| Wylie | e-texts produced with BDRC’s OCR application |
པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ཁམས་པ་ལོ་ཙྪ་བ་དགེ་སློང་བ་རིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། ། རྒྱ་གར་སྐད། པདྨ་ནིརྟི་ཤྭ་ར་སཱ་དྷ་ནཾ། བོད་སྐདདུ། པདྨ་གར་གྱི་དབང་ཕྱུག་གི་སྒྲུབ་ཐབས། བ ་པདྨ་གར་གྱི་དབང་ལ་ཕྱག་འཚལ་ལོ།། སྔོན་དུ་བསྟན་པའི་ཆོ་གས་སྟོང་པ་ཉིད་བསྒོམ་པའི་རྗེ་སུ་སྣ་ཚོགས་ཀྱི་པདྨའི་སྟེང་དུ་ཟླ་བ་ལ་ཧྲཱིཿཡོངསུ་གྱུར་པ་ལས་པདྨ་གར་གྱི་དབང་ཕྱུག་ཅེས་བྱ་བ། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་གནས་པ། ཕྱག་གཉིས་པ། ཞལ་གཅིག་པ། ཡན་ལག་ཐམས་ཅད་དམར་པོ།། ལྷ་རྫས་ཀྱི་ན་བཟའི་རྒྱན་གྱིས་བརྒྱན་པ་འོད་དཔག་ཏུ་མེད་པའི་ཅོད་པན་ཅན། གཡོན་ཕྱོགསུ་གོས་དཀར་མོ་ལ་མཉམ་པར ་འཁྱུད་པའི་ཚུལ་གྱིས་གནས་པའོ།། གཡོན་པའི་ཕྱག་ན་པདྨ་དམར་པོ་བསྣམས་པ། གར་གྱི་ཚུལ་གྱིས་ཁབ་ཀྱི་ཕྱག་རྒྱས་པདྨ་ཁ་འབྱེད་པ་ནི་ཕྱག་གཡས་པས་སོ།། བདག་ཉིད་སྐད་ཅིག་གིས་བསྐྱེད་ལ། ཨོཾ་ཀཱ་ཡཱ་བཱ་ཀ་ཙི་ཏཿབཛྲ་སྭ་བྷ་བ ་ཨཱཏྨ་ཀོ་ཧཾཿཞེས་བྱ་བའི་སྔགས་བརྗོད་པར་བྱའོ།། དེ་ནས་ཕྱོགས་མཚམས་བརྒྱད་དང་། ལྷ་མོ་བརྒྱད་བསམ་པར་བྱ་སྟེ། དེ་ལ་འདབ་མ་བརྒྱད་པའི་པདྨའི་ཤཱར་གྱི་འདབ་མ་ལ་རྣམ་པར་གཟིགས་མོ། དཀར་མོ་པདྨ་དམར་པོ་བསྣམས་པའོ།། ་ལྷོ་ཕྱོགས་ཀྱི་མདབ་མ་ལ་སྒྲོལ་མ་ཨུཏྤ་ལ་ལྗང་གུ་བསྣམས་པའོ།། ནུབ་ཕྱོགས་ཀྱི་འདབ་མ་ལ་དབང་ཕྱུག་མ་སེར་མོ་ཨུཏྤ་ལ་སྔོན་པོ་བསྣམས་པའོ།། བྱིང་གི་མདབ་མ་ལ་ཁྲོ་གཉེར་ཅན་དཀར་མོ་པདྨ་སེར་པོ་བསྣམས་པའོ།། ཤར་གྱི་མཚམས ་ཀྱི་མདབ་མ་ལ་གགས་མ་སེར་མོ་བཅོད་ལྟ་བུའི་པདྨ་བསྣམས་པའོ།། ལྷོ་ཕྱོགས་ཀྱི་མཚམས་ཀྱི་འདབ་མ་ལ་པདྨའི་དབང་ཕྱུག་ན་མཁའི་མདོག་ལྟ་བུ་པདྨ་དཀར་པོ་བསྣམས་པའོ།། ནུབ་ཕྱོགས་ཀྱི་མཚམས་ཀྱི་མདབ་མ་ལ་སྣ་ཚོགས་པདྨ ་དཀར་པོ་པདྨ་ནག་པོ་བསྣམས་པའོ།། བྱང་གི་ཕྱོགས་ཀྱི་མཚམས་ཀྱི་མདབ་མ་ལ་སྣ་ཚོགས་རྡོ་རྗེ་མ་སྣ་ཚོགས་ཀྱི་པདྨ་བསྣམས་པའོ།། འདི་ཐམས་ཅད་ནི་སྐྱིལ་མོ་ཀྲུང་ཅན་ཕྱག་གཉིས་པ། ཞལ་གཅིག་པ་ཉེ་བར་ཞི་བའོ།། ཟེ་འབྲུའི་དབུསུ་འདིད ་ཆགས་ཆེན་པོའི་རང་བཞིན་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག། ཨོཾ་ཧྲཱིཿཔདྨ་ན་ར་ཏེ་ཤྭ་རི་ཧཱུཾ། ཞེས་བྱ་བས་བཟླས་པ་བྱའོ།། པདྨ་གར་གྱི་དབང་ཕྱུག་སྒྲུབ་པའི་ཐབས་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ ་རྫོགས་སོ།། ། པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ཁམས་པ་ལོ་ཙྪ་བ་དགེ་སློང་བ་རིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཏ་ར་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མའི་སྒྲུབ་ཐབས། འཕགས་མ་སྒྲོལ་མ་ལ ་ཕྱག་འཚལ་ལོ།། ཏཾ་ལས་སྐྱེས་པའི་ཨུཏྤ་ལ་ཏཾ་གྱིས་མཚན་པ་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་འཕགས་མ་སྒྲོལ་མ་མདོག་ལྗང་གུ་གཡེན་པ་ན་ཨུཏྤ་ལ་བསྣམས་པ། གཡས་པ་མཆོག་སྦྱིན་སྦྱིན་པ། ཟླ་བའི་གདན་ལ་གནས་པ། ་དོན་ཡོད་གྲུབ་པས་དབུ་རྒྱན་པ་བསམས་ལ། ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་བྱས་ཏེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀཾ་མུ~ཾ་ཀཱི་པཱ་བ་ཤ་མ་ན་ཡ་སྭཱ་ཧཱ། ཞེས་བྱ་བས་བསྒྲུབ་བྱིའི་མིང་དང་བཅས་པ་གོང་དུ་བསྟན་པའི་གྲངས་ངེས་པས་བཟླས་པ ་