| Wylie | e-texts produced with BDRC’s OCR application |
པཎྜི་ཏ་དོན་ཡོད་རྡོ་དང་། ཁམས་པ་ལོཙྪ་བ་དགེ་སློང་བ་རིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཧ་ལ་ཧ་ལ་སཱ་དྷ་ནཾ། བོད་སྐད་དུ། ས་ལ་ཧ་ལའི་སྒྲུབ་པའི་ཐབས། བཅོམ་ལྡན་འདས་ཧ་ལ་ཧ་ལ་ལ་ཕྱག་འཚ་ལོ།། སྔོན་དུ་བསྟན ་པའི་ཆོ་གས་སྟོང་པ་ཉིད་བསྒོམ་པའི་རྗེ་སུཾ་པདྨ་དམར་པོ་དང་། ཟླ་བ་ལས་པྲི་ཡིག་དཀར་པོ་ཡོངསུ་གྱུར་པ་ལས་ཡན་ལག་ཐམས་ཅད་དཀར་བ། ཞལ་གསུམ་པ། ཕྱག་དྲུག་པ། ནག་པོ་དང་དམར་པོ་དང་གཡས་དང་གཡོན་གྱི་ཞལ་ལོ།། ཞལ ་སོ་སོ་ལ་སྤྱན་གསུམ་གསུམ་མོ།། མདའ་དང་། ཕྲེང་བ་དང་། མཆོག་སྦྱིན་པ་ནི་གཡས་ཀྱི་ཕྱག་གསུམ་ནའོ།། གཞུ་དང་། པདྨ་དང་། ནུ་མ་བཟུང་བ་ནི་གཡོན་གྱི་ཕྱག་གསུམ་ནའོ།། འོད་དཔག་ཏུ་མེད་པ་དང་། རིན་པོ་ཆེ་དང་། ཟླ་ཕྱེད་ཀྱི་རལ་པ ་བཅིངས་ཤོང་། ཐཾད་པའི་ཕྲེང་བས་མཚོན་པའི་དབུ་ཅ་ན། རྒྱན་བཟང་པོ་སྣ་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། སྐྲག་པའི་རོལ་པས་མངག་བཟང་པོ་ལ་སོགས་པའི་ཡོན་ཏན་ཅན་གྱི་བཅོམ་ལྡན་འདས་མ། སྐྱིལ་ཀྲུང་བཅས་པ་རྣམ ་པར་བསམས་ཏེ། དེའི་གཡས་ཕྱོགསུ་འཇིགས་པར་བྱེད་པའི་སྦྲུལ་གྱིས་དཀྲིས་པའི་རྩེ་གསུམ་མོ།། གཡོན་ཕྱོགསུ་སྣ་ཚོགས་ཀྱི་མེ་ཏོག་གིས་བཀང་བའི་ཐོད་པའོ།། རོལ་པས་གནོན་ཞིང་ཡང་དག་པར་གནས་པའི་རིན་པོ་ཆེ་མོ་གཡོ་བའི་རིའི་ཕུག་གི ་ནང་ན་གནས་པའི་ཧེ་ལ་ཧ་ལར་བདག་ཉིད་སྐད་ཅིག་གིས་བསམིས་ལ། ཨོཾ་བཛྲ་དྷརྨ་ཧྲཱིཿཞེས་བྱ་བའི་སྔགས་བཟླས་པ་བྱའོ།། ཧ་ལ་ཧ་ལའི་སྒྲུབ་པའི་ཐབ། སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ་རྫོགསོ།། ་པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ཁམས་པ་ལོ་ཙྪ་བ་དགེ་སློང་བ་རིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། ། རྒྱ་གར་སྐད། པདྨ་ནིརྟི་ཤྭ་ར་སཱ་དྷ་ནཾ། བོད་སྐདདུ། པདྨ་གར་གྱི་དབང་ཕྱུག་གི་སྒྲུབ་ཐབས། བ ་