| Wylie | e-texts produced with BDRC’s OCR application |
པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ཁམས་པ་ལོཙྪ་བ་དགེ་སློང་བ་རིས་བསྒྱུར་བའོ།། ། རྒྱ་གར་སྐ་དུ། ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་སྱ་ལཊ་ཀྵ་ར་སཱ་དྷ་ནེ། བོད་སྐདདུ། འཕགས་པ་སྤྱན་རིས་གཟིགས་དབང་ཕྱུག་གི་ཡི་གེ་དྲུག་མའི ་སྒྲུབ་ཐབས། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ།། དང་པོར་རེ་ཞོག་སྔགས་པས་བདེ་བའི་གདན་ལ་འདུག་སྟེ། ཁ་དག་པལ་སོགས་པ་བྱས་ནས་སངས་རྒྱས་ལ་སོགས་པ་བལྟས་ཏེ་ཡང་དག་པར་མཆོད་ནས། གསུམ་ལ་སྐྱབསུ་འགྲོ་བ་བྱས། ་དཀོན་མཆོག་གསུམ་ལ་སྐྱབ་སུ་མཆི་ཞེས་བྱ་བ་ལ་སོགས་པ་བྱའོ།། ཇི་སྲིད་སེམས་ཅན་ཐམས་ཅད་ཀྱི་གྲངསུ་གཏོགས་པ། སྒོ་ང་ལས་སྐྱེས་པ་འམ། མངལ་ལས་སྐྱེས་པ་འམ། བརྫུས་ཏེ་སྐྱེས་པ་འམ། དྲོད་གཤེར་ལས་སྐྱེས་པ་འམ། གཟུགས ་ཅན་ནམ། གཟུགས་མེད་པ་འམ། འདུ་ཤེས་ཅནྡ་ནམ། འདུ་ཤེས་མེད་པ་འམ། ཡོད་མིན་མེད་མིན་གྱིས་འདུ་ཤེས་ལ་སོགས་པ་ཇི་སྲིད་སེམས་ཅན་གྱི་ཁམ་སུ་གཏོགས་པ་བརྗོད་པ་དེ་ཐམས་ཅད་བདག་གིས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས། ་འདས་པའི་དབྱིངསུ་གཞག་པར་བྱའོ།། དེ་ནས་ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ་ཧཾ། ཞེས་བྱ་བ་ལན་གསུམ་བརྗོད་ལ། ཡུད་ཙམ་གྱིས་སྟོང་པ་ཉིད་དུ་བསྒོམ་པར་བྱའོ།། དེ་ནས་རང་གི་སྙིང་གར་པདྨ་དཀར་པོའི་སྟེང་དུ་ཟླ་བའི་དཀྱིལ་འཁོར ་དེའི་སྟེང་དུ་ཧྲཱིཿདཀར་པོ་དེ་ལས་འོད་ཟེར་བརྒྱ་སྟོང་ཕྲག་མང་པོ་བྱུང་བར་བསམས་ལ། སེམས་ཅན་ཐམས་ཅད་ཀྱིས་ཐོག་མ་མེད་པའི་དུས་ནས་བསགས་པའི་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ཚོགས་ཁམས་གསུམ་དུ་རྟོག་པ་དག་པར ་བྱས་ནས། ཡི་གེ་དེ་ཉིད་རང་གི་སྙིང་གར་བཅུག་པ། དེ་ཡོངསུ་གྱུར་པ་ལས་བདག་ཉིད་འཇིག་རྟེན་དབང་ཕྱུག་གི་གཟུགས། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྐུ་མདོག་དཀར་བ། ཕྱག་བཞི་པ། རལ་པའི་ཅོད་པན་འཆང་བ། གཡོན་པ་པདྨ་བསྣམས་པ། ་གཡས་ཀྱི་བཀྲང་ཕྲེང་འཛིན་པ། ཕྱི་མའི་ཕྱག་གཉིས་སྙིང་གར་ཐལ་མོ་སྦྱར་ཞིང་འཛིན་པ། འོད་དཔག་ཏུ་མེད་པའི་རལ་པའི་དབུ་རྒྱན་ཅན་ནོ།། གཡས་ཕྱོགསུ་ནོར་བུ་འཛིན་པ། དེ་དང་འདྲ་བའི་མདོག་དང་ཕྱག་དང་མཚན་མ་ཅན་ཏེ། དྲི་བའི་ཕྱག་གི་ཐལ་མོ ་སྦྱར་བའོ།། གཡོན་ཕྱོགསུ་ཡི་གེ་དྲུག་པའི་རིག་པ་འཇིག་རྟེན་དབང་ཕྱུག་དང་འདྲ་བའི་སྐུ་མདོག་དང་ཕྱག་མཚན་བསྒོམ་པར་བྱའོ།། དེ་ནས་ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿསུ་ར་ཏ་སྟྭཾ་ཨ་ལ་ལ་ལ་ལ་ཧོཿཿཿ ་ཨཿཞེས་བྱ་བའི་བྱིན་གྱིས་བརླབ་པའི་སྔགས་བརྗོད་པར་བྱའོ།། དེ་ལྟར་བསྒོམས་ནས་འཇིག་རྟེན་མགོན་པོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་ཕྲེང་བའི་རྣམ་པ་ལྟ་བུའི་དཀར་པོ་ཞལ་ནས་བྱུང་སྟེ། ལྟེ་བར་འཇུག་ཅིང་འཁོར་ལོ་འཁོར་བའི ་སྦྱོར་བས་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་ཡིད་བཞིན་གྱི་ནོར་བུ་རྟོག་པ་སྔགས་ཀྱི་རྒྱལ་པོ་འདི་བཟླས་པར་བྱའོ།། དེ་ནས་འཁོར་ཞིང་འཇུག་པ་ལ་སོགས་པ་ཐོབ་ནས། དད་པ་དང་སྙིང་རྗེ་དང་ལྡན་པ་བླ་མ་ལ་གུས་པའི་རྣལ་འབྱོར་པས་དུས་མི ་རིང་བར་འགྲུབ་པར་འགྱུར་རོ།། ཨོཾ་མ་ཎི་པདྨ་ཧཱུཾ་ཞེས་བྱ་བའི་སྔགས་བཟླས་པེར་བྱའོ།། དེ་ནས་ལྡང་བའི་དུསུ་སྔོགས་འདི་བརྗོད་དེ་གནས་པར་བྱའོ།། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲེ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོཥྱོ་མེ་བྷ་བ། སཱུ ་པོ་ཥྱོ་མེ་བྷ་བརྩེས་དུ་མ་ཎཱ~ཾ་ཝ་ཡཙྪ་སརྦ་ཀརྨཱ་སུ་ཙི་མེ་ཙི་ཏྟཾ་ཤྲི་ཡཾཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧཽ་བྷ་ག་བཱན་སརྦ་ཏེ་ཐཱ་ག་ཏ་བཛྲ་མ་མེ་མུཉྫ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཞེས་བརྗོད་ལ་ཇི་ལྟར་བདེ་བས་གནས་པར་བྱའོ།། ཡི་གེ་དྲུག་པའི་སྒྲུབ་ཐབས། དཔལྷན་ཅིག ་སྐྱེས་པའི་རོལ་པས་མཛད་པ་རྫོགསོ།། ། པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ཁམས་པ་ལོ་ཙྪ་བ་དགེ་སློང་བ་རིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཧ་རི་ཧ་རི་ཧ་རི་བཱ་ཧ་ནོདྦྷ་བི་ལོ་ཀེ་ཤྭ་ར་སཱ་དྷ་ནཾ། བོང ་