད་ངམ་བཞིས་གཟུགས་རྡོ་རྗེ་མ་ལ་སོགས་པའི་ངོ་བོས་རང་གི་མཆོད་པས་མཆོད་ནས་དྲིལ་བུ་དཀྲོལ་ཞིང་། མི་བསྐོང་རྡོ་རྗེ་ཡེ་ཤེས་ཆེ།། རྡོ་རྗེ་དབྱིངས་ནི་མཁའ་ཆེན ་པོཔོ། རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ།། རྡོ་རྗེ་དབྱིངས་ལ་ཕྱག་འཚལ་བ་སྟོང་།། རྣམ་པར་སྣང་མཛད་དག་པ་ཆེ།། རྡོ་རྗེ་ཞི་བ་དགའ་ཆེན་པོ།། རང་བཞིན་འོད་གསལ་མཆོག་གི་མཆོག། སྟོན་པ་རྡོ་རྗེ་ཕྱག་འཚལ་བསྟོདདོ།། རིན་ཆེན་རྒྱལ་པོ ་རབ་ཏུ་ཞབ།། རྡོ་རྗེ་ན་མཁའ་དྲི་མ་མེད།། རང་བཞིན་དག་པས་གོས་པ་མེད།། རྡོ་རྗེ་སྐུ་ལ་ཕྱག་འཆི་ལ་བསྟོད།། རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེ།། མི་རྟོག་ན་མཁའ་རྡོ་རྗེ་འཛིན།། འདོད་ཆགས་ཕ་རོལ་ཕྱིན་པ་ཐོབ།། རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད།། དོན ་ཡོད་རྡོ་རྗེ་རྫོགས་སངས་རྒྱས།། བསམ་པ་ཐམས་ཅད་རྫོགས་མཛད་པའི།། རང་པོཞིན་དག་པས་ཡང་དག་འབྱུང་།། རྡོ་རྗེ་སེམས་དཔའ་ཕྱག་འཚལ་བསྟོད་ཅེས་བྱ་བས་བསྟོད་དོ།། རང་དང་ཤེས་རབ་ཀྱི་མེ་ཏོག་དང་བཅས་པའི་བྱང་ཆུབ་ཀྱི ་སེམས་པདྨའི་སྣོད་དུ་བཅུག་ནས་བདུད་རྩིར་བཅས་པ་ཕུལ་ཏེ། དེ་རྣམས་བདུད་རྩི་མྱང་བས་ཚིམ་པར་བྱས་ལ་བདེ་བ་ཆེན་པོའི་རང་བཞིན་དུ་མོས་ནས་འཁོར་ལོའི་བདག་པོའི་གསང་སྔགས་བརྒྱ་རྩ་བརྒྱད་དཀྱིལ་འཁོར་བའི་སྔགས ་ཉི་ཤུ་རྩ་རེ་རེ་དང་ཡི་གེ་བརྒྱ་པ་བཟླའོ།། འཆང་པར་འགྱུར་བའི་ཆེ་གས་འབྱུང་པོ་ཐམས་ཅད་པའི་གཏོར་མ་དབུལ་ལོ།། ཡོད་ན་སྒྲུབ་པའི་གྲོགས་དཀྱིལ་འཁོར་གྱི་འགྲམ་དུ་བཞག་ནས་ཕྱིར་བྱུང་སྟེ་འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི ་གས་རང་གི་འདོད་པའི་ལྷ་དང་དབང་པོ་ལ་སོགས་པ་ལ་གཏོར་མ་དབུལོ།། དེ་ནས་ལྷག་པ་གཡས་པ་གན་རྒྱལ་དུ་བྱས་ནས་གུང་མོ་དང་མིང་མེད་ཅུང་ཟད་བསྐུམ་ལ་མངོན་དུ་ཕྱོགས་པར་བཟུང་བར་བྱའོ།། ལག་པ ་གཉིས་པུས་མོ་ནང་དུ་བྱས་ནས་ཙོག་ཙོག་པོར་འདུག་ཅིང་། མི་སྨྲ་བར་ལག་པའི་ཟེ་འབྲུའི་ཁ་ལཱ་མང་དུ་ཁྱབ་ཅིང་ལན་གསུམ་གསུམ་དུ་རྣ་བའི་བུག་པ་གཉིས་དང་། མིག་དང་ཁ་དང་ལག་པ་དང་ལྟོ་བ་དང་མགོ་རྣམ་ལ་རེག་པར་བྱའོ།། དེ ་ལྟ་བུ་ནི་ཉེ་རག་གི་ཆོ་གའོ།། དེའི་རྗེས་ལ་ཡོད་ན་ལྷག་ཆད་ལ་སོགས་པའི་ཉེས་པ་ཞི་བར་བྱ་བ་དང་དཀྱིལ་འཁོར་ཚིམ་པར་བྱའི་བའི་ཕྱིར་ཞི་བ་དང་རྒྱས་པའི་སྦྱིན་སྲེག་བྱ་ནས་ཁམས་གསུམ་རྣམ་པར་རྒྱལ་བའི་རྣལ་འབྱོར་དང་ལྡན་པས་སེམས་མེ་ཏོག ་གི་ཕྲེང་བ་བླཿཉ་ཨ་ཙདྷནཱི་སུཾ་བྷ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པོ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷཽ་ག་བཱན་བིདྱཱ་རཱ་ཛ་ཧུཾ་ཧུཾ་ཕཊ། ཅེས་བྱ་བའི་སྔགས་ཟློས་ཤིང་རྡོ་རྗེ་ཤུགས་ཀྱིས་དཀྱིལ་འཁོར་དུ་ཞུགས་ནས་རྡོ་རྗེ་གསོར་ཞིང ་དྲིལ་བུ་དཀྲོལ་ནས་རྡོ་རྗེ་རྐང་པས་ཨོཾ་ཧཱུཾ་ཕཊ་བྱ་བ་དང་ཨོཾ་ཧུཾ་ཨཱཿཕཊ་ཅེས་བྱ་བ་དང་། ཨོཾ་ཧཱུཾ་ཨ~ཾ་ཨ་ཕཊ་ཅེས་བྱ་བ་དང་། ཨོཾ་ཧཱུཾ་ཧ་ན་ཧེ་ན་མཱ་རཱ་ཡ་དུཥྚཱན། ག་ཏ་ཡ་ག་ཏ་ཡ་ཨ་ཨ་ཧཱུཾ་ཧི་ཕཊ་ཅེས་པའི་སྔགས་བཞིས་གཽ་རི་མ་བཞིན་དུ་ཟློས་པའི་ཤ ་སྒོ་ལ་སོགས་པར་བརྗོད་དོ།། སློབ་མ་རྣམས་དང་སྐོར་བ་གསུམ་ལྷན་ཅིག་ཏུ་བྱོས་ནས་ལྷག་པ་དང་མ་ཚང་བའི་ཉེས་པ་ཞི་བར་བྱ་བའི་ཕྱིར་འཁོར་ལོ་ལ་བལྟས་ཏེ་ཕྲེང་བ་བཅོམ་ལྡན་འདས་ལ་ཕུལ་ནས་སྐོར་བའི་གྲངས་བཞིན་ནུབ་ལ་སོགས་པ་བཞིར ་གནས་པས་ཤར་ལ་སོགས་པ་བཞིར་ཨོཾ་བཛྲོད་གྷ་ཊ་ཡ་ས་མ་ཡ་པྲ་བ་ཤ་ཡ་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་སྒོ་དབྱེ་བར་བསམས་ཡེ་ཨོཾ་ས་མ་ཡ་པྲ་ཤ་མཱཾ་ཞེས་བརྗོད་ནས་གར་བྱེད་ཅིང་སླར་ཕྲེང་བ་བླངས་ལ་རང་གི་མགོ་ལ་བཅིངས་ཏེ་འཁོར་ལོ་ལ ་ཕྱག་འཚལ་ནས་དེང་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཐམས་ཅད་ཀྱི་བཀའ་དྲིན་མཛོད་ཅིག་ཅེས་གོ་བར་བྱས་ནས་བསྒོམ་པ་དང་བཟླས་པ་བྱའོ།། འདིར་དཀྱིལ་འཁོར་གྱི་ཁང་པ་ལས་ཕྱི་ངོསུ་དབང་པོ་ལ་སོགས་པ་གོ་རིམ་བཞིན་དུ་དཀར་པོ ་དོངད་སེར་སྐྱ་དང་ནག་པོ་དང་དུང་ཁ་དང་དམར་པོ་དང་ཁྲ་བོ་དང་སེར་པོ་དང་ལྗང་གུའི་བ་དན་བརྒྱད་དཀྱིལ་འཁོར་གྱི་ལྷོ་རྣམས་ལ་ཕུལ་ནས་ཤར་ལ་སོགས་པར་གཟུགས་པར་བྱ་ཞེས་པ་ནི་ཤེས་རབ་སྐྱོང་ཞེས་ཟེར། བཅོམ་ལྡན་འདས་ཀྱིས་ཀྱང་སངས་རྒྱས ་ཐོད་པའི་རྒྱུད་དུ། གྲུ་བཞི་པ་ལ་སྒྲོ་བཞི་པ། དེ་དན་བརྒྱད་ཀྱིས་ཉེ་བར་བརྒྱན་ཞེས་གསུངས་སོ།། དེའི་རིགས་རྣམ་པར་སྣང་མཛད་དང་དེའི་རིགས་ཀྱི་ལྷ་རྣམས་ཀྱི་ནི་རིང་རང་ཕྱོགསུ་དགོད་པར་བྱའོ།། ཞེས་ཁ་ཅིག་སྟེ། རིན་ཆེན་དབང་པོ་དང་དེའི ་རིགས་ཅན་རྣམས་ནི་བདེན་བྲལ་དུའོ།། སྣང་བ་མཐའ་ཡས་དེའི་རིགས་ལས་བྱུང་བ་རྣམས་རླུང་དུའོ།། དོན་ཡོད་གྲུབ་པ་རའི་རིགས་ཀྱི་ལྷ་རྣམས་ཀྱི་དབང་ལྡན་དུ་འོནམམས་ཅས་མ་།། ཞེས་ཁ་ཅིག་གོ།། དབང་པོ་སེར་པོ་དང་། ་ཁྱབ་འཇུག་ནག་པོ་དང་། ཟླ་བ་དཀར་པོ་དང་། ཉི་མ་དམར་པོ་དང་། ཚངས་པ་སེར་པོ་སྟེ་དབང་པོར་མེའི་དབང་པོ་དང་། གཤིན་རཱ་ནག་པོ་དང་། བདན་བྲལ་དུང་ཁ་རྣམས་ནི་རང་རང་གི་ཕྱོགས་སའོ།། ནུབ་ཏུ་ཆུ་ལྷ་དཀར་པོ་དང་། ས་སེར་མོ་དང་། ་ཐུག་བཟངས་རིགས་ཀྱི་ནག་པོ་དང་། རླུང་དང་རླུང་གི་ལྗང་ཁུའོ།། བྱང་དུ་ལུས་ངན་པོའི་སེར་པོ་དང་། ཚོགས་བདག་གི་དཀར་པོའོ།། དབང་ལྡན་དུ་དབང་པོའི་དཀར་པོའོ།། དེ་ལྟར་འཕན་བཅོ་ལྔ་ནི་ཕྱོགས་ཀྱི་བདག་པོ་རྣམས ་མཉེས་པར་བྱ་བའི་དོན་དུའོ།། མི་འབྱོར་ན་ནི་ནུས་པ་ཇི་ལྟ་བར་བཱ་དན་རྣམས་དབུལ་བར་བྱའོ་ཞེས་པ་ནི་དཀྱིལ་འཁོར་སྒྲུབ་པའི་ཆོ་ག་འཁོར་དང་བཅས་པའོ།། ། དེའི་རྗེས་ལ་དེ་ནས་བླ་མོ་ནང་པར་གཏོར་མ་བཏབ ་ནས་དཀྱིལ་འཁོར་གྱི་ཁང་པར་ནས་བྱུང་སྟེ་སློབ་མ་རྣམས་ལ་རྨི་ལམ་དྲིས་ནས་རི་ལ་ལྷུང་བ་ལ་སོགས་པ་མི་དགེ་བའི་རྨི་ལམ་བྱུང་ན་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསྲུངས་ནས་དཀྱིལ་འཁོར་གྱི་ཁང་པར་འཇུག་པའི་ཚེ་སློབ་མ་རྣམ ་ཀྱི་སྔོན་དུ་སློབ་དཔོན་ཞུགས་པར་བྱ་སྟེ། ཨོཾ་པྲ་བེ་ཤ་བྷ་ག་བཱན་མ་ཧཱ་སུ་ཁ་མོ་ཀྲཱ་སྱེ་རྀ་སརྦ་སིདྡྷི་སུ་ཁ་པྲ་དྷི་པ་ར་མ་སུ་ཁ་ཨུ་དྷ་མ་དྷི། སིདྡྷིཿཧཱུ~ཾ་ཧ་རྠ་སྭཱ་ཨཱ.ཱ་ན་བསྟོད་པས་ཞུགས་ནས་གཡས་སྐོར་གྱིས་འཁོར་ལོའི་དབང་ཕྱུག་གི་དེ ་རྒྱལ་གྱིས་ནུབ་ལ་སོགས་པའི་སྒོར་གནས་ཏེ། དཀྱིལ་འཁོར་གྱི་ཤར་ལ་སོགས་པའི་སྒོར་ཨོཾ་བཛྲ་ཨུདྒྷ་ཊ་ཡ་ས་མ་ཡ་པྲ་བེ་ཤཱ་ཡ་ཧཱུཾ་ཞེས་འདོན་ཞང་ཕྱེ་ལ། མེ་ཏོག་གི་ཕྲེང་བ་ལ་ཨོཾ་པ་ར་མ་སུ་ལཾ་ཤཱ་ཡ་སུ་ལ་ལི་ཏ། \ུ0f7fབྱི་ལ་སཱ་མ་མི་ཏ་ན ་མི་ཏི་ར་ན་མཱ་མི་བྷ་ག་བཱན་ཏཾ་ཛཿཧཱུཾ་བཾ་ཧོཿཧི་ཧི་ཧི་ཧི་ཧཱིཿཔྲ་ཏཱིཙྪ་ཀུ་སུ་མ་ཨཉྫ་ལི་ནི་ནཱ་བ་ཧོ་ཞེས་བྱ་བའི་སྔགས་ཀྱིས་དཀྱིལ་འཁོར་ལ་དོར་ནས་སླར་བཟུང་སྟེ་ཕྲེང་བའི་དབང་གིས་བསམ་པས་རང་གི་མགོ་ལ་བཅིངས་ནས་མངོན་སུམ་དུ་གྱུར ་པའི་འཁོར་ལོའི་དབང་ཕྱུག་བླ་མར་མོས་ནས་དེས་སྟར་བཞིན་པའི་ཕྲེང་བའི་དབང་ལ་སོགས་པ་འཆད་པར་འགྱུར་བའི་དབང་མ་ལུས་པ་དང་ཆོ་ག་བཞིན་དུ་སློབ་དཔོན་གྱིས་ལས་ཐམས་ཅད་ལག་ནང་བ་ཐོབ་ནས་སློབ་མ་གཞུག་པའི་ཆེད ་དུ་བདེ་བ་ཆེན་པོའི་བདག་ཉིད་ཤེས་རབ་དང་ཐབས་ཀྱི་རང་བཞིན་དེ་ཁོ་ན་ཉིད་ཀྱི་བསྐོད་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་གྱི་དངོས་གྲུབ་འདོད་པའི་བྱའོ།། དེ་ཁོ་ན་ཉིད་ཀྱི་བདེན་པའི་བྱིན་རླབས་ཀྱང་བྱའོ།། ན་མཁའ་ལས་སྐྱེས་མཚན ་ལྡན་ནི།། ཐོག་མ་ཐ་མེད་པའི་མཆོག། སེམས་དཔའ་རྡོ་རྗེ་ཚེ་རང་བཞིན།། མི་བསྐྱོད་རྡོ་རྗེ་དང་བདག་སྒྲུབས།། ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ།། དབང་ཕྱུག་ཆེན་པོ་ལྷག་པའི་ལྷ།། རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ།། མི་འགྱུར་མཆོག་ཏུ་བདག ་གྲུབ་མཛོད།། ཉེས་པ་མི་མངའ་རྟག་པར་མཁྱེན།། འདོད་ཆགས་ཀུན་གྱི་རྗེས་ཆགས་པ།། འདོད་ཆུག་ས་ཆེན་པོ་དགའ་དུ་ཆེ།། བཅོམ་ལྡན་དེ་ནི་བདག་གྲུབ་མཛོད།། ཤིན་ཏུ་དག་པ་ཆོས་ཀྱི་མཆོགེ། གདོད་ནས་གྲོལ་བས་དེ་བཞིན ་གཤེགས།། ཀུན་ཏུ་བཟང་པོ་ཀུནྟུ་བདག་ཉིད།། བྱང་ཆུབ་སེམས་དཔའ་བདག་གྲུང་མཛོད།། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག། དབང་ཕྱུག་རྒྱ་མཆོག་ཕྱག་རྒྱ་ཡིས།། གྲུབ་པའི་རྡོ་རྗེ་ཆེར་བ་སྟོང་པས།། རྡོ་རྗེ་བསྙེམས་པར་བདབ ་མཛོད་ཅིག། སེམས་ཅན་ཀུན་གྱི་ཡིད་ཁྱབ་ཅིང་།། སེམས་ཅན་ཀུན་གྱི་སྙིང་ལ་གནས།། སེམས་ཅན་ཀུན་གྱི་ཡབ་གྱུར་ཉིད།། འདོད་ཆགས་དམ་ཚིག་མཆོག་གྱུར་པའི།། བདེན་པ་གང་གིས་ཡེ་ཤེས་མཆོག། ཤེས་རབ་ཐབས་བདག ་དཀྱིལ་འཁོར་ཡིན།། བདེན་པ་དེ་ཡིས་མགོན་པོ་བདག། ཁྱེད་ཀྱིས་འདོད་པས་རབ་རྫོགས་མཛོད།། ཆོས་རྣམས་གཟུགས་བརྙན་ན་ཚུངས་པར་ནི།། དགྲ་ཅིང་གསལ་ལ་སྙོགས་པ་མེད།། བཟུང་དུ་མེད་ཅིང ་བརྗོད་དུ་མེད།། རྒྱུ་དང་ལས་ལས་ཡང་དག་བྱུང་།། དེ་བཞིན་ཉིད་ལ་དེ་ཉིད་སྐྱེས།། བདེན་པ་དེ་ཡིས་སློབ་མ་ནི།། གཟུགས་བརྙན་གསལ་བར་སློབ་མ་བཞིན།། ཀུན་གྱིས་དྲི་མ་མེད་མཐོང་ཤོག་ཅེས་བརྗོད་པ་དེ་ནི་སློབ་དཔོན་འཇུག་པའི་ཆོ་གའོ།། ། ་དེ་ནས་སྒོའི་སློབ་དཔོན་མི་འདོད་ན།། གཞན་ལས་ཀྱི་རྡོ་རྗེས་སྟ་གོན་དུ་གནས་པར་བྱས་པའི་སློབ་མ་བསླབ་པ་གཉིས་དང་ལྡན་པ་དྲི་ཞིམ་པོའི་ཆུས་ཁྲུས་བྱས་ལ། བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསྔགས་པའི་གོས་དམྱུར་པོ་འམ ་གཞན་ཡང་རུང་སྟེ་ཡོལ་བའི་ཕྱི་རོལ་ཏུ་རྣམ་པར་སྣང་མཛད་ཀྱི་གཟུགསུ་འམ།། འཁོར་ལོའི་བདག་པོའི་གཟུགསུ་སློབ་མ་དམིགས་ལ་ཨོཾ་སརྦ་ཏ་ཐཱ་ག་ཏཽ་ཨ་ནུཏྟ་ར་བོ་དྷི་ཨ་ལྀ་ཀཱ་བསྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་རཱ་ཎ་ས་མེ་ཡེ་ཧཱུཾ་ཞེས ་སྨད་དཀྲིས་བྱའོ།། ཨོཾ་བཛྲ་ཨུཥྞཱི་ཋ་ཧཱུཾ་ཕཊ་ཅེས་པས་སྤྱི་གཙུག་ཏུ་ཐོང་བྱའོ།། བདུད་རྩི་འཁྱིལ་པས་བསྔགས་པའི་གོས་དམར་པོ་འམ་སེར་པོ་ཨཾ་ཙཀྵུ་བནྡྷཾ་པ་ར་མ་ཎ་ཡེ་ཧཱུཾ་ཞེས་པའི་སྔགས་ཀྱིས་མིག་རས་བཅིང་ངོ་།། ཨཱ~ཾཿཁཾ་བི་ར ་ཧཱུ~ཾཧཱུཾ་ཞེས་བརྗོད་པས་མེ་ཏོག་གི་ཕྲེཾ་ང་བ་བྱིན་ཏེ་གཡསུ་གཟུང་ལ་ལས་ཐམས་ཅད་པའི་བུམ་པའི་ཆུས་གཏོར་ཞིང་སྙིང་ག་དང་མགྲིན་པ་དང་སྤྱི་བོར་གནས་པའི་རྡོ་རྗེ་དང་པདྨ་དང་འཁོར་ལོའི་སྟེང་དུ་ཉི་མ་དང་ཟླ་བ་དང་ཧཱུཾ་ནག་པོ་ཨཱཿདམར་བ ་ཨོཾ་དཀར་པོའི་ཡི་གེའི་འོད་ཟེར་གྱིས་ལུས་གསལ་བར་བྱའོ།། ཧཱུཾ་ཞེས་བརྗོད་ཅིང་དཀྱིལ་འཁོར་གྱི་ཤ་ར་སྒོར་བཞག་ལ། ལས་ཀྱིས་རྡོ་རྗེས་བཟུང་ནས་དཀྱིལ་འཁོར་དུ་འཇུག་པར་བྱ་བའི་ཕྱིར་དྲི་བར་བྱའོ།། ཀྱེ་ཁྱོད་ཅི་ལ་དགལ་དེས་སྐལ ་བཟང་བདག་བདེ་བ་ཆེན་པོ་ལའོ་ཞེས་བརྗོད་པར་བྱའོ།། དེ་ནས་དི་ལ་ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི་ཞེས་འདོན་དུ་བཅུག་ན་ས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱས་ལ་སྙིང་གཽར་རྡོ་རྗེ་མེ་ཏོག་དང་བཅས་པ་རེག་སྟེ་ཨོཾ་སུ་ར་ཏཱ་ས་མ ་སྟྭཾ་ཧོཿསིདྡྷཿབཛྲ་ཡ་ཐཱ་སུ་ཁཾ་ཞེས་འདོན་ཞིང་བཟུང་ནས་དང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུ་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་དུ་གསང་བའི་དཀྱིལ་འཁོར་འདི་ཁྱོད་ཀྱིས་དཀྱི ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང་དད་པ་དང་མི་ལྗོན་པ་རྣམས་ལ་ཡང་སྨྲ་བར་མི་བྱའོ།། ཞེས་བརྗོད་ནས་ཨོཾ་ཨཱཿཡ་མཱནྟ་ཀྲྀ་ཏ་ཧཱུཾ་ཞེས་བྱ་བས་ཁྲིང་ནས་ཨཿཁི་བཱི་ར་ཧཱུཾ་ཞེས་བྱ་བ་འདིས་ཡོལ་བའི་ནང་དུ་བཅུག་ནས ་མཧཱ་ར་ཐི་སུ་དྲྀ་ཌཱ་སུ་ཨོཾ་ཤོ་སུ་སུཾ་ཁོ་བཛྲ་སཏྭ་ཨརྱ་སིདྡྷི་མཱཾ་ཞེས་འདོན་ཞིང་སྐོར་བ་བྱེའི་ཅིང་ཐལ་མོ་སྦྱར་ནས་དཀྱིལ་འཁོར་གྱི་ཤར་སྒོར་ཨོཾ་སརྦ་ཏི་ཐཱ་གཽ་ད་པཱུ་ཛ་ཨུ་པསྠཱ་ན་ཡ་ཨཱ་ཏཱ་མ་ནིརྻ་ཏ་བྷྲྀ་བ་ཏ་བཛྲ་སཏྭ་ཨ་དྷི་དིཥྚ་ས་མཱཾ། ་སརྦེ་བུདྡྷ་པཱུ་ཛ་ཨུ་པསྠ་ན་ཡ་ཨཱཏྨ་ནཾ་ནིརྱཱ་ཏ་ཡཱ་མི། སརྦི་ཏ་ཐཱ་ག་ཏ་བཛྲ་བཾ་རོ་ཙ་ན་ཡཻ་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་སོ།། ལྷོ་ར་ནི་ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་བྲྀ་ཀ་ཡ་ཨཱཏྨ་ན་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཱཾ། ་ནུབ་ཏུ་ནི་ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟ་ན་ཡ་ཨཱཏྨ་ནཾ་ནིརྱཱ་ཏ་ཡ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨྨཿཔྲ་བརྟ་ཡ་མཱཾཿ། བྱང་དུ་ནི་ཨོཾ་སརྦ་ཏ་ཐཱ་ག་ཏཱ་པཱུ་ཛ་ཀརྨྨ་ཎི་ཨཱཏྨ་ནཾ་ནིཪྻཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཱཾ་ཞེས ་བའི་སྔགས་ལྷས་རིམ་པ་བཞིན་དུ་དཀྱིལ་འཁོར་ལོ་བཞུགས་པའི་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱེད་དུ་བཙུག་ནས། ཡང་ཤར་སྒོར་ཨི་གུ་རུ་ཙཱ་ར་ཎ་པཱུ་ཛཱ་ཨུ་པསྠཱ་ན་ཡ་ཨཱཏྨ་ནཱཾ་ནིདྷཱ་ཏཱ་ཡཱ་མི། ཨོཾ་སརྦ་ཏ ་ཏ་ཐཱ་ག་ཏ་པ་རི་ཏཱ་ཎ་ཨརྒྷཾ་ཨཱཏྨ་ནཱི་ནིརྱཱ་ཏ་ཡཱ་མི་ཞེས་བྱ་བའི་དོན་སྔོན་དུ་འགྲོ་བས་འདོན་དུ་གཞུག་གོ། དེ་ནས་དང་ཁྱོད་དེ་བཞིན་གཽ་ཤེགས་པཾ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས་དང་ངས་རྡོ་རྗེའི་ཡེ་ཤེས་བསྐྱེད་པའི་ཡེ་ཤེས་གང་འདིས་དེ ་བཞིན་གཤེགས་པ་ཐ་མས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྣ་བར་མ་བྱེད་ཅིག། དམ་ཚིག་ཉམས་པར་གྱུར་ཏ་རེ་ཞེས་མགོ་བོར་རྡོ་རྗེ་བཟུང་ན ་དྲི་བུ་དཀྲོལ་ཞིང་། འདི་ནི་དམ་ཚིག་རྡོ་རྗེ་སྟྭཾ། གལ་ཏེ་ཁྱོད་ཀྱིས་གདུ་ཡང་རྡུང་བའི་མདུན་དུ་སྒྱུ་མ་བྱེད།། སྨྲས་ན་སྤྱི་བོ་འགས་པར་འགྱུར་ཞེས་བརྗོད་ནས་སྙིང་གར་རྡོ་རྗེ་འཐུང་སྟེ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི།། སྙིང་ལ་ཡང་དག་ཞུགས ་པར་གྱུར།། གལ་ཏེ་ཚུལ་འདི་སྨྲས་ན་ནི།། དེ་མ་ཐག་ཏུ་དྲིལ་ཏེ་གཤེགས་ཤེས་བཀའ་བསྒོ་ནས་རྣམ་པར་རྒྱལ་པོའི་སྟེང་ན་གནས་པའི་ཆུ་མིང་མེད་དང་མཐེ་བོས་བཟུང་བའི་སྣོད་ཀྱིས་དེའི་ཁར་བླུག་ཅིང་འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ།། འདས་ན་སྲག ་ཅིང་དམྱལ་བར་ལྟུང་།། དམ་ཚིག་བསྲུངས་ན་དངོས་གྲུབ་སྟེར།། རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག་ཅེས་བརྗོད་ཅིང་ཁྱོར་བས་ཆུ་འཐུང་དུ་བཅུག་ལ། དེང་ཕྱིན་ཅད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱི་ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་ཡང ་བྱ་དགོས་སོ།། ཁྱེད་ཀྱིས་ང་ལ་བསྐུས་པར་མ་བྱེད་ཅིག། བརྙས་པས་ཁྱོད་ཡ་ང་བ་མ་སྤངས་པས་ཁྱོད་དུས་མ་ཡིན་པར་ཤི་བའི་དུས་བྱས་ནས་ངམྱལ་བར་གྱུར་ཏ་རེ་ཞེས་གདོན་པར་བྱའོ།། ངམ་ཚིག་གི་ཆུ་སྦྱིན་པའི་ཆོ་གའོ།། དེ་ནས ་བོཔོ་སྒྲུབ་པའི་དུསཽ་ལས་སྔོན་དུ་དངོས་གྲུབ་ལ་སོགས་པ་ངེས་པའི་དོན་དུ་སློབ་མ་སྣོད་དང་ལྡན་པ་ལ་ལྷ་དབབ་པར་བྱའོ།། དེ་ལ་དང་པོར་རྀ་ལ་སོགས་པ་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་སྔོན་དུ་འགྲོ་བ་བྱིས་པས་སེམས་བརྟན་པར་རྫོ ་རྫུསེམས་དཔའི་རྣལ་འབྱོར་ཤིན་ཏུ་བརྟན་པར་དམིགས་པའོ།། འབེབས་པ་ལ་ནུས་པ་ཐོབ་པས་མཚན་ཉིད་དང་ལྡན་པའི་ལྷག་པར་གནས་པའི་སློབ་མ་མདུན་དུ་བྱ་སྟེ་སྐད་ཙོག་སྟོང་པ་ཉིད་ཀྱི་རྗེས་ལ་ཡི་གེ་ཨཱཿལས་བྱུང ་བའི་སྣང་བ་མཐའ་ཡས་གཟུགསུ་བསྐྱེད་ལ།། བདག་བཞིན་གཤེགས་པ་ཐམས་ཅད་ལས་བྱིན་གྱིས་རློབས་ལ་རྡོ་རྗེ་སེམས་དཔའ་འབབ་པར་གྱུར་ཅིག་ཅེས་འདོན་དུ་བཙོག་ནས་དེའི་སྙིང་གར་ལམ་ལས་བསྐྱེད་པའི་སཱིའི་དཀྱིལ ་འཁོར་སེར་པོ་རྡོ་རྗེས་མཚན་པ་གྲུ་བཞི་པར་ཉི་མ་ལ་ཧཱུཾ་སྔོན་པོ་དང་མགོ་བོ་ལ་བཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་དཀར་ཞིང་ཟླུམ་པ་བུམ་པས་མཚན་པར་ཟླ་བ་ལ་ཡི་གེ་ཨོཾ་དི་ཀར་པོ་དང་མགྲིན་པར་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ ་འཁོར་སྔོན་པོ་གཞུ་ལྔ་བུ་བ་དན་གཡོ་བ་གཉིས་ཀྱིས་མཚན་པར་ཟླ་བ་ལ་ཡི་གེ་ཨཱཿདམར་པོ་བསྒོམས་ནས་རང་གི་སྙིང་གའི་བོན་གྱི་འོད་ཟེར་གྱིས་ཐུགས་དང་། གསུན་དང་སྐུ་དང་རྡོ་རྗེ་རྣམས་ཀྱི་རང་བཞིན་ཧཱུཾ་ཨཱཿ ་ཨོཾ་གྱི་ཡི་གེ་རྣམས་ལ་བཅུག་ནས་རྐང་པ་གཉིས་ཀྱི་འོག་ནས་རླུང་གི་དཀྱིལ་འཁོར་གྱི་མཚན་པའི་རཾ་ཡོངསུ་གྱུར་པའི་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་ཡི་གེ་རཾ་དམར་པོས་མཚན་པ་ཅིག་འོད་ཟེར་རོ་འཕྲོས་པ་ལ་གནས་པའི་ཡི་གེ ་དམར་པོས་སློབ་མ་འདེགས་ཤིང་ཡི་གེ་ཛྲཱྀཾ་གི་འོད་ཟེར་གྱི་ཚོགས་ཀྱིས་འོག་གི་བུམ་པ་ནས་ཞུགས་པ་དང་ཧཱུཾ་ལི་སོགས་པའི་འོད་ཟེར་རྣམས་ཀྱིས་ལུས་མ་ལུས་པ་ཀུན་ནས་བཀང་བར་བསྒོམ་ཞིང་སྤོས་པོར་འདེགས་པ་སྔོན་དུ་འགྲོ་བས་དྲིལ ་པུ་དཀྲོལ་ཞིང་ཨཱ་བེ་ཤ་ཡ་སྟྭཾ་ཡ་ར་རཱ་ར་ར་ཙ་ལ་ཡ་ཙ་ལ་ཡ་ཧཱུཾ་ཨ་ཛྷཻཾ་ཞེས་བྱ་བའི་སྔགས་ལན་བརྒྱར་འདོན་ཞིང་བསམ་གཏན་ལ་མཆོག་ཏུ་གཞོལ་བས་དབབ་པར་བྱའོ།། གལ་ཏེ་ཕེབས་ནས་ཆེར་འཕགས་པར་གྱུར་ནས་ངའི་སྟེང་དུ་རི་རབ་རྡོ་རྗེའི ་རང་བཞིན་དེའི་སྟེང་དུ་དབང་ཆེན་གྱི་དཀྱིལ་འཁོར་དེའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་ངོའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་དེའི་སྟེང་དུ་ཡི་གེ་ཛཿདེའི་སྟེང་དུ་རྣམ་པར་སྣང་མཛད་བསྒོམས་ཏེ། བཟློག་པར་བྱའོ།། དེ་ལྟར་ཕེབས་པར་གྱུར་པ་ལས་སློབ་མའི་ཐུགས་རྡོ་རྗེའི ་འོད་ཟེར་རྣམས་ཀྱིས་གསུང་རྡོ་རྗེའི་ས་བོན་གྱི་བདག་ཉིད་བསྐུལ་བར་བྱས་ལྕེ་ལ་ཟླ་བ་ལ་གནས་པའི་ཨ་དམར་པོ་འོད་ཟེར་གྱི་ཕྲེང་བས་འཁྲུག་པ་བསྒོམས་ནས་རྡོ་རྗེ་སྨྲོས་ཤིག་ཅེས་སྨྲར་གཞུག་པ་བྱས་ལ་དེ་ལྟར་འདིས་རང་རམ་གཞན་གྱི་དགེ ་བའམ་མི་དགེ་བའི་བྱ་བ་བདེན་པར་སྨྲའོ།། དེ་ནས་ཞུགས་པའི་ལྷའི་སྙིང་གའི་འོད་ཟེར་གྱིས་བཀུག་ནས་རང་གི་སྙིང་གའི་ས་བོན་ལ་བསྟིམ་ཞིང་སློབ་མའི་མགོ་ལ་རྡོ་རྗེ་བཟུང་ནས་ཨོཾ་ཁྱོད་ཀྱི་སེམས་ཅན་དོན་ཀུན་མཛད།། རྗེས་སུ་མཐུན་པའི་དངོས་གྲུབ་གསོལ ་སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་།། སླར་ཡང་བྱོན་པར་མཛད་དུ་གསོལ་ཞེས་བྱ་བ་སྔོན་དུ་འགྲོ་བའི་ཧཱུཾ་ཨཛྫ་མུཿཞེས་བྱ་བས་གཤཾ་གསུ་གསོལ་བར་བྱའོ།། ཡང་ན། དྲིལ་བུའི་ཞབས་ཀྱིས་བྲིས་པ་ཡིས།། བཤང་གཅི་ལ་སོགས་བྱུགས་པ་ཡི།། ་རས་ནི་བུད་མེད་རྡུལ་དང་ལྡན།། གཏུམས་ལ་བྱི་ལིའི་རྟུག་པས་བྱུག། གུ་གུལ་དང་ནི་རྣམ་པར་བསྲེས།། ཡི་དགས་མེ་ནི་ཀུན་བླངས་ལ།། དེ་ནི་པདྨའི་སྣོད་བཞག་ནས།། དེར་ནི་དེ་ཀུན་བཅུག་ནས་ནི།། གཡས་བརྐྱང་བ་ཡིས་ཀུན་གནས་པའི།། འཁོར་ལོ ་གསུམ་དག་ཁྲོ་བལྟས་ལ།། དེ་ཡིས་འཁོར་ལོ་གསུམ་བདག་ལ།། རྡོ་རྗེ་བདུག་པ་དེ་ཕུལ་ན།། ཕེབས་པར་འགྱུར་བར་ཐེ་ཚོམ་མེད།། ཨོཾ་ཏིཥྛ་མ་ཧཱ་ཀྲོ་དྷི་ས་མ་ཡ་ཧཱུཾ་ཤྲཱི་ཧི་རུ་ཀ་ཡ་བིད་མ་ཧ་བིདྱཱ་རཱ་ཛཱ་ཡ་དྷི་མ་ཧེ་སྭཱ་ཧཱ་ཞེས་བྱ་བ་འདིས་དཔའ་བོ་རབ་ཏུ་བསྐུལ། ་བསྐུལ་བར་བྱའོ།། ཞེས་མངོན་པར་བརྗོད་པའི་རྒྱུད་འབུམ་པར་གསུངས་པའི་ཆོ་གས་གདབ་པར་བྱའོ།། བཤང་གཅི་ལ་སོགས་ཤེས་པ་ནི་བདུད་རྩི་ལྔ་དང་སྒྲོནི་མེ་ལྔས་བྱུག་པའོ།། བླ་མ་བདེ་མཆོག་གི་གཟུགས་གཡོས་བརྐྱང་དུ་གནས་པས་བདེ ་མཆོ་ག་གི་བདག་ཉིད་སློབ་མ་གཡས་བརྐྱང་དུ་གནས་ཤིང་སྙིང་གར་ཐལ་མོ་སྦྱ་ར་ལ་ལག་པ་གཡོན་གྱིས་དྲིལ་བུ་སྒྲོགས་ཤི་པ་ཏིཥྛ་ཞེས་བྱ་བའི་སྔགས་དྲེགས་པ་དང་བཅས་པ་ཟློས་པས་ལག་པ་གཡས་ཀྱིས་བདུག་པར་བྱའོ།། དེ་ནས་གལ་ཏེ་ཕགྶས ་ཞེས་བྱ་གྱུར་རིག་པར་བྱ།། ད་ནས་གལ་ཏ་ཡང་སྒྱུ་ག་ཏུ་ཟླུམ་ལ་བཅུ་གཉིས་ལོན་པ་སྐྱེས་པས་ས་ཉམས་པ་ཡནལ་ག་དང་སྙི་ལགས་ཉམས་པ་དང་ཁྱེན་གནན་ནས་ཏ་ཅན་པས་ལུང་མེད་རྗེ་ཡུལ་མི་ཤེས་པ། ན ་ལག་དང་ཉིང་ལག་མ་ཚང་བ་མེད་པོའི་སྣོང་མདུན་དུ་བཞག་ནས་ལྷ་དབབ་པར་བྱའོ།། ཞེས་གསུངས་ཏེ་དེ་ལ་ཡང་སྐད་ཅིག་སོ་སོ་ལ་རྡོ་རྗེ་འཆང་གི་སྐུ་མངོན་དུ་བྱེད་ཅིང་ཚོགས་བསོགས་པ་ཅིག་ཅར་བརྟན་པར་བསྒོམ་ནུས་པས་ཡན་ལག་མ་ཚང ་མེད་པ་དང་། ལོ་མང་པོའི་ཕྱོགས་ལ་ཡིང་སྟེ། དེ་ལ་ཡང་འཁྱིལ་པས་ལྷ་ཕེབས་པར་འགྱུར་རོ་ཞེས་པ་ནི་རྒྱུད་གཞན་དུ་མང་དུ་གསལ་བར་བྱས་པ་སློབ་མ་ལ་དབབ་པའི་དོན་དུ་བསྒྲུབ་པར་བྱའོ།། ཞེས་པས་དབབ་པའི་ཆོ་གའོ།། ་དེ་ནས་སློབ་མ་དཀྱིལ་འཁོར་ལ་ཕྱོགས་པ་ལ་ཁྱོད་ཀྱི་མིག་ལམ་ན་ཅི་སྣང་ཞེས་དྲིས་པ་ན། དེས་སྨྲས་པ། དཀར་པོ་དང་། སེར་པོ་དང་དམར་པོ་དང་ནག་པོ་དང་སྣང་བ་རྣམས་ཀྱིས་རིམ་པ་བཞིན་དུ་འདི་ལ་ཞི་བ་དང་རྒྱས་པ་དང་དབང་དང་། མངོན་སྤྱོད ་ཀྱི་དངོས་གྲུབ་ལ་སྐལ་བ་དང་ལྡན་པར་རིག་པར་བྱས་ནས་འདིའི་མཐེ་བོང་གཉིས་རྡོ་རྗེ་དང་བཅས་པའི་ལག་པ་གཡས་ཀྱིས་བཟུང་སྟེ། རྡོ་རྗེ་རྐང་པའི་གར་གྱི་ཚུལ་གྱིས་འཁྱིལ་པ་བརྗོད་ཅིང་སྐོར་བ་གསུམ་བྱེད་དུ་བཅུག་ནས་བདེན་པའི་བྱིན ་གྱིས་བརླབས་འདི་བྱའོ།། བདག་གི་དཀྱིལ་འཁོར་འདི་ལྟ་བུར།། སློབ་མ་འདི་ནི་ཡང་དག་བཅུག། བསོད་ནམས་ཅི་འདྲ་དེ་འདྲ་ཡིས།། ལྷ་རྣམས་རིགས་ཀྱི་རིམ་པར་འགྱུརརོ།། འདི་ནི་དངོས་གྲུབ་ཅི་འདྲར་འགྱུར།། རིགས་གང་གི་ནི་སྣོད་གྱུར་དང་། ་བསོད་ནམས་མཐུ་ནི་ཅི་འདྲ་བར།། དེ་ལྟར་དཀྱིལ་འཁོར་འདི་ལ་ཤོག་ཅེས་པ་ནི་དཀྱིལ་འཁོར་དུ་སློབ་མ་སྤྱན་བགེགས་དང་བཅས་པའི་བཞུགས་པའི་ཆོ་གའོ།། ། དེ་ནས་སྔར་བཟུང་བའི་ཕྲེང་བ་ལ་ཡི་གེ་ཏྲཾ་གིས ་བསྔགས་པ་ལས་གང་ཞིག་མ་རྙིངས་ཤིང་གསར་པའི་དཀྱིལ་འཁོར་གྱི་དབང་ཕྱུག་མདུན་དུ་གནས་པ་བཞིན་མེ་ཏོག་ཅིག་ཕྱུང་ལ། དེའི་ལག་པའི་ཐལ་མོ་སྦྱར་བ་ལ་སྦྱིན་པར་བྱའོ།། དེའི་ཚེ་དེས་མེ་ཏོག་གི་ཕྲེང་བ་དང་རང་ཉིད་ཀྱང་ཡི་གེ ་གསུམ་གྱིས་འོད་གསལ་ཞིང་སྡིག་པ་བཀྲུ་བར་མོས་ནས་བླ་མས་ཀྱང་དེ་ལྟར་བྱིན་གྱིས་བརླབས་པས་གུས་པ་མངོན་དུ་འགྲོ་བ་དཀྱིལ་འཁོར་དང་བཅས་པའི་དཀྱིལ་འཁོར་གྱི་དབང་ཕྱུག་མདུན་དུ་གནས་པ་བཞིན་དམིགས་ལ་དཀྱིལ་འཁོར ་དེར་ཡིད་ཀྱིས་ཞུགས་ཏེ་དེའི་དབུ་སུ་ཨོཾ་ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་བ། ཤྱཱ་ཤྭ་ཏྭོ་མེ་བྷ་བ། ཧྲི་ད་ཡ་མེ། ཨ་དྷི་ཏིནྟྲ་སརྦ་སིད་དྷི་མེ་པྲ་ཡཙྪ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿཱཿཁཾ་བཱི་ར་ཧཱུཾ། པྲ་ཏི་ཀུ་སུ་མ། པྲཱ་ཏཱིཙྪ་ཨཉྫི་ལི་ནཱ་ཐ་ཧོ་ཞེས་སྔགས་འདོན་ཞིང་མེ་ཏོག ་དོར་བར་བྱའོ།། རི་ཁཱ་ལྔའི་ནང་དུ་མེ་ཏོག་ལྷུང་བ་དང་བསྟུ་ན་ཏེ་འདི་ལ་རིགས་བསྟན་པར་བྱའོ།། དེའི་རྣལ་འབྱོར་ཡང་སྦྱིནོ།། དངོས་གྲུབ་ཀྱང་མཚོན་པར་བྱའོ།། གལ་ཏེ་སངྱས་རྣམས་ཀྱི་མིཛིད་པུ་འམ། དབུ་འམ་གཙུག་ལ་མེ་ཏོག་ལྷུང་ན ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ།། སྐུ་མཚོ་ག་ལ་ནི་ནམ་ཚིག་གོ།། དབུས་ལ་ནི་འབྲིང་པོའོ།། འོག་གོ་ཆེ་ལ་ནོ་ཐ་མའོ།། སྐུ་ལས་ཧ་ཅིང་རིང་བ་ནི་ཡུན་རིང་པོས་སོ།། ཉོན་དངོས་གྲུབ་མྱུར་རོ།། ལྷ་རྣམས་ཀྱི་རང་གི་གནས་ནི་རེའུ་མིག་འ་སོགས ་པ་རྣམ་པར་བཅད་པ་ལས་ཤེས་པར་བྱའོ།། གལ་ཏེ་ལྷ་གཉིས་ཀྱི་བར་དུ་ལྷུང་ན་དེའི་ཚེ་མེ་ཏོག་གང་ལ་ཉེ་བ་དེའི་རིག་སུ་འགྱུར་རོ།། མཉམ་པ་ཉིད་ན་ནི་གཉིས་ཀའི་དངོས་གྲུབ་མཆོག་འགྲུབ་པའོ།། དེའི་ཚེ་གླང་ལ་དང ་པ་དེའི་རིགས་ཡིན་ནོ།། རེ་ཁཱ་ལྔའི་ཕྱི་རོལ་ཏུ་ལྷུང་ན་ལན་གསུམ་གྱི་བར་དུ་དོར་བར་བྱའོ།། དེ་ལྟར་ན་ཡང་ཕྱི་རོལ་དུ་ལྷུང་ན་དངོས་གྲུབ་ཕྲ་མོའོ།། ཕྱི་རོལ་གྱི་ཟླུམ་པོའི་རེ་ཁཱ་རྣམས་དང་རྡོ་རྗེའི་ཕྲེང་བའི་ཕྱི་རོལ་ནི་དངོས་གྲུབ་མེད་དོ།། འདི་ལ་དཀྱིལ ་འཁོར་ཡང་མི་བསྟན་ནོ།། སྔགས་བཟླས་པ་ལ་སོགས་པས་སྐལ་པ་དང་ལྡན་པ་ཉིད་དུ་བསྒྲུབས་ནས་སྐབས་གཞན་དུ་དེ་གཞུག་པར་བྱའོ།། ཕྱིའི་རྡོ་རྗེ་ཕྲེང་བའི་ནང་དུ་ལྷུང་ན་ཚེགས་ཆེན་པོས། དེ་ནས་མེ་ཏོག་དེ་སླར་བཟུང་ན་ཕྲེང་བ་ལ ་བཅིངས་ཏྭ། ཕྲེང་བི་ཏ་པྲ་ཏི་གྲྀཧྞ་སྟྭཾ་ཨ་བྷི་སཏྭ་མ་ཧཱ་བ་ལེ་ཞེས་འདོན་ཞིང་སློབ་མའི་མགོ་བོར་བཅིང་བར་བྱ་ཞེས་པ་ནི་ཕྲེང་བའི་དབང་གི་ཆོ་གའོ།། དེའི་རྗེ་ས་ལ་སློབ་མའི་སྙིང་གར་ཟླ་བ་ལ་བདག་པོ་དང་དཔྲལ་བ་ར་རཾ་དང་མིག་གཉིས་ལ་འབར་བ་དང ་བཅས་པའི་ཨོཾ་གཉིས་བསྒོམས་ནས་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི།། མིག་འབྱེད་པར་ནི་བརྩོན་པར་མཛོད།། མིག་ནི་ཐམས་ཅད་འབྱེད་མཛད་དེ།། རྡོ་རྗེ་མིག་ནི་བླ་ན་མེད།། ཨོཾ་ཛྙཱ་ན་ཙཀྵུ་ཧཱུཾ་ཨཱཿསྭཱ་ཧཱ། ཞེས་འདོན་ཞིང་མིག་རས་བསལ་བར ་བྱའོ།། དེ་ནས་ཀྱི་ལྟོས་ཤིག་ཅེས་བརྗོད་ནས་ལྷ་རྣམས་ཀྱི་མཚོན་བརྗོད་པ་སྔོན་དུ་འགྲོ་བའི་འཁོར་ལའི་བདག་པོ་ནས་བརྩམས་ཏཽ་བྱང་གི་སྒོ་སྐྱོང་བ་འམ། ཇི་ལྟར་ཡོད་པར་གནོད་མཛེས་ཀྱི་བར་དུ་བསྟན་ནས། དད་པའི་ཤུགས་ཀྱིས་མྱུར ་དུ་ནི་དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས།། ཁྱོད་ནི་སངས་རྒྱས་རིགསུ་སྐྱེས།། སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ།། ཕུན་ཚོགས་དངོས་གྲུབ་ཐམས་ཅད་ནི།། དམ་ཚིག་མཆོག་ལས་འབྱུང་བར་འགྱུར།། རྡོ་རྗེ་པདྨ་མཆོག་གཡོ་བའི།། སྔགས་རྣམས ་མ་ལུས་སྒྲུབ་པར་གྱིས།། ཞེས་བརྗོད་ནས་དེས་ཀྱང་རྡོ་རྗེ་དཀྱིལ་འཁོར་ཆེན་པོར་བདག་བཞུགས་སོ།། རྣལ་འབྱོར་དཀྱིལ་འཁོར་ཆེན་པོ་བདག་ལ་བསྟན།། གསང་བའི་དཀྱིལ་འཁོར་ཆེན་པོ་བདེག་གིས་མཐོང་ཞེས་འདོན་དུ་བཅུག་ནས་དམ་ཚིག ་འདོན་དུ་གི་ཞུག་གོ། ཧོ་ཧོ་ཞེས་བྱ་བ་ནི་སློབ་མ་ལ་དཀྱིལ་འཁོར་བསྟན་ཞིང་དེར་གཞུག་ཧྲཱི་ཆེ་། དེ་ནས་ཆུའི་དབང་བསྐུར་བའི་དོན་དུ་བླ་མ་ལ་ཇི་ལྟར་པཱའི་ཡོན་ཕུལ་ནས་པུས་མོ་ས་ལ་བཙུག་ཏེ་ཐལ་མོ་སྦྱར་བས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ།། ཇི་ལྟར་ཆེ ་བའི་ཚེ་བྱིན་ལྟར།། བདག་ཀྱང་བསྐྱོབ་པའི་དོན་གྱི་ཕྱིར།། ནམ་མཁའི་རྡོ་རྗེ་དང་བདག་སྩོལ་ཞེས་བརྗོད་ཅིང་གསོལ་བ་གདབ་པོ།། དེ་ནས་བླ་མས་རྩེ་བའི་དཀྱིལ་འཁོར་གྱི་ཕྱི་ངོ་སུ་ཇི་ལྟར་ཁྲུས་ཀྱི་ཆུ་དེ་ལ་མི་རེག་པར་ཤར་ཕྱོགས་ཀྱི་འཇུག་པའི་སྒོ་ལ ་ཕྱོགས་པར་ཤྭར་ཕྱོགསུ་སྣ་ཚོགས་པད་མ་ཞེས་བྱ་བ་ལ་སོགས་པར་ཤིདྡྷ་བསྟན་ལ་སོགས་པར་མཎྜལ་གྱི་བར་དུ་བྱ་ཞེས་བྱ་བའི་མཐར་ཐུག་པས་སྐུ་གཟུགས་ཀྱི་ཛྙཱན་དུ་སྔར་བསྟན་པ་ལ་སློབ་མ་རྡོ་རྗེ་འཆང་གི་གཟུགསུ་བསྒོམས་ནས་དཀྱིལ ་འཁོར་ལ་མངོན་པོར་ཕྱོགས་པར་སྦྱང་བར་བྱ་སྟེ། སྔོན་དུ་བརྗོད་པའི་ཨོཾ་ཨཱཿཔིགྷྣཱཾ་ཞེས་བྱ་བ་ལ་སོགས་པས་རིམ་པ་རཽ་སྦྱར་བར་བྱ་སྟེ། དེ་ལ་ཨཻ་ཨཱཿབིགྷྲྀ་ཏ་ཀྲྀཏ་ཧཱུཾ་ཞེས་ཡུངས་ཀར་ལ་ལན་བདུན་བསགས་ཏེ་གཡས་པ་དང་ཅིག་ཤོས་ཀྱི ་ཁུ་ཚུར་གྱིས་བཟུང་ལ་གཡོན་སྐོར་གཡས་སྐོར་དུ་སོ་སོར་ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་བཛྲ་སཏྭ་སྱཱ་སརྦ་པཱ་པཾ་ད་ཧ་སྭཱ་ཧཱ་ཞེས་བརྗོད་པ་ཡང་བྱབས་ལ་ཡུངས་ཀར་རྣམས་མེར་བླུག་གོ།། དེ་བཞིན་དུ་ལན་གསུམ ་དུའོ།། དེ་བཞིན་དུ་གཡོན་སྐོར་དང་གཡས་སྐོར་དུ་ཆུ་ཁྱོར་པ་གསུམ་གྱིས་ལན་གསུམ་དུ་བྱའོ།། དེ་ནས་མེ་ལ་དོར་བ་ལ་དེ་བཞིན་དུ་ཁཾ་ཕོར་དཀར་པོ་གཡས་པ་དང་ཅིག་ཤོས་ཀྱི་ཕྱག་གིས་བཟུང་ནས་གཡོན་སྐོར་གྱིས་བྱབས་ནས་གཡོན་ཕྱོར ་སུ་བཞག་གོ།། གཡས་སྐོར་གྱིས་བྱབས་ནས་གཡས་པའི་ཕྱོགསུ་བཞག་གོ།། དེ་བཞིན་དུ་ལན་གསུམ་དུའོ།། དེ་བཞིན་དུ་ཡང་དུ་ཪྴ་བའི་མྱུ་གུ་བའི་ལྕི་བ་ལ་གླན་པ་རྣམས་ཀྱིསོ།། དེ་བཞིན་ཟན་གྱི་ཆང་བུ་རྣམས་ཀྱིས་སོ།། དེ་བཞིན་དུ་རས་ཀྱིས ་ཀྱང་བྱབ་པོ།། དེ་ནས་ལག་པ་བཀྲུས་ནས་ལག་པ་ལག་པ་སློབ་མ་ལ་རེག་པར་བྱའོ།། སྙིང་གར་དྲིས་བྱུགས་པ་དང་། མེ་ཏོག་ཕྲེ་ང་བ་མགོ་ལ་གདགས་པ་དང་། མདུན་དུ་མཆོད་ཡོན་བྱིན་ལ་མར་མེས་བསྐོར་ཞིང་འཁྱིལ་པའམ་ཧཱུཾ་གི ་ཡཾ་གཽ་ལན་བདུན་བཟླས་ལ་མར་དང་བཅས་པའི་སྤོས་དཀར་གྱི་བདུག་པར་བྱའོ་ཞེས་བྱ་བ་ནཱཾ་བྱ་བ་པའི་རིམ་པའི་ཆོ་གའོ།། དེའི་རྗེས་སུ་བདུད་རྩི་འཁྱིལ་པཱ་བསྔགས་པའི་དཱུར་བའི་ཆུན་པོས་ཟངས་སྣོང་ན་གནས་པའི་བདུད་རྩི་ལྔ་དང་བའི་རྣམ ་ལྔ་དག་ལ་ཨོཾ་ཧཱུཾ་ཏྲཾ་ཧཱུཾཿཁཾ་ཁ། ཞེས་བརྗོད་པས་བསྐུལ་ལ་ཡང་ཆུ་བཙང་མས་བཀྲུ་ཞིང་ཇི་ལྟར་བལྟམས་པ་ཙམ་གྱིས་ནི།། ལྷ་ཡི་ཆུ་ནི་དག་པ་ཡིས།། དེ་བཞིན་གཤེགས་ཀུན་སྐུ་ཁྲུས་གསོལ།། དེ་བཞིན་བདག་གིས་ཁྲུས་བགྱིའོ།། དེ ་ནས་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཕྱོགས་བཅུ་མཐའ་ཡས་པ་ན་བཞུགས་པའི་དེ་བཞིན་གཤེགས་པ་དང་རིག་པའི་ལྷ་མོ་རྣམས་སྤྱན་དྲངས་ལ་མཆོད་དེ་སློབ་མ་དབང་བསྐུར་བའི་དོན་དུ། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ།། འགྲོ་བ ་བསྐྱབ་པའི་ཆེད་དུ་དབང་།། ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ།། དེ་ལྟར་འདི་ལ་སྩལ་དུ་གསོལ་ཞེས་བྱ་བའི་ཚིག་སུ་བཅད་པས་གསོལ་པ་བཏབ་ནས་དེ་བཞིན་གཤིགྲས་པ་དེ་རྣམས་ཤེས་རབ་དང་སྙོམས་པར་ཞུགས ་པའི་འདོད་ཆགས་ཆེན་པོས་ཞུ་བར་གྱུར་ནས་རྣམ་པར་སྣང་མཛད་ཀྱི་སྒོ་ནས་ནང་དུ་ཞུགས་ནས་རྡོ་རྗེའི་ལམ་ནས་ཕྱུང་སྟེ་ལྷ་མོའི་པདྨ་ནས་ཞུགས་ཏེ་སྐད་ཅིག་གིས་སྟོང་པ་ཉིད་ཀྱིས་རྗེས་ལ་ཧཱུཾ་དང་རྡོ་རྗེ་ལས་སྐྱེས་པའི་མི་བསྐྱོད ་པའི་གཟུགས་ཤེས་རབ་དང་བཅས་པའི་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པ་ལ་དབང་བསྐུར་ནས་སླར་ཕྱག་དང་ཞལ་ལ་སོགས་པའི་སྐུ་པདྨ་ནས་བྱུང་སྟེ། ནམ་མཁའ་ལ་བཞུགས་པའི་སྤྱན་མ་ལ་སོགས་པའི་རིགས ་པའི་རིག་མ་དང་བཅས་པས་གདུགས་དང་རྒྱལ་མཚན་དང་། བ་དན་དང་རོལ་མོའི་སྒྲ་དང་། གླུ་དང་། གར་དོང་མེ་ཏོག་དང་། གུར་གུམ་ལ་སོགས་པའི་ཆར་རྣམས་དང་ལག་པའི་ཡལ་ག་ད་ང་བཅས་པའི་ཁ་རྒྱན་ཅན་བུ ་པ་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་གང་བ་རྣམས་ཀྱིས་སློབ་མ་དེ་དབང་བསྐུར་བའི་ཚེ་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། ཐམས་ཅད ་བདག་ཉིད་རིགས་ཀུན་བདག་པོ་ཡེ་ཤེས་མཆོག། སེམས་ཅན་མ་ལུས་སྐྱེང་བྱེད་བདེ་བ་ཆེན་པོ་ཡིནྡ།། བཀྲ་ཤིས་ངེས་ནི་དབང་བསྐུར་མཆོག་དེ་ཁྱོད་ལ་ཤོག། ཕུན་སུམ་ཚོགས་པ་མངའ་བདག་སྐུར ་གྱི་རི་བོ་འདྲ།། འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ།། སངས་རྒྱས་པདྨའི་འདབ་མ་འདྲ་བའི་སྒྲོན་རས་རྒྱས།། བཀྲ་ཤཱིས་དེས་ནི་ཁྱོད་ལ་དང་འདིར་ཞི་བྱང་ཤོག། དེ་ཡི་ཉེ་བར་བསྟན་པའི་མཆོག་རབ་མི་གཡེ་།། འཇིག ་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ།། ཆོས་ཀྱི་མཆོག་རབ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ།། བཀྲ་ཤིས་ངས་ནི་ཁྱོད་ལ་དེ་རིང་ཞི་བྱང་ཤོག། དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག། ལྷ་དང་མི་དང་ལྷ ་མ་ཡིན་གྱི་ཕྱག་གི་གནས།། ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི།། བཀྲ་ཤིས་དེས་ནི་ཁྱེད་ལ་དེ་རིང་ཞི་བྱེད་ཤོག། ཅེས་པའི་བཀྲ་ཤིས་ཀྱི་གླུ་རྣམས་ཀྱིས་ཉེ་བར་སྦྱིན་ཞིང་རཱདྭ་ཉིད་ཀྱིས་ཀྱང་དེ་རྣམས་བླངས ་རྣམ་པར་རྒྱལ་བ་ལ་སོགས་པའི་བུམ་པ་རྣམས་ནས་ཆུ་ཉུང་ཟད་གཅུས་ཏེ་པདྨའི་སྣོད་དུ་བླུག་པའམ་ཡང་ན་རྣམ་པར་རྒྱལ་བའི་བུམ་པའི་ཆུ་ཨོཾ་མ་ཧཱ་སུ་ཁཾ་བཽ་ཛྲྀ་སཏྭ་ཨུ་བྷི་ཥེ་ཀ་ན་ཏྲཾ་ཨ་བྷི་ཥིཉྩ་མ~ཾ། སརྦ་ཏཱ་ཐཱ་ག་ཏཱ་ཨ་དྷི་པ ་ཏེ། ཏྭེ་ན་དྲྀ་དྷི་བྷ་བ་ཞེས་བརྗོད་ནས་སམ། བསྡུས་པ་ལ་དགའ་ན་མ་བརྗོད་པར་ཡང་ལག་པ་གཡས་ཀྱི་རྡོ་རྗེ་དང་བཅས་པའི་ལོ་མས་སོ།། དེ་ནས་དེ་བཞིན་གཤེགས་པ་བཞིའི་བུམ་པས་རྣམས་ཀྱིས་སོ།། དེ་ནས་ཇི་ལྟར་རིགས་པའི ་དཀྱིལ་འཁོར་པའི་བུམ་པ་རྣམསོ།། མེད་ན་ནི་རྣམ་པར་རྒྱལ་བའི་བུམ་པའི་ཆུ་མི་བསྐྱོད་པའི་བདག་ཉིད་ཅན་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིའི་ངོ་བོ་རྡོ་རྗེ་དང་བཅས་པའི་ལོ་མའི་རྩེ་མོས་འགྱིང་བག་པ་དང་བཅད་པའི་ཆུ་གཏོར་ཞིང་རྡོརྗེ ་ཆེན་པོའི་དབང་བསྐུར་བུ།། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ།། སངས་རྒྱས་ཀུན་གྱི་གསྡང་གསུམ་གྱི།། གནས་ལས་བྱུང་བ་སྦྱིན་པར་བྱའོ།། ཨོཾ་བཛྲོ་ད་ཀ་ཨ་བྷི་ཥིཉྩ་ཧཱུཾ་སུ་ར་ཏ་སྟཾ་མཱ་ཧཱ་ཞེས་བརྗོད་ཅིང་ལན་གསུམ་དུ་དབང ་བསྐུར་བར་བྱའོ།། དེའི་ཚེ་བདེ་བ་ཆེན་པོ་དང་སྙོམས་པརོ་ཞུགས་པར་བསམ་པར་བྱའོ་ཞེས་པ་ནི་ཆུའི་དབང་གི་ཆོ་གའོ།། ། དེ་ནས་བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ།། ཇི་ལྟར་ཆེ་བའི་ཚེ་བྱིན་ལྟར།། བདག་ཀྱང་བསྐྱབ ་དོན་གྱི་ཕྱིར།། ན་མཁའ་རྡོ་རྗེ་དེང་བདག་སྩོལ་ཞེས་བླ་མེ་ལེ་གསོལ་བ་བཏབ་པར་གྱུར་པས་སློབ་མ་དེ།། ཨ་དང་རིན་པོ་ཆེ་ལས་བྱུང་བའི་རིན་ཆེན་འབྱུང་ལྡན་གྱི་གཟུགས་ཅན་ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་གྱུར་པ་ལས་ནམ་ཁར ་གནས་པའི་དེ་བཞིན་གཤེགས་པ་དང་ལྷ་མོ་རྣམས་ཀྱི་བུམ་པ་དབང་བསྐུར་བར་བྱེད་ཅིང་གི་ཟུགས་རྡོ་རྗེ་མ་ལ་སོགས་པས་བཀྲ་ཤིས་ཀྱི་གླུ་སྒྲོགས་པར་བསྒོམ་པར་བྱའོ།། རྡོ་རྗེ་དང་བདག་པོ་དང་མིང་གི་དབང་རྣམས་ལ་ཡང་དེ་ལྟར་རི། དེ་ནས་གསེར་ལ ་སོགས་པ་ལས་བྱས་པའི་དབུ་རྒྱན་རིན་ཆེན་འབྱུང་ལྡན་དུ་བསྐྱེད་ཅིང་ངོའི་རང་བཞིན་ཡེ་ཤེས་སེམས་དཔའི་ངོ་བོ་སྲ་བ་མ་རིགས་ཀྱི་བདག་པོའི་དབུས་སུ་དེ་བཞིན་གཤེགས་པ་ལྔར་བྱིན་གྱིས་བརླབས་པའི་དབུ་རྒྱ་མ་དེའི་མགོ་བོའི་དབུས་དབ་དཔལ ་བ་དང་སོགས་གཉིས་དང་མགོ་བོའི་རྒྱུ་བ་རྣམསུ་རི་མ་པ་བཞིན། ཨོཾ་བཛྲ་དྷཱ་ཏཱི་ཤྭ་རི་ཨ་བྷི་ཥིཉྩ་བྲུཾ། ཨོཾ་སཏྭ་བཛྲི་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་རཱཏྣ་བཛྲི་ཨ་བྷི་ཥིཉྩ་ཨཱཿོཾ་དྷརྨཱ་བཛྲི་ཨ་བྷི་ཥིཉྩ་ཧྲཱིཿོཾ་ཀརྨྨ་བཛྲི་ཨ་དྷི་ཥིཿ ་ཁ་ཞེས་བྱ་བའི་སྔགས་ལྔས་བཞག་ནས་མགོ་བོ་ལ་བསྐོན་ཞིང་། རྡོ་རྗེ་ཆེན་པོའི་དབང་བསྐུར་བ།། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། སངས་རྒྱས་ཀུན་གྱི་གསང་གསུམ་གྱི།། གནས་ལས་བྱུང་བ་སྦྱིན་པར་བྱ་ཞེས་པ་དང་། ཨོཾ་ཨཱཿབཛྲ་མུ་ཀུ་ཊ ་ཨ་བྷི་ཥིཉྩ་ཧཱུཾ་སུ་ར་ཏ་ཧཾ་བརྗོད་ནས། ཨོཾ་བཛྲ་ཏུ་ཥྱ་ཧོ་ཞེས་བརྗོད་པས་དགྱེས་པར་བྱའོ་ཞེས་པ་ནི་དབུ་རྒྱན་གྱི་དབང་ངོ་།། དེ་ནས་ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཱཿཞེས་བྱ་བའི་སྔགས་ཀྱིས་དཔྲལ་བར་དར་དཔྱངས་བཅིང་བར་བྱའོ།། དེ་ནས་བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ།། ཇི་ལྟར ་ཆེ་བའི་ཚེ་བྱིན་ལྟར།། བདག་ཀྱང་བསྐྱབ་པའི་དོན་ནས་ཕྱིར།། ན་མཁའི་རྡོ་རྗེ་དང་བདག་སྩལ་ཞེས་གསོལ་བ་བཏབ་པར་གྱུར་པའི་སློབ་པའི་མ་ཧཱི་དང་པདྨོ་ཡོངས་སུ་གྱུར་པའི་སྣང་བ་མཐའ་ཡས་ཀྱི་གཟུགས་ཅན་ཡེ་ཤེས་སེམས་དཔའ་དང་དབྱེར་མང་པ། རྡོ་རྗེ། ་ཡང་སྣང་བ་མཐའ་ཡས་ཀྱི་བདག་ཉིད་དུ་བསམས་ནས།། རྡོ་རྗེ་ཆེན་པོ་དབང་བསྐུར་བ།། ཁམས་གསུམ་གྱིས་ཕྱག་བྱས་པ།། སངས་རྒྱས་ཀུན་གྱི་སྙིགས་མ་གྱི།། གནས་ལས་བྱུང་བ་སྦྱིན་པར་བྱ་ཞེས་པ་དང་། སངས་རྒྱས་རྣམས་ཀྱི་རྡོ་རྗེའི་དབང་།། དེ་རིང་ཁྱོད ་ལ་བསྐུར་བར་བྱ།། སངས་རྒྱས་ཀུན་གྱི་རབ་བསྒྲུབས་ཕྱིར།། རྡོ་རྗེ་འདི་ནི་ཁྱོད་ཀྱིས་ཟུང་ཞེས་བརྗོད་ཅིང་སློབ་མའི་སྙིང་གོ་དང་མགུལ་པ་དང་མགོ་བོ་རྣམས་སུ་རྡོ་རྗེ་རེག་ནས་ལག་པ་གཡས་སུ་སྦྱིན་པར་བྱའོ་ཞེས་པ་ནི་རྡོ་རྗེའི་དབང་ངོ་།། དེ་ནས ་བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ།། ཇི་ལྟར་ཆེ་བའི་ཚེ་བྱིན་ལྟར།། བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར།། ན་མཁའི་རྡོ་རྗེ་དང་བདག་སྩོལ་ཞེས་གསོལ་བ་བཏབ་པར་གྱུར་པའི་སློབ་མ་དེ་ཁཾ་དང་རལ་གྲི་ལས་སྐྱེས་པའི་དོན་ཡོད་གྲུབ་པའི་གཟུགས་ཡེ་ཤེས་སམ། ་དཔའ་དང་དབྱེར་མེད་པར་བསྐྱེད་ལ་དྲིལ་བུ་ཡང་དོན་ཡོད་གྲུབ་པ་ཡོངསུ་གྱུར་པར་བསམས་ནས་དེའི་ལག་པ་གཡོན་དུ་བྱིན་ཏེ་ལག་པ་རྡོ་རྗེ་དང་དྲིལ་བུ་དང་ལྡན་པས་ཕྱག་རྒྱ་ལ་འཁྱུད་པའི་ཚུལ་བྱེད་དུ་བཅུག་སྟེ། རྡོ་རྗེ་ཆེན་པོའི་དབང་བསྐུར་བ། ཁམ ་གསུམ་གྱིས་ནི་ཕྱག་བྱས་པོ།། སངས་རྒྱས་ཀུན་གྱི་གསོ་གསུམ་གྱི།། གནས་ལས་བྱུང་བ་སྦྱིན་པར་བྱ་ཞེས་པ་དང་། ཨོཾ་བཛྲ་ཨ་དྷི་པ་དྷི་ཏཱཾ་ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ་ཞེས་ཨོཾ་བཛྲ་གྷིཎྛ་ཨ་ཨཾ་བཅོམ་ལྡན་བདགཱ་གཾ་བཟུང་ལགས ་ཀྱིས། བདག་ལ་ཉེ་བར་གྱུར་པར་མཛོད། ཅེས་འདོན་དུ་གཞུག་པར་བྱའོ།། ཞེས་པ་ནི་བདག་པོའི་དབང་ངོ་།། མིང་གཞན་དྲིལ་བུའི་དབང་བསྐུར་བའི་ཆོ་གའོ།། །། དེ་ནས་བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། ཇི་ལྟར་ཆེ་བའི་ཚེ་བྱིན་ལྟར།། དཔ ་ཀྱང་བསྐྱབ་པའི་དོན་གྱི་ཕྱིར།། ན་མཁའི་རྡོ་རྗེ་དང་བདག་སྩོ་ལ་ཞེས་གསོལ་བ་བཏབ་པའི་སློབ་མ་དེ། ཨོཾ་དང་འཁོར་ལོ་ལས་སྐྱེས་པའི་རྣམ་པར་སྣང་མཛད་ཀྱི་གཟུགས་ཅན་ཡེ་ཤེ་སཽ་སེམས་དཔྱའ་དང་རོ་གཅིག་པར་བསྒོམས་ནས་སྤྱི་བོར་རྡོ་རྗེ ་དང་དྲིལ་བུ་བཟུང་ཞིང་། རྡོ་རྗེ་ཆེན་པོར་དབང་བསྐུར་ཞིང་།། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ།། སངས་རྒྱས་ཀུན་གྱི་གསོང་གསུམ་གྱི།། གན་སི་ལས་བྱུང་བ་སྦྱིན་པར་བྱ་ཞེས་བརྗོད་ནས།། ཨོཾ་རྡོ་རྗེ་སེམས་དཔའ་ཁྱོད་རྡོ་རྗེ་མིང་གི་དབོང་བསྐུར ་བར་བྱའོ།། ཞེ་སྡང་རྡོ་རྗེ་ཁྱོད་ཅེས་བྱ་བ་འམ། གཏི་མུག་རྡོ་རྗེ་ཁྱོད་ཅེས་བྱ་བའམ། དེ་ལ་སོགས་པ་མེ་ཏོག་ལྷུང་བའི་རྗེས་སུ་འབྲངས་ཏེ། རང་གི་རིགས་ཀྱི་མིང་རྣམ་པར་སྣང་མཛད་ཀྱི་བདག་ཉིད་ཀྱིས་དབང་བསྐུར་བར ་བྱའོ།། དེ་ལ་རྡོ་རྗེ་སེམ་ས་པའི་མཚན་རྣམས་ནི་མཆོག་གི་དང་པོ་དཔེ་མེད་དང་རབ་དགའ་བ་དང་། རོ་མོཉམ་དང་། རྣམ་པར་རྒྱལ་བ་དང་། སེམས་དཔའ་དང་། ཨ་ལ་ལ་དང་། བདེ་ཆེན་དང་། ལུས་མེང་དང་། ཡེ་ཤེས་དང་ལྷན་ཅིག་སྐྱེས་པ་དང་། ་རྡོ་རྗེ་རྣམས།། རེ་རེ་ཞིང་རྡོ་རྗེའི་སྒྲར་སྦྱར་བར་བྱ་སྟེ། དེ་བཞིན་གཤེགས་པ་དྲུག་གི་མིང་རྣམས་ཁོ་ནའོ།། མི་བསྐྱོད་པའི་མཚན་རྣམས་ནི་བཤད་པ་དང་། རོལ་པ་དང་། དགའ་བ་དང་། འགྱིང་པ་དང་། རྣམ་པར་གཡོ་བ་དང་། རང་འབྱུང་དང་། ་ཞེ་སྡ་དང་། ཧེ་དང་། སྙིང་རྗེ་དང་། སེམས་དཔའ་དང་། ཧཱུཾ་མཛད་དང་། མི་བསྐྱོད་པ་དང་། རྡོ་རྗེ་རྣམས།། རྣམ་པར་སྣང་མཛད་ཀྱི་ནི་རྣམ་པར་སྣང་མཛད་དང་། ཨོཾ་ཡིག་དང་རང་འབྱུང་དང་། རྟག་པ་དང་། དེ་བཞིན་གཤེགས་པ་དང་། སྒྱུ ་མདང་། སངས་རྒྱས་དང་གཟུགས་དང་། སྐུ་རྡོ་རྗེ་རྣམས།། རིན་ཆེན་འབྱུང་ལྡན་གྱི་ནི་རིན་པོ་ཆེ་དང་། ཡིང་བཞིན་ནོར་བུ་དང་། མཁའ་དང་། ན་མཁའ་དང་། གཟི་བརྗིང་དང་། ཉི་མ་དང་། སྣང་བྱེད་དང་། ང་རྒྱལ་དང་། རྡོ་རྗེ་རྣམས་སོ།། ་མཐའ་ཡས་ཀྱི་ནི་འདོད་ཆགས་དང་། ཀུན་ཏུ་གཟིགས་དང་། ཆོས་དང་། པདྨ་དང་། རྡོ་རྗེ་མྱུ་གུ་དང་། པདྨའི་མྱུ་གུ་དང་། རབ་ཏུ་དགའ་བའི་མྱུ་གུ་དང་། རྡོ་རྗེའི་མྱུ་གུ་དང་། མཆོག་དགའ་དང་། རབ་སྐྱེས་དགའ་དང་། དཔག་མེད་དང་། ་ངག་རྡོ་རྗེ་རྣམ་སོ།། དོན་ཡོད་གྲུབ་པ་ནི། དོན་ཡོད་དང་། རྟ་མཆོག་དང་། དམ་ཚིག་དང་། ཕ་རོལ་ཏུ་ཕྱིན་པ་དང་། ལས་དང་། རླུང་དང་། རེག་བྱ་དང་། ཕྲག་དོག་རྡོ་རྗེ་རྣམ་སོ།། རྡོ་རྗེ་སེམས་དཔའི་བཙུན་མོ་རྣམས་ནི་རྡོ་རྗེ་ཤུགས་ཅན་མ་དང་། རྡོ་རྗེ་རལ་པ ་མོ་དང་། རྡོ་རྗེ་མྱོས་མ་དང་། རྡོ་རྗེ་ཀོ་ཀཱ་དང་། རྡོ་རྗེ་བཞིན་མ་དང་། རྡོ་རྗེ་བྱ་ངན་མ་དང་། རྡོ་རྗེ་ཕྲེང་བ་མ་དོང་། རྡོ་རྗེ་འཆང་མའོ།། མོ་བ་སྐྱོང་བའི་ནི་རྡོ་རྗེ་བདག་མེད་མ་དང་། རྡོ་རྗེ་ཕྱག་མ་དང་། རྡོ་རྗེ་ཕྲེང་བ་མེ་དང་། རྡོ་རྗེ་དད་མྦྷ་དང་། རྡོ་རྗེ་མཱ་མཀཱི ་རྡོརྗེ་ཞེ་སྡང་མ་དང་། རྡོ་རྗེ་དགའ་བ་མའོ།། རྣམ་པར་སྣང་མཛད་བྱི་ནི་རྡོ་རྗེ་མཁའ་འགྲོ་མ་དང་། རྡོ་རྗེ་དཀར་མོ་དང་། རྡོ་རྗེ་སྒེག་མོ་དོང་།། རྡོ་རྗེ་སྤྱན་མཱ་དང་། རྡོ་རྗེ་གཏི་མུག་མ་དང་། རྡོ་རྗེ་དགའ་མའོ།། རིན་ཆེན་འབྱུང་ལྡན་གྷི་ནི་རྡོ་རྗེ་རྡོ་ཤལ་མེད ་རྡོ་རྗེ་དབུགས་འབྱིན་མྱུ་དང་། རྡོ་རྗེ་འབར་མི་དག་། རྡོ་རྗེ་ཕྲེང་བ་དང་། རྡོ་རྗེ་ན་མཁྱུའ་མ་པཱ། རྡོ་རྗེ་ན་མཁའ་དགའ་མའོ།། སྣང་བ་མཐའ་ཡས་ནི་རྡོ་རྗེ་ཆགས་མ་དང་། རྡོ་རྗེ་གྷུ་མ་དང་། རྡོ་རྗེ་བྱ་མ་དང་། རྡོ་རྗེ་བང་མ་ང་། རྡོ་རྗེ་ལ་མ་དང་། རྡོ་རྗེ་རློམ ་རྡོ་རྗེ་བཞད་མ་དང་། རྡོ་རྗེ་དཀར་མོ་དང་། རྡོ་རྗེ་འདོད་ཆགས་དགའ་མར།། དོན་ཡོད་གྲུབ་པའི་ནི་རྡོ་རྗེ་སྙོམས་མ་དང་། རྡོ་རྗེ་སྒྱུ་མ་དང་། རྡོ་རྗེ་རྣ་མ་དང་། རྡོ་རྗེ་སྒྲོལ་མ་དང་། རྡོ་རྗེ་གར་གྱི་དབང་ཕྱུག་མ་དང་། དམ་ཚིག་རྡོ་རྗེ་མ་དང་རྡོ་རྗེ་དགའ་མའོ།། མིང ་དབང་གི་ཆོ་གའོ།། ། དེ་ནས་སློབ་མངེས་ཡོན་ཡུལ་ལ་ཐིལ་མོ་སྦྱར་ལ། བ་གི་ནི་ཁྱོད་ཀྱི་བཀའ་དྲིམ་ཁས།། གང་གིས་རང་བཞིན་ངོམ་ནུས་པའི།། རྡོ་རྗེ་སློང་དཔོན་གྱི་ནི་དབང་།། ཐུགས་རྗེའི་གཏེར་གྱི་བདག་ལ་སྩོལ་ནས་བརྗོད་པ ་བླ་མ་ལ་གསོལ་བ་བཏཱ་བཱ་ལ་ཧཱུཾ་དང་རྡོ་རྗེ་ལས་སྐྱེས་པའི་རྡོ་རྗེ་སེམས་དཔའི་གཟུགསསུ་བམས་ནས། རྡོ་རྗེ་ཧཱུཾ་ལས་སྐྱེས་པར་བསྒོམས་ནས་ཐོག་མཐའ་མེད་པའི་སེམས་དཔའ་ནི། རྡོ་རྗེ་སེམས་དཔའང་གའ་བ་ཆེ།། ཀུན་ཏུ་བ ་བོ་ཀུན་བདག་ཉིད།། རྡོ་རྗེ་སྙེམས་བདག་བདག་པོའི་བདག། བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ།། ཞེས་བརྗོད་ཅིང་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་འཛིན་དུ་གཞུག། དེ་ནས་དྲིལ་བུ་ཨ་ལས་སྐྱེས་པར་བསྒོམས་ནས་འདི་ནི་སངས་རྒྱས ་ཐམས་ཅད་ཀྱི།། དྲིལ་བུ་དབྱངས་ཀྱི་རྗེས་འགྲོར་བཤད།། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང་།། བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད་ཅེས་བརྗོད་ཅིང་དེ་ཁོ་ན་ཉིད་ཀྱིས་དྲིལ་བུ་འཛིན་དུ་གཞུག་གོ། སློབ་མས་ཀྱང་ཨ་སྲིད་པ་ངོ་བོ་ཉིད་ཀྱིས ་དག། ངོ་བོ་ཉིད་ཀྱིས་སྲིད་བྲལ་བ།། རང་བཞིན་ངག་མཆོག་སེམས་དཔའ་ཡིས།། ངོམ་ཚིག་སྲིད་པར་བྱེད་པར་འགྱུར། ཞེས་བརྗོད་ཅིང་དཀྲོལ་བར་བྱའོ།། དྲིལ་བུའི་དམ་ཚིག་གོ།། ། ཡིད་ཀྱིས་ལུས་ནི་བརྟན་བྱས་ལ།། ་ཕྱག་རྒྱའི་དམ་ཚིག་ཡིན་པར་འདོང་།། གང་གིས་ལུས་ནི་ཀུན་བརྟན་བྱེད་པ།། དྭེ་ནི་ཕྱག་རྒྱར་རབ་ཏུ་གྲགས།། ཡེ་ཤེས་ཕྱག་རྒྱར་བྱིན་བརླབས་ནས།། འདོད་པོ་ཐམས་ཅད་ལོངས་སྤྱོད་པས།། དངོས་གྲུབ་ཐམས་ཅད་བསྒྲུབ་པར་གྱིས། ཞེས་བྱ་བ ་རྟོགས་པར་བྱས་ནས་རྡོ་རྗེ་སེམས་དཔའི་སྐུ་ཡེ་ཤེས་ཀྱི་ཕྱག་རྒྱ་ཁོ་སྦྱོར་གྱི་རིམ་པས་བྱིན་གྱིས་རློབ་ཏུ་བཅུག་མས་འཁྱུད་པའི་ཚུལ་དུ་བྱེད་དུ་བཅུག་ལ་སློབ་མ་སྐད་ཅིག་གིས་སྟོ་པ་ཉིད་དུ་བྱས་ལ་ཧཱུཾ་དང་རྡོ་རྗེ་ལས་སྐྱེས་པའི་རྡོ་རྗེ་སེམས་དཔའི ་གཟུགས་ཅན་ཡེ་ཤེས་སེམས་དཔའ་དང་རོ་གཅིག་ཏུ་གྱུར་པར་བསྒོམས་པའི་མགོར་རྡོ་རྗེ་དང་དྲིལ་བུ་བཟུང་ལ་ཨོཾ་མ་ཧཱ་སུ་ཁཾ་བཛྲ་སཏྭ་ཨ་བྷི་ཥེ་ཀ་ཏཱཾ་ཨ་བྷི་ཥིཉྩ་མི། སརྦ་ཥ་ཐཱ་ག་ཏ་ཨ་དྷི་ཏིཥྛཱ་ན་དྭེ་ཌྷོ་བྷ་མེ་ཞེས་ལན་གསུམ་དུའོ།། ཕྱག་རྒྱའི་དམ་ཚིག ་གསུམ་སྦྱིན་པའི་ཆོ་གའོ།། ། དེའི་རྗེས་ལ་སློབ་མ་རྡོ་རྗེ་སེམས་དཔའི་གཟུགསུ་བསྒོམས་ཏེ། ཆུའི་དབང་ལ་བརྗོད་པའི་སྙིང་གའི་ས་བོན་ལ་སོགས་པ་ནས། ཇི་སྲིད་རྡོ་རྗེ་རྩེ་མོར་འཛག་པའི། རྡོ་རྗེ་ཆེན་པོའི་དབང་བསྐུར་བ། ་ཁམས་གསུམ་ཀུན་གྱི་ཕྱག་བྱས་པ།། སངས་རྒྱས་ཀུན་གྱི་གསང་གསུམ་གྱི།། གནས་ལས་བྱུང་བ་སྦྱིན་པར་བྱ། ཨོཾ་ཨཱཿསརྦ་ཐཱ་ག་ཏཱ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ་སྭཱ་ཧཱ། ཞེས་འདོན་ཞིང་དབང་བསྐུར་རོ།། དེ་ནས་མི་བསྐྱོད་པཅོད་པ ་དུ་བསམས་ནས་དེ་བཞིན་གཤེགས་པ་དང་ལྷ་མོ་གཞན་རྣམས་དེ་ཉིད་དུ་ཡེ་ཤེས་སེམས་དཔའི་ངོ་བོར་བཅུག་ནས། ཨོཾ་སུ་པྲ་ཏིཥྛ་བཛྲི་སྭཱ་ཧཱ་ཞེས་བྱ་བའི་སྔགས་ཀྱི་བྱིན་གྱིས་བརླབས་ཏེ། དེ་ལ་མེ་ཏོག་ལ་སོགས་པ་དབུལ་ལོ།། ངའི་རཱ་སུ་མི ་ལྡོག་འཁོར་ལོའི་དབང་བསྐུར་བ།། མགོན་པོ་གཱི་ས་ནཱི་བདག་ལ་གསུངས།། འཁོར་ལོ་ལྷ་ཡི་དེ་ཉིད་དང་།། སློབ་དཔོན་གྱི་ནི་ལས་རྣམས་དང་།། སངས་རྒྱས་ཀུན་གྱི་དམ་ཚིག་དང་།། སྡོམ་པ་གསང་བ་དམ་པ་དང་།། རྟག་ཏུ་སློབ་དཔོན་དདག ་ལ་གསུངས།། སེམས་ཅན་ཀུན་གྱི་དོན་གྱི་བགྱིད་ཕྱིར་ཞེས་ཁྱད་པར་གྱི་གསོལ་བ་བཏབ་ལ། དེ་ནས་མདོར་བསྡུས་གཞལ་ཡས་ཁང་འདི་ནི་རྣམ་པར་སྣད་ཀྱི་རང་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་རྣམ་པར་དག ་xxx། xxx ་xxx། xxx ་xxx། xxx ་xxx། xxx ་xxx། xxx ་xxx། xxx ་མཁན་རྒྱལ་པོ་ཡིས།། འཇིག་རྟེན་རབ་རིབ་བསལ་བ་བཞིན།། བུ་ཁྱོད་ཀྱི་ནི་མི་ཤེས་པའི།། ལིང་རྟོག་རྒྱལ་བ་རྣམས་ཀྱིས་བསལ་ཞེས་བརྗོད་དོ།། ཞེས་པ་ནི་མིག་མཁན་གྱི་ཆོ་གའོ།། ། དེ་ན་མེ་ལོང་བླངས་ན་ཡ་ཡིས ་བསྔགས་ནས་སློབ་མས་བལྟ་ཞིང་། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ།། ངག་ཅིང་གསལ་ལ་རྙོག་པ་མེད།། གཟུང་དུ་མེད་ཅིང་བརྗོད་དུ་མང་།། རྒྱུ་དཔ་ལས་ལས་ཡང་དག་བྱུང་།། རྡོ་རྗེ་སེམས་དཔའ་མེ་ལོང་ལྟར།། དག་ཅིང ་གསལ་ལ་དྲི་མ་མེད་།། སངས་རྒྱས་ཀུན་བདག་བུ་ཁྱོད་ཀྱི།། རང་ཉིད་ཀྱི་ནི་སྙིང་ལ་གནས།། ངོ་བོ་ཉིད་མེད་གནས་མེད་པ།། ད་ལྟར་ཆོས་རྣམས་ཤེས་གྱི་ས་ལ།། སེམས་ཅན་ངོ་ནི་ནི་མཉམ་མེད་ཀྱིས།། སྐྱོབ་པ་རྣམས་ཀྱིས་སྲས ་སུ་སྐྱེས་ཞེས་གདོན་ནོ།། མེ་ལོང་གི་དབང་གི་ཆོ་གའོ།། ། དེ་ནས་ཡི་གེ་ཧོ་ལས་བྱུང་བའི་མངའ་གཞུ་ཧཱུ~ཾ་ཞེས་བརྗོད་ན་སྱ་སརྦ་ཏ་ཐཱ་ག་ཏ་ཨཱ་ནུ་རཱ་གཱ་ཡ་སྭཱ་ཧཱ། ཞེས་བརྗོད་པ་ནི་མངའ་འཕངས་པའི་ཆ་ཡང ་སློབ་མས་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་མི་ཞེས་བརྗོད་ཅིང་བགེགས་ལ་འབིགས་པའི་བསམ་པས་ཕྱོགས་བཞིར་མངའ་བཞི་འཕང་བར་བྱའོ།། མངའ་འཕང་བའི་ཆོ་གའོ།། ། དེ་ནས་ཡོལ་བ་ལ་སོགས་པས ་དབེན་པར་བྱས་ལ་སློབ་མས་གསང་དབང་གི་དོན་དུ། བླ་མ་ལ་གཞོན་ནུ་མ་ལང་ཚོ་ལ་སོགས་པ་དང་ལྡན་པའི་ཤེས་རབ་མ་དམ་ཚིག་དང་ལྡན་པ་འམ། དེ་མེད་ན་གཡང་རུབ་སྟེ་བླ་མ་ལ་ཕུལ་ནས་བླ་མ་རྡོ་རྗེ་སེམས་དཔར་མོས་ལ ་ཐལ་མོས་སྦྱར་ནས། ཁྱོད་ཀྱི་ཞབས་ཀྱིས་བཀའ་དྲིན་གྱིས།། བདག་གིས་དྷུ་མེད་བྱ་བ་ཐོབ།། དེ་ཕྱིར་གསང་བའི་དབང་བདག་གིས།། མགོན་པོས་རྗེསུ་བཟུང་བར་མཛོད་ཅེས་བྱ་བའི་ཚིགསུ ་བཅད་པས་གསོལ་བ་གདབ་པོ།། དེ་ནས་བླ་མས་འཁོར་ལོའི་དབང་ཕྱུག་གི་ང་རྒྱལ་དང་ལྡན་པས་ཐ་མལ་པའི་དུད་མོད་ཀྱི་གཟུགས་དེ་སྟོང་པ་ཉིད་ཀྱི་རྗེས་ལྷ་མོའི་གཟུགསུ་བསྐྱེད་པ་དང་རྡོ་རྗེ་དང་པདྨ་འདུ་བྱས་པ་མངོན་དུ ་འགྲོ་བའི་སྙོམས་འཇུག་བྱེད་ཅིང་། ཨོཾ་སརྦ་ཏ་ཐཱ་གྲ་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏ་མ་ཀོ་ཧཾ་ཞེས་འདོན་ཞིང་སྙིང་གའི་ས་དོན་གྱི་འོད་ཟེར་གྱིས་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་སྦྱིན་མ་ལ་སོགས་པ ་དང་སྙོམས་པར་ཞུགས་པོས་བཀུག་ལ་བདག་ཉིད་ཀྱི་རྣམ་པར་སྣང་མཛད་ཀྱི་སྒོ་ནས་བཅུག་ལ་འདོད་ཆགས་ཆེན་པོས་ཞུ་བར་གྱུར་ཏེ། ཨ་བ་དྷཱུ་ཏཱི་ནས་འགྲོ་བར་བསམས་ནས་རྡོ་རྗེ་ནོར་བུར་ལྷན་ཅིག་སྐྱེས་པའི་བདེ་བ་བརྟན་པར་བྱས ་མཐེ་བོང་དང་མིང་མེད་ཀྱི་རྡོ་རྗེ་ནོར་བུ་བཙིར་ནས་པདྨ་ལས་བྱུང་ནས་དེ་བཞིན་གཤེགས་པ་ཞུ་བའི་ཁུ་བ་དེ་རང་གི་བྱང་ཆུབ་ཀྱི་སེམས་དཔ་བྱེར་མིང་པར་མོས་ནས། གསུང་རྡོ་རྗེའི་གཟུགས་ཅན་གྱི་སློབ་མས་མཐོང་ནས་མ་དད་ཀྱི་དོག ་པ་མེད་པའི་ཁ་ར་རམ། ཇི་སྲིད་དུ་གདོང་གཡོགས་བཅིངས་པ་ཉིད་ཀྱིས་དེ་མཐོང་བའི་སྤྱོད་ཡུལ་མ་ཡིན་པར་རོ།། རྡོ་རྗེའི་འཆང་སོགས་འདས་པོ་ཡིས།། ཇི་ལྟར་སངས་རྒྱས་སྲས་དབང་བསྐུར།། དེ་ལྟར་བྱང་ཆུབ་སེམས་བཟང་པོས། ་བུ་ཁྱོད་དབང་ནི་བསྐུར་བར་བགྱི་ཞེས་བྱ་བ་དང་། འཁོར་ལོའི་བདག་པོའི་སྔགས་དང་། ཨོཾ་བཛྲ་དྷྲྀ་ག་ཧཱུཾ་ཞེས་བྱ་བ་ལ་སོགས་པ་རྒྱུད་ཇི་ལྟ་བ་བཞིན་དུ་གདོན་ཞིང་དབབ་པར་བྱའོ།། དེས་ཀྱང་རྣམ་པར་སྣང་མཛད་ལ་སོགས་དེ་བཞིན ་གཤེགས་པ་ཀུ་ནི་འདུས་པའི་བློས་ཨ་ཧོ་མ་ཧཱ་སུ་ཁཾ་ཞེས་བརྗོད་ཅིང་བཏུང་བར་བྱའོ།། ཤེས་རབ་མས་ཀྱང་ལངས་ནས་གོས་མེད་པ་ཉིད་དུ་རང་གི་ཆུ་སྐྱེས་ན་གནས་པའི་དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཐིག་ལེའི་རྣམ་པ་དེ་ལྟར ་དེའི་ཁར་དབབ་པར་བྱའོ།། དེས་ཀྱང་དེ་ལྟར་བཏུང་ངོ་།། ཤེས་རབ་དང་ཐབས་ངག་གི་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་གསང་བའི་དབང་གིས་དབང་བསྐོར་བ་ནི་གསང་བའི་དབང་གི་ཆོ་གའོ།། ། དེའི་རྗེས ་ལ་དེ་འམ་གཞན་ཡོད་ར་སྟེ། ཤེས་རབ་མ་དམ་ཚིགས་དང་སྡོམ་པ་ལ་གནས་པ་གཟུགས་དཔ་ལང་ཚོ་དང་ལྡན་པ་བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། ཇི་ལྟར་ཆེ་བའི་ཚེ་གྲིན་ལྟར།། བདག་བད་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། ་ན་མཁའི་རྡོ་རྗེ་དེང་བདག་སྩོལ་ཞེས་པས་གསོལ་བ་བཏབ་པའི་སློབ་མ་ལ། གཟུགས་མ་ཤིན་ཏུ་ཉམས་དགའ་འདི།། བསྟེན་བྱས་སངས་རྒྱས་རྣམས་ཀྱི་བརྟགས།། འཁོར་ལོ་རིམ་པའི་སྦྱོར་བ་ཡིས།། པ་བ་དམ་པ་མྱང་བ ་གྱིས།། རྡོ་རྗེ་སྐྱིལ་ཀྲུང་ལ་སེམས་ནི།། ནོར་བུར་ཆུད་པ་བརྟགས་པ་ཡིན་ཞེས་བསྒྲུབ་པར་བྱས་མས་གཏང་པར་བྱའོ།། དེསོ་ཀྱང་གུར་གུ་མ་ལ་སོགས་པ་དྲི་ཞིམ་པོས་བྱས་པ་གོས་སོར་པ་ཆུ་སྐྱེས་སློབ་ལ་ལ་སྟོན་ཅིང་། ་xxx། xxx ་xxx། xxx ་xxx། xxx ་xxx། xxx ་xxx། xxx ་xxx། xxx ་ནས་ནུས་པ་ཇི་ལྟ་བར་བཟུང་སྟེ་ངལ་བུས་བཏོན་ནས་ཆུ་སྐྱེས་ལས་ལྕི་ཉིད་ཀྱིས་བླངས་ཏེ། དེ་ཁོ་ན་ཉིད་ཀྱིས་ལྟ་བས་ངམ་ཆིའི་ངོ་བོ་བྱང་ཆུབ་ཀྱི་སེམས་བཏུང་བར་བྱའོ་ཞེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཆོ་གའོ།། ་དེའི་རྗེས་ལ་ཚིག་ཁོ་ནས་དབང་བཞི་པ་སྦྱིན་པར་བྱའོ།། ཤེས་རབ་ཡེ་ཤེས་ལས་བྱུང་བའི་མྱུ་གུ་ལྟ་བུའི་བྱང་ཆུབ་ཀྱི་སེམས་དེ་བསྒོམས་པ་ས་རབ་ཏུ་འཕེལ་བར་བྱས་ནས་སྒྲིབ་པ་མེད་པར་གྱུར་ནས་དེ་ཁོ་ན་ཉིད་ཆོས་ཐམས་ཅད ་བསམ་དུ་མེད་པའི་རང་བཞིན་ཡན་ལ་ག་བདུན་དང་ལྡན་པའི་ཕྱག་རྒྱ་ཆེན་པོའི་བདག་ཉིད་རྡོ་རྗེ་འཚོང་གི་རང་བཞིན་དབང་བཞི་པའི་ངོ་བོ་བརྗོད་པར་བྱའོ་ཞེས་དབང་བཞི་པའི་ཆོ་གའོ།། ། དེའི་རྗེས ་ལ་དེའི་ལག་པས་གཞན་ནས་དེ་ཉིད་རང་གི་ལག་པ་གཡོན་པར་བཟུང་སྟེ། རྡོ་རྗེ་དང་བཅས་པའི་ལག་གཡས་པ་སློབ་མའི་མགོ་བོ་ལ་བཞག་ནས། འདི་ནི་ཁྱེད་རྣམས་དབང་པོ་ཡིན།། བདག་གིས་འདི་ལ་འདི་གཏང་ངོ་།། ་ཞེས་དེ་བཞིན་གཤེགས་པ་ལ་དབང་བཙུགས་ཏེ། ཐབས་གཞན་གྱིས་ནི་སངས་མི་རྒྱུ།། འགྲོ་གསུམ་འདི་ཡང་དག་པ་ཡིན།། དེ་ཕྱིར་འདི་དང་བྲལ་བར་ནི།། ནམ་དུ་ཡང་ནི་མ་བྱེད་ཅིག། འདི་དང་སངས་རྒྱས་ཐམས་ཅད་ཀྱི།། ་རིག་པ་བརྟུལ་ཞུགས་བླ་ན་མེད།། རྨོངས་པ་གང་ཞིག་འདི་སྤོང་བ།། དེ་ལ་མཆོག་གི་དངོས་གྲུབ་མེད་ཅེས་བརྗོད་པས་རིག་པའི་བརྟུལ་ཞུགས་ཐམས་ཅད་སྦྱིན་པར་བྱའོ་ཞེས་པ་ནི་རིག་པའི་བརྟུལ་ཞུགས་སྦྱིན་པའི་ཆོ་གའོ།། ། ་དེའི་རྗེས་ལ་སློབ་མ་རྡོ་རྗེ་སེམས་དཔའི་གཟུགསུ་བསྒོམས་ནས། འདི་དེ་སངས་རྒྱས་ཐམས་ཅད་ཉིད།། རྡོ་རྗེ་སེམས་དཔའི་ཕྱག་ན་གནས།། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཟུང་།། རྡོ་རྗེ་སེམས་དཔའི་བརྟུལ་ཞུགས ་བརྟན་ཞེས་བརྗོད་ཅིང་རྡོ་རྗེ་འཛིན་དུ་གཞུག་པར་བྱའོ།། དེས་ཀྱང་ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷྱ་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥེ་ཏཱཾ་དྷ་ར་ཡཱ་མི་བཛྲ་ས་ཏྭ་ཧི་ཧི་ཧི་ཧཱི་ཧཱུ~ཾ་ཞེས་བརྗོད་ཅིང་བཟུང་བར་བྱའོ།། རྡོ་རྗེའི་བརྟུལ་ཞུགས་ཀྱི་ཆོ་གའོ།། ་དེ་ནས་སྤྱོད་པའི་བརྟུལ་ཞུགས་འདོད་པ་ལ་གསུངས་པ་ནི་གང་ཡང་བུད་མེད་ངམ་སྐྱེས་པ་སྤྱོད་པའི་བརྟུལ་ཞུགས་སློང་བ་དེ་ལ་རྡོ་རྗེ་ཕག་མོའི་གཟུག་སཱ་ས་མུ། བཱ་དག་མེང་མའི་གཟུགས་ས་མ~ཾ། མེ་ཏོག་ལྷུང་བ་དང་བསྟུན་པའི་རིག་པའི ་མོའི་གཟུགས་སྐྱེས་པ་ནི་བདེ་མཆོག་དང་། དགྱེས་པ་རྡོ་རྗེ་ལ་སོགས་པའི་གང་ཡང་རུང་བའི་གེ་ཟུགསུ་བསམས་ནས། དེ་འམ་དེ་ལ་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་ཡེ་ཤེས་ཀྱི་ལྷ་བཅུག་ནས་གཙོ་བོའི ་སྔགས་ལན་ག་སུ་མོ་བརྗོད་ནས། རྡོ་རྗེ་སེམས་དཔའི་ཕྱག་རྒྱའང་།། ཕྱི་དང་ནང་དུ་ཡང་དག་གནས།། ཁ་ཊྭཱཾ་ག་དང་ཅང་ཏེའུ་སྣོད།། སྦྱིན་གྱི་དཔའ་བོས་བཟུང་བར་གྱིས། ཞེས་བརྗོད་དི་ཁ་ཊྭཱཾ་ག་དང་ཅང་ཏེའུ་དང་ཐོད་པ་སྦྱིན་པར་བྱའོ།། ་དེ་ནས་འཁོར་ལོ་མི་བསྐྱོང་པའི་སྐུར་ཅིག་ཅར་བསྐྱེད་དེ། ཡེ་ཤེས་པོ་བཅུག་ནས་མི་བསྐྱོད་པའི་རང་བཞིན་ཡིན་ཞེས་མོས་ནས་ཨོཾ་དྷི་ར་དྷ་ར། དྷཱ་ར་ཡ་དྷཱ་ར་ཡ། མ་ར་ཏ་མ་ར་ཏ། བཛྲ་དྷི་ག་ཕཊ་སྭཱ་ཧཱ་ཞེས་བྱ་བའི་སྔོགས་ཀྱིས་ལན ་གསུམ་དུ་བསྔགས་པའི་འཁོར་ལོ་དེ་ཚིག་འདིས་སྦྱིན་པར་བྱའོ།། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི་།། ཕྱི་དང་ནང་དུ་ཡ་ང་ངག་གནས།། འཁོར་ལོ་མི་བསྐྱོད་པའི་གཟུགས།། སྦྱིན་གྱིས་དཔའ་བོས་གཟུང་བར་གྱིས་ཤེས་སྤྱི་གཙུག ་ཏུའོ།། ། དེ་ནས་རྣ་རྒྱན་འོད་དཔགོ་མེད་ཀྱི་སྐུར་ཅིག་ཅར་བསྐྱེད་དེ། ཡེ་ཤེས་བཅུག་ནས་འོད་དཔག་མེད་པའི་རང་བཞིན་ཡིན་ཞེས་མོས་ནས་ཨོཾ་བཛྲ་དྷརྨཱཿསཽ་མ་ཡ་སྟྭཾ་ཧཱུཾ་ཧུ་ལུ་ཧུ་ལུ་ཨ་རོ་ལིག་ཕཊ་སྭཱ་ཧཱ་ཞེས་བྱ་བའི་སྔགས ་ཀྱིས་ལན་གསུམ་དུ་བསྔགས་པའི་རྣ་རྒྱན་དེ་ཚིག་འདིས་སྦྱིན་པར་བྱའོ།། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི།། ཕྱི་དང་ན་དུ་དུ་ཡང་ངག་གནས།། རྣ་རྒྱན་འོང་དཔག་མེད་ཀྱི་བདག། སྦྱིན་གྱི་སོ་དཔའ་བོས་བཟུང་བར་གྱིས་ཤེས་པས་རྣ་བ ་གཉིས་ལའོ།། དེ་ནས་མགུལ་རྒྱན་རིན་འབྱུང་གི་རང་བཞིན་ཡི་ནོ་ཞེས་མོས་ནས་ཨོཾ་བཛྲ་ས~ཾ་དྱཱ་ཊ་ཏ་མཱཾ་བྷཽ་དྷཱ་ན་མ་ས་མ~ཾ་ཡ་སྟྭཾ་ཨ་ཧཾ་རཏྣ་དྷྲྀཀ་ཕཊ་སྭཱ་ཧཱ་ཞེས་བྱ་བའི་སྔགས་ཀྱིས་ལན་གསུམ་དུ་བསྔགས་པའི་མགུལ་རྒྱན་དེ་ཚིག་འདྲི ་སྦྱིན་པར་བྱའོ།། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི།། ཕྱི་དང་ནང་དུ་ཡང་དག་གནས།། མགུལ་གྱི་ཕྲེང་བ་རིན་ཆེན་ཆེ།། སྦྱིན་གྱིས་དཔའ་བིསྟེ་གཟུང་བར་གྱིས་ཤེས་པས་མགུལ་དུའོ།། །། དེ་ནས་གདུ་བུ་ནརྀམྦྷ་སྣང་གི་སྐུར ་ཙོག་ཅར་དུ་བསྐྱེད་དེ་ཡེ་ཤེས་བཅུག་ནས་རྣམ་པར་སྣང་མཛད་ཀྱི་ཡེ་ཤེས་ཡིན་ཞེས་མོས་ནས་ཨོཾ་ཤ་ཤ་ཤ་པ་ན་མོ་དོཤ་ཤ་ཤ་ཧ་ཨེ་ཧྱེ་ཧི་ཛི་ན་ཛི་ཀ་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་ལནི་གསུམ་དུ་བསྔགས་པའི་ལག་ཏུ་དེ་ཚི་གི་འདི་སྦྱིད ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི།། ཕྱི་དང་ནང་དུ་ཡང་དག་གནས།། ལག་གདུབ་རྣམ་སྣང་ཉིད་དུ་བཤད།། སྦྱིན་གྱི་དཔའ་བོས་གཟུང་བར་གྱིས་ཞེས་པས་ལག་པ་གཉིས་ལའོ།། དེ་ནས་སྐ་རགས་དོན་གྲུབ་ཀྱི་སྐུར ་ཅིག་ཅར་གྱིས་བསྐྱེད་དེ་ཡེ་ཤེས་བཅུག་ནས་དོན་ཡོད་གྲུབ་པོའི་རང་བཞིན་ཡིན་ཞེས་མོས་ནས་ཨཾ་ཕུབ་ཕུ་བི་ཧྲི་ཧཱི་ཧྲིཾ་བཛྙཱ་དྷྲྀཀཱ་ཞེས་བྱ་བའི་སྔགས་ཀྱི་ལན་གསུམ་དུ་བསྔགས་པའི་སྒྲ་རགས་དེ་ཚིག་འདིས་སྦྱིན་པར་བྱའོ།། རྡོ་རྗེ་སེམས ་དཔའི་ཕྱག་རྒྱ་འདི།། ཕྱི་དང་ནང་དུ་ཡང་དག་གནས།། སྐྲ་རགས་ལ་ནི་གྲུབ་པ་ཞུགས།། སྦྱིན་གྱིས་དཔའ་བོས་གཟུང་བར་གྱིས་ཤིས་པས་རྐེང་པ་ལའོ།། བུད་མེད་ཀྱི་ཕྱོགས་ལྔ་ནི་ཚིགསུ་བཅད་པ་ལ་དཔའ་བློ་ཞེས་བྱེ་བྲུ་ཕྱུང་ནས་ལྷ ་མོ་ཞེས་བྱ་བ་བརྗོད་པར་བྱའོ།། སྤྱོད་པའི་བརྟུལ་ཞུགས་སྦྱིན་པའི་ཆོ་གའོ།། ། དེའི་རྗེས་ལ་དེ་བཞིན་གཤེགས་པའི་སྤྱོད་ལམ་གྱི་ཚུལ་དུ་བྱས་ནས་ཆོ་སོ་གོས་ཀྱི་གྲཝ་བཟུང་བའི་ཁུ་ཚུར་གཡོན་པོ་སྟོང་གྱུར ་བཟུང་ཞིང་།། གཡས་པ་མི་འཇིགས་པའི་ཕྱག་རྒྱུས་འདི་ལྟར་ལུང་བསྟན་པའོ།། ཁྱོད་ནི་ང་ཡི་ལུང་བསྟན་ཏེ།། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས།། སྲིད་ལ་མཆོག་ཞི་རབ་སྒྲུབ་ཕྱིར།། སྲིད་པོའི་ངན་འགྲོ་ཉིང་ལས་བཏོན།། ཀྱེང ་བཞིན་གཤེགས་པ་རྡོ་རྗེ་ཆེག་མོ་ཞེས་བྱ་བོ་ལ་སོགས་པ་སིདྡྷི་ས་མ་ཡ་སྟྭཾ་བྷུ་བྷུ་བ་སྭཱ་ཧཱ་ཞེས་པའི་སྔགས་ཀྱི་མེ་ཏིག་ལྷུང་བ་དང་རྗེ་སུ་མཐུན་པའི་དེ་བཞིན་གཤེགས་པའི་ངོ་ཟས་སློངབ་མ་ལ་ལུང་བསྟན་པར་བྱའོ།། གང་འདི་ལྟར ་བསྟན་པར་བྱེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་བྱའོ།། ཞེས་དད་པར་བྱའོ་ཞེས་པ་ནི་ལུང་བསྟན་པའི་ཆོ་གའོ།། །། རིག་པ་དང་རྡོ་རྗེ་སྤྱོད་པའི ་བརྟུལ་ཞུགསཽ་དང་ལུང་བསྟན་པ་འདི་རྣམས་རྒྱུད་ཁ་ཅིག་ཏུ་དབང་བསྐུར་བ་ཉིད་དུ་ཐ་སྙད་བྱས་སོ།། དེའི་རྗེས་ལ་སློབ་མའི་སྟན་གྱི་མདུན་དུ་འམཽ་ཁ་ཅིག་ཏུ་ནི་གདན་ལ་ཡང་ཨོཾ་བཛྲ་ཧེ་ཏུ་མཾ་ཞེས་བརྗོད་ཅིང་བྲུཾ་ལས་སྐྱེས་པའི་ཆོས་ཀྱི་འཁོར་ལོ ་དང་། ལག་པ་ག་ཡ་སུ་ཨོཾ་བཛྲ་བྷཱ་ཥ་རཾ་ཞེས་བརྗོད་ཅིང་ཨ་ལས་སྐྱེས་པའི་དུང་དང་། གཽ་ཡོན་དུ་དབྱངས་དང་པོ་ལས་སྐྱེས་པའི་པོ་ཏི་དབྱངས་དང་། ཨ་བརྗོད་པ་དང་། དབྱངས་ཨ་བརྗོད་ཅིང་བྱིན་ནས་དྲིལ་བུ་དཀྲོལ་དུ་གཞུག་ཅིང་། ་མས་ཅད་ན་མཁའི་མཚན་ཉིད་དེ།། ནམཁའ་ལ་ཡང་མཚན་ཉིད་མོད།། ན་མཁའ་དང་ནི་མཉམ་སྦྱོར་བའི།། ཀུན་སྤྱོད་ན་མཁའི་ངང་དུ་གསལ།། དེང་ནས་བརྩམས་ཏེ་འཇིག་རྟེན་ན།། སེམས་བསྐྱེད་དང་བཅས་ཀུན་གྱིས་ནི།། ཆོས་ཀྱི ་འཁོར་ལྷོ་རབ་ཏུ་བསྐོར།། ཆོས་ཀྱི་དུང་ནི་བླ་ན་མེད།། ཁོར་ཡུག་ཏུ་ནི་བུད་པར་གྱིས་ཞེས་བརྗོད་པར་བྱའོ།། དེ་ཡི་ས་སྔོར་མོས་པ་ལས།། ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས་ཞེས་དྲིལ་བུ་གཏད་དེ་གསིལ་བར་བྱེད་དོ།། དེ་ལྟར་རྗེ་སུ་གནང་བ ་བྱིན་ནས་རྗེ་སུ་གནང་བ་ལྷག་པར་གནང་བ་སྦྱིན་པར་འདོད་པས་རིམ་པ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགསུ་བསྒོམས་པའི་སློབ་མ་ལ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། འཇིག་རྟེན་ཁམས་རྣམས་ཐམས་ཅདདུ།། ་ཇི་ལྟར་གདུལ་བྱ་སྣ་ཚོགས་ལ།། ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས།། སེམ་ཅན་ཀུན་ལ་ཕན་པའི་ཕྱིར།། འཇིག་རྟེན་ཁམས་ནི་ཐམས་ཅད་དུ།། ཇི་ལྟར་གདུལ་བྱ་སྣ་ཚོགས་ལ།། རྡོ་རྗེའི་འཁོར་ལོ་རབ་ཏུ་། ་སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། འཇིག་རྟེན་ཁོམས་ནི་ཐམས་ཅད་དུ།། ཇི་ལྟར་གདུལ་བྱ་སྣ་ཚོགས་ལ།། རིན་ཆེན་འཁོར་ལོ་རབ་ཏུ་བསྐོར།། སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། འཇིག་རྟེན་ཁམས་ནི་ཐམས་ཅད་དུ།། ཇི་ལྟར་གདུལ་བྱ་སྣ ་ཚོགས་ལ།། པདྨའི་འཁོར་ལོ་རབ་ཏུ་བསྐོར།། སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། འཇིག་རྟེ་ནི་ཁམས་ནི་ཐམས་ཅད་དུ།། ཇི་ལྟར་གདུལ་བྱ་སྣ་ཚོགས་ལ།། ལས་ཀྱི་འཁོར་ལོ་རབ་བསྐོར།། ཤེས་རབ་ཐབས་ཀྱི་རང་བཞིན་དག། ཡིད་བཞིན་ནི ་བུར་ཆེན་པོ་ལྟར།། བུད་མེད་ཆགས་དང་བྲལ་བ་ཡིས།། སེམས་ཅན་དོན་ནི་བླ་མེད་ཀྱིས།། དེས་ཀྱང་འདི་ལ་ཕྱག་བྱས་ནས་འདི་སྐད་ཅེས་བེ་རྗེ་དི་པར་བྱའོ།། གཙོ་བོས་ཇི་ལྟར་བཀའ་སྩལ་པ།། དེ་ལྟར་བདག་གིས་བྱ་བ་བགྱི།། ཞེས་པ་ནི་རྗེ་སུ ་གནང་བའི་ཆོ་གའོ།། དེ་ནས་སྤྱི་བོར་གདུགས་ནི་གཟུང་བྱས་ནས།། སྐོར་བ་བྱེད་དུ་བཅུག་ནས་ནི།། དཀྱིལ་འཁོར་སྒོར་ནི་ཐལ་སྦྱར་ལ།། གདུགས་བཅོས་དབྲབ་ཅི་འདི་སྐད་བརྗོད།། སློབ་མ་འདི་ནི་ཕུལ་བྱས་ཀྱི།། གསང་སྔགས་རྒྱུད་རྣམས་འཛིན ་པར་ཤོག་ཅེས་བྱ་བས་འཁོར་ལོའི་དབང་ཕྱུག་ལ་གསོལ་བ་བཏབ་ནས་གདུགས་གཞན་དུ་བཞག་ནས་སློབ་མ་ཡིད་དུ་འོང་བ་ལ་འདི་བརྗོད་པར་བྱའོ།། འདིར་ནི་སློབ་དཔོན་དཀྱིལ་འཁོར་དང་།། སྔགས་དང་རྒྱུད་ཀྱང་འཛིན་པར་འགྱུར།། སངས ་རྒྱས་བྱང་ཆུབ་སེམས་དཔའ་དང་།། ལྷ་རྣམས་ཀུན་གྱིས་དགོངས་པར་འགྱུར།། སེམས་ཅན་ཀུན་ལ་བརྩེ་བའི་ཕྱིར།། ཁྱེད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན།། ནན་ཏན་བསྐྱེད་དེ་བྲི་བར་བྱ།། སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར།། མཆོག་གསང་དཀྱིལ་འཁོར་ད ་པཔ་འདི།། མཐོང་བ་དང་ནི་ཞུགས་འགྱུར་བས།། སྡིག་པ་ཀུན་ལས་ངེས་པར་གྲོལ།། ཁྱེད་རྣམས་དེ་ཉིད་ལེགས་པར་གནས།། བདེ་ཆེན་ཐེག་པ་འདི་ལ་ནི།། ཕྱི་ནས་འཆི་བ་ཡོད་མིན་ནོ།། མི་ཚུགས་པ་དང་མི་སྲིད་པས།། ཅིས་ཀྱང་མི་འཇིགས་དགའ ་བར་གྱིས།། སྲིད་པ་ཀུན་ཏུ་དེ་གཾ་བྱས་ཕྱིར།། སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས།། སངས་རྒྱས་རྡོར་འཛིན་བཅས་ཀུན་གྱིས།། ཚེ་ལྡན་དེ་རིང་དབང་བསྐུར་བས།། ཁམས་གསུམ་ཀུན་གྱི་རྒྱལ་སྲིད་ཆེ།། བདག་པོ་ཀུན་ཏུ་ཁྱོད་ཉིད་འགྱུར།། འདོད་ཆགས་བྲལ་བ ་ལྟ་བུའི་སྡིག། ཁམས་གསུམ་ན་ནི་གཞན་མེད་དོ།། དེ་ཕྱིར་འདོད་ཚོགས་དང་བྲལ་བས།། ཁྱོད་ཀྱི་ནམ་ཡང་མི་བྱའོ།། འདོད་པ་ཀུན་ལ་ཉེར་སྤྱོད་པོས།། གང་ལ་འཇིགས་མེད་སྤྱད་པར་གྱིས།། ཤ་ལྔ་བདུད་རྫི་བཟའ་བོར་བྱའོ།། འདི་ལས་གཞན་ཡང་དམ ་ཚིག་བསྲུངས།། སྲོག་ཆགས་བསད་པར་མི་བྱ་ཞིང་།། བུད་མེད་སངས་རྒྱས་སྤང་མི་བྱ།། སློབ་དཔོན་སྤྲིང་བར་མི་བྱ་སྟེ།། དམ་ཚིག་ཤིན་ཏུ་འདའ་བཀའ་བས།། ཤེས་རབ་ཐབསུ་སེམས་དཔའ་ཡིས།། མི་བྱེ་བ་ནི་ཅུང་ཟད་མད།། དེ་བཞིན་གཤེགས་གསུངས ་ཇི་ལྟ་བའི།། སྡིག་པ་མེད་པའི་འཇིགས་མ་བྱེད།། དེ་ལྟར་ཡིད་ནི་རབ་ཏུ་རྡོ་རྗེ་ཉིད་གྱིས། རང་གི་དམ་ཚིག་མི་བཟད་དེ་བཞིན་ལ་རྒྱ་བསྟེན་པར་གྱི།། དེང་རིང་ཚེགས་ཆུང་བདེ་བར་འགྲོ་བའི་རྡོ་རྗེ་སེམས་དཔའ་དང་། རབ་ཏུ་མཉམ་ཞིང་རྟག་པ་ཉིད་དུ་རྟོགས ་པར་འགྱུར།། གཞན་ཡང་ཆོས་དེ་ན་རྣམས་ལས་ཆོས་དེ་ཇི་བཞིན་པར།། དབང་བསྐུར་བ་ལས་དགེ་བའི་ཆེད་དུ་བུ་གཅེས་པ་ཡི་མ་བཞིན་དུ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཆོས་ཉིད་ཀྱི་ཐུབས ་དང་བས་ཡང་དག་པར་དགོངས་པར་མཛད་དོ།། ཞེས་བྱ་བ་ནི་དབུགས་དབྱུང་བའི་ཆོ་གའོ།། །། དེ་ལྟར་དབང་ཐོབ་པའི་སློབ་མ་དབུགས་འབྱིན་ཞིང་དགའ་བས་འདི་ལྟར་བགྱིའོ།། དེང་བདག་སྐྱེ་བ་འབྲས་བུར་བཅས།། བདག་གི ་གསོན་པའང་འབྲས་བུར་བཅས།། དེ་རིང་སངས་རྒྱས་རིགས་སུ་བསྐྱེད།། སངས་རྒྱས་སྲས་སུ་དེང་བདག་གྱུར་ཞེས་བརྗོད་དོ།། དེ་ནས་གླང་པོ་ཆེ་དང་། རྟ་དང་། རིན་པོ་ཆེ་དང་། སཱ་ལ་སྦྲུམ་དང་། དངུལ་དང་། གསེར་དང་། རྒྱན་དང་། བྱ་ལང་དང་། མ ་ཧཾཧེ་དང་། བྲན་པོ་དང་། བྲན་མོ་དང་། ཁོལ་པོ་ལ་སོགས་པ་དང་། གཙེས་པའི་ཆུང་མ་དང་། བུ་དང་བུ་མོ་ལ་སོགས་པ་རྣམས་སམ། ཇི་ལྟར་ནུས་པས་བླ་མ་ལ་བསྙེན་བཀུར་གྱི་ཕྱིར་དབུལ་བར་བྱའོ།། གཏོར་མ་དང་སྦྱིན་སྲེག་དང་ཚོགས་ཀྱི ་འཁོར་ལོ་དང་། དགེ་འདུན་ལ་སྟོན་མོ་ལ་སོགས་པ་ཡང་བྱའོ།། དེ་ན་ཆོ་ག་ཇི་ལྟ་བོར་རྒྱས་པ་དང་ཞི་བའི་སྦྱིན་སྲེག་བྱས་ནས་རང་ཉིད་ཀྱིས་དཀྱིལ་འཁོར་མཆོད་པས་མཆོད་དེ། ཐམས་ཅད་ཀྱིས་ནུས་པ་ཇི་ལྟ་བ་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས ་ལ་མཆོད་པ་གྱིས་ཤིག་ཅེས་པས་སློབ་མ་ལ་སོགས་པ་རྣམས་ཀྱིས་མཆོད་པ་བྱེད་དུ་བཅུག་ནས་ཞུགས་པ་རྣམས་ལ་ཡང་། བཟའ་བ་དང་། བཅའ་བ་དང་། བལྡག་པ་དང་ཆང་ལ་སོགས་པའི་ཚོགས་ཀྱི་འཁོར་ལོའི་ཚུལ་རྣམས་ཀྱིས་ཚིམ་པར་བྱ། ་སྟེ།། དེ་དག་དང་ལྷན་ཅིག་ཏུ་མི་ཉལ་བར་གུ་ར་དཀར་པོ་ལ་སོགས་པ་དང་བྱང་ཆུབ་ཀྱི་སེམས་བསྒྲུབ་པས་ཡང་དག་པར་མཆོད་ནས་ཁྱེད་རྣམས་ཀྱིས་འཇུག་པ་འདི་སུ་ལ་ཡང་བརྗོད་པར་མི་བྱའོ།། ཞེས་བཀའ་བསྒོས་ནས་སློབ་དཔོན་གྱིས་ཡོན་བླང་བར་བྱའོ།། ་དེ་ནས་ཀྱང་གུས་པས་དབུལ་བར་བྱའོ།། རིན་ཆེན་ཡིད་འོང་ཆུང་མ་དང་། རང་གི་ལུས་དང་ཞིང་དང་ནི།། ཇི་ལྟར་བླ་མ་མཉེས་འགྱུར་དབུལ།། མདོར་བསྡུས་ནས་ནི་འདི་ལྟར་བྱ།། བླ་མ་མཉེས་ན་དངོས་གྲུབ་འགྲུབ།། གཞན་དུ་མིན་ཞེས་ཐུབ་པས ་གསུངས།། སློབ་དཔོན་བླ་མེད་བྱེད་པ་པོ།། རྡོ་རྗེ་སེམས་དཔའ་མཆོད་པའོ།། དེ་ཡི་བསོད་ནཱ་ནམས་མ་བྱས་ཅི།། དཀའ་ཐུབ་མ་བཤད་པ་ཡང་དག་ཅེས་གསུངས་པས་སོ།། དེར་སློབ་མ་བཀོད་ནས་ཕྱི་རོལ་ཏུ་ཕྱོགས་སྐྱོང་གི་གཏོར་མ་བཏང་། མཆོད་པ ་སོགས་པ་བྱས་ནས་ནང་དུ་ཞུགས་ནས་དཀྱིལ་འཁོར་ལ་ཕྱག་བཅིལ་ཏེ་འཁོར་ལོའི་བདག་པོ་ཡིས་མཆོད་ཡོན་ལ་སོགས་པ་ཕུལ་ནས་དགེ་བ་ཡོངསུ་བསྔོ་སྟེ། དཀྱིལ་འཁོར་ལ་ལན་གསུམ་སྐོར་བ་བྱས་ནས། བཅོམ་ལྡན་འདས་ལ་ཕྱག ་བྱས་ནས་ཤར་སྒོར་འདུག་སྟེ། ཡི་གེ་བརྒྱ་པ་ལན་གསུམ་བརྗོད།། གང་ཡང་བདག་བློ་གཏི་མུག་པས།། ལེགས་སྤྱང་འདི་ལ་ཉེས་གྱུར་གང་།། གང་ཕྱིར་ལུས་ཅན་སྐྱབས་གྱུར་པ།། དེ་ཀུན་མགོན་ཁྱོད་བཟོད་པར་གསོལ།། གཙོ་བོ་ནུས་པ ་མ་མཆིས་ཤིང་།། མ་རྙེད་པ་དང་མ་ཚང་བ།། འདིར་ནི་བྱ་བ་གང་བགྱིས་པ།། དེ་ཀུན་མགོན་ཁྱོད་བཟོད་པར་གསོལ་ཞེས་བཟོད་པར་གསོལ་ནས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད།། རྗེ་སུ་མཐུན་པའི་དངོས་གྲུབ་སྩོལ།། སངས ་རྒྱས་ཡུལ་དུ་གཤེགས་ནས་ཀྱང་།། སླར་ཡང་བྱོན་པར་མཛད་དུ་གསྩོ།། ། ཨོཾ་ཨཱཿཧཱུཾ་བཛྲ་མུཿཞེས་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་གཤེགས་སུ་གསོལ་གསོལ་ནས་རང་ཉིད་ཀྱི་སྤྲུལ་པའི་དཀྱིལ ་འཁོར་རང་ཉིད་ལ་བཅུག་ལ་ཨོཾ་ཨཱ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎྜ་ཨཱ་དྱཱ་ནུད་པན་ན་ནེ་ཏྲཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ་ཨོཾ་ཨཱཿཧཱུཾ་མུཿཞེས་འདོན་ཞིང་ཆོས་ཐམས་ཅད་སྐྱེ་བ་མེད་པར་མོས་ནས་དྲིལ་བུ་དཀྲོལ་ཞིང་ལག་པ་ན་གནས་པའི་རྡོ་རྗེས ་ཤར་སྒོ་ནས་བརྩམས་ཏྭ་ཚངས་ཐིག་གཱིས་ལམ་ནསཾ་ག་ཙོ་བོའི་གནས་ཀྱི་བར་དུ་དབྱི་ཞིང་། རང་གི་མགོ་ལ་རྡུལ་ཚོ་ན་ཅུང་ཟད་ཙམ་བླུགས་ནས་པད་མ་ལ་སོགས་པའི་བར་དུ་དབྱི་བར་བྱའོ།། དེ་ནས་སྒོ་རྣམས་ལ་གནས་པ་དང་། ཟུར་ནི ་གཱ་པ་ན་གནས་པའི་རྡོ་རྗེ་རྩེ་མོས་གཞིག་པར་བྱའོ།། ཨོཾ་བཛྲ་ཀཱི་ལ་ཡ་མུག་ཀཽ་ཡ་སརྦ་ཀི་ལ་སརྦ་ན་ནི་བཛྲ་དྷ་ར་ཡཱཛྙཱ་མ་ཡི་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཧོ་ཞེས་བྱ་བ་འམ།། ཧཱུཾ་གི་སྔགས་ཀྱིས་བུར་བ་རྣམས་བཏོན་ནས། ཨོཾ་རུ་རུ་སྥུ་རུ་ཛ ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦ་ཨརྠ་ས་དྷ་ནེ་སྭཱ་ཧཱ། ཞེས་བྱ་བའི་ཆུ་ལ་ལན་བརྒྱ་རྩ་བརྒྱད་དུ་བཟླས་པ་བཀྲུའོ།། ཕུར་པའི་ལྷ་རྣམ་ས་གཤེགས་སུཾ་གསོལ་ལོ།། ཁུང་བུ་ཡང་དགང་ངོ་།། ནཱད་ཞི་བ་ལ་སོགས་པའི་དོན་དུ་གཉེར་བ་ལ་རྡུལ ་ཚོཚོན་ཅུང་ཟད་བྱིན་ནས། རྒྱལ་པོའི་བུམ་པའམ། བུམ་པ་གཙང་མ་གཞན་རས་ཀྱིས་རྒྱན་པའི་རྣལ་འབྱོར་མས་བཟུང་སྟེ། ཁྱོགས་ལ་ཞོན་པའི་སློབ་དཔོན་ནམ། སློབ་མས་དྲིལ་བུའི་སྒྲ་དང་རོལ་མོའི་སྒྲ་དང་། གདུགས་དང ་རྒྱལ་མཚན་དང་། བ་དན་དང་། མཆོད་པ་རྣམས་དང་ལྡན་པས་འབབ་ཆུ་ཆེན་པོ་འམ། ཆུ་ཟབ་མོར་ཁྱེར་ནས་འགྲམ་དུ་འདུག་སྟེ། བའི་ལྕི་བྱས་བྱུགས་ལ་དྲི་དཀར་པོས་བྱུགས། དཀྱིལ་འཁོར་བྱས་ནས་པདྨའི་ལྟེ་བ་ལ་རྡོ་རྗེ་སེམས་དཔའ ་དང་།། འདབ་མ་ལ་ཀྵ་རྣམས་སྔོན་དུ་མཆོད་དོ།། ཀླུ་གེ་ཏོར་གྱི་སྔགས་ཀྱི་འོ་ཐུག་གི་གཏོར་མ་བྱིན་ནས་མཆོད་དོ།། ཀླུ་རྣམས་ལ་རྡུལ་ཚོན་གཏད་ནས་ཆུ་ལ་བླུགས་པར་བྱའོ།། ཀླུ་རྣམས་ཀྱིས་ཀྱང་བཀུ་རི་སྟི་ཆེན་པོ་ས་ས་འོག་ཏུ ་ཁྱེར་བསམ་པར་བྱའོ།། ཡང་རྡུལ་ཚོན་ཁྱེར་བའི་བུམ་པ་དྨོ་ཆུས་བཀང་ནས། དེ་ཁོ་ན་བཞིན་བཞག་སྟེ། དེ་ནས་ཞི་བའི་དོན་དུ་དཀྱིལ་འཁོར་ལ་སོགས་པའི་ཁང་པའི་ཆ་ག་ཆོ་ག་གདབ་པོ།། བའི་ལྕི་བས་བྱུགས་པའི་དཀྱིལ་འཁོར་གྱི ་ཁོང་པར། གཞོན་ནུ་མ་རྣམས་ལའོ་ཐུག་གི་སྟོན་མོས་ཚིམ་པར་བྱའོ།། དེ་ནས་སློབ་དཔོན་གྱིས། མཁོ་བའི་ཡོ་བྱད་རྣམས་བསྡུས་ནས། རང་ཉིད་ཀྱིས་ནི་སྤྱད་པར་བྱ།། སློབ་མ་ལ་སོགས་ཅུང་ཟད་མིན།། ཁུང་བུ་འགེངས་དང་རབ ་གནས་དང་།། སྦྱིན་སྲེག་དཀྱིལ་འཁོར་ནོར་གང་ཡིན།། དེ་ཀུན་སློབ་དཔོན་ཉིད་དམ་ཞེས།། རྡོ་རྗེ་འཛིན་པ་མཆོག་གིས་གསུངས།། ཡོན་བདག་གོས་རའི་གནས་བྱས་པའི་སྐུ་གཟུགས་ལ་སོགས་བསྟོད་པར་རུང་བ་ནི་རོལ་མ ་སྒྲ་ལ་སོགས་པས་མཆོད་པས་རང་རང་གི་གནས་སུ་ཁྱེར་ནས་མཆོད་པར་བྱེད།། སློབ་དཔོན་དང་སྒོའི་སློབ་དཔོན་རྣམས་དང་ལས་ཀྱི་རྡོ་རྗེ་ཅན་དང་། རྣལ་འབྱོར་མོ་རྣམས་དེ་ང་བཟོ་རྣམས་ཇི་ལྟར་རིགས་པར་ནོས་པ་ཇི་ལྟར ་བར་རས་ལ་སོགས་པ་དང་། སོ་རྩི་ལ་སོགས་པས་ཚིམ་པར་བྱའོ།། དགེ་འདུན་ལ་སྟོན་མོ་དང་རྣལ་འབྱོར་པ་ལ་ཚོགས་ཀྱི་འཁོར་ལོ་ཡང་བྱའོ།། དམན་པ་དང་མགོན་མེད་པ་རྣམས་ལའང་ཚིམ་པར་བྱའོ།། ཞེས ་པ་ནི་དཀྱིལ་འཁོར་ཉེ་བར་བསྡུ་བའི་ཆོ་གའོ།། ། དེ་ལྟར་འདིར་ནི་དཀྱིལ་འཁོར་བྲི་བའི་ཆོ་གའོ།། ། བྲི་བའི་ཆོ་ག་འདི་ཡིད་ཀྱིས་བསྒྲུབ་པའི་ཆོ་ག་ཉིད་ཀྱིས་འབྲས་བུ་དང་ལྡན་ནོ་ཞེས ་བྱ་བས་ཡིད་ཀྱི་ཆོ་ག་ཁོ་ན་མཆོག་ཡིན་ནོ།། དེའི་ཕྱིར་དཀྱིལ་འཁོར་གྱི་བདག་པོའི་གཟུགས་ཀྱིས་བཟུང་བ་ལ་སོགས་པ་དང་། སྐུ་གཟུགས་ལ་སོགས་པའི་རབ་གནས་དོ་ང་། སློབ་མ་ལྔ་དབང་བ་དང་བསྐུར་བ་དང་། གཤེགས ་གོགསོལ་བ་དང་། ཞི་བའི་སྦྱིན་སྲེག་གི་མཐར་ཐུག་པ་ཐམས་ཅད་ཡིད་ཀྱིས་བྱའོ།། དེ་ཉིད་ཀྱི་ཚེ་གང་གིས་ཁ་ཅིག་ཏུ་སྦྲེལ་པ་དང་འདི་དག་ཐམས་ཅད་བྱར་མི་ནུས་པའམ། མི་རྙིང་པ་དེའི་ཚེ་བསྒོམ་པར་བྱའོ།། དེའི་ཚེ་དངོས་པོ་ཡོད ་པ་ལ་ཡང་བྱསམ་གཏན་ཁོ་དོན་གཙོ་བོ་ཡིན་ནོ།། འོན་ཀྱང་འཇིག་རྟེན་པ་ལྟ་བ་དོང་སྦྱིན་པ་ལ་མངོན་པར་དད་པ་ལ་སོགས་པས་སྤེལ་བ་འགའ་ཞིག་གིས་ཆེད་དུ་ཕྱི་མཆོད་ཀྱི་ཆོ་ག་འདོད་དོ།། རྒྱུད་མེད་ཅིང་ཚོགས་པ་དང་བྲལ ་བས་ནི་བསྒོམ་པ་ཁོ་ནས་ཆོ་ག་ཐམས་ཅད་བསྒྲུབ་པར་བྱའོ།། ཞེས་སྔོན་གྱི་སློབ་དཔོན་རྣམས་ཀྱིས་གསུངསོ།། དེའི་ཕྱིར་ལས་དང་པོ་པས་ཀྱང་སེམས་བསྟེན་པོས་ཡིད་ཀྱིས་སྤྲུལ་པའི་དཀྱིལ་འཁོར་དུ་སྔོན་གྱི་རབ་གནས་དང་། ་སྐལ་བ་དང་ལ་བསྟན་པ་དང་། དབང་བསྐུར་བར་བྱའོ།། དེ་ལྟར་ཡང་སངས་རྒྱས་ཐོད་པའི་རྒྱུད་ལས། ཤེས་རབ་པད་མའི་ནང་དབུས་སུ།། དཔག་ཚད་བྱེ་བ་དཀྱིལ་འཁོར་ལ།། དཀྱིལ་འཁོར་དེའི་དབུས་ནི།། མཁས་པས་སློབ་མ་དབང་བསྐུར་བྱ ་ཞེས་པ་དང་། གཞན་ཡང་གསུངས་པ་སྟེ། ཡིད་ཀྱིས་འགའ་ཞིག་ཉིད་དུ་ནི།། རྒྱལ་བའི་དཀྱིལ་འཁོར་བྱ་བར་བཞེད་ཅེས་གསུང་སོ།། ཞེས་པ་ནི་ཡིད་ཀྱི་དཀྱིལ་འཁོར་གྱི་ཆོ་གའོ།། ། སློབ་དཔོན་ཆེན་པོ་ཨ་བྷ་ཡ་ཀཱ་ར་གྲཱཔྟ་ས་མེ་ཛོད། ་པིཔའི་དབང་བསྐུར་གྱི་རབ་ཏུ་བྱེད་པ་རྫོགས་སོ།། ། པཎྜི་ཏ་དོ་ཉིད་དང་མཁས་པ་བནྡེ་ཤེས་རབ་དཔལ་གྱིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ས་ཨ་དྷིཥྛཱ་ན་ཀཱ་མ་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ། རང་བྱིན་གྱིས་བརླ ་