| Wylie | e-texts produced with BDRC’s OCR application |
ཡོད་རྡོ་རྗེ་དང་། ལོ་ཙྪ་བ་དགེ་སློང་བ་རིས་བསྒྱུར་བའོ།། ། རྒྱུ་གར་སྐད་དུ། ཁ~ཾ་སརྦ་དྷ་སཱ་དྷ་ནཾ། བོད་སྐད་དུ། ཁ་སརྦ་ཎའི་སྒྲུབ་པའི་ཐག་འཕགས་པ་སྤྱོན་རས་གཟི་དབང་ཕྱུག་ལ་ཕྱག་འཚལ་ལོ།། དང་པོར་རེ་ཞིག་སྔགས་པས་གདན་བདེ་བ ་ལ་ཉེ་བར་འདུག་ནས། རང་གི་སྙིང་ག་ཨ་ལས་ཟླ་བའི་དཀྱིལ་འཁོར་རོ།། དེ་ལ་ཡི་གི་ཧྲཱིཿམདོག་དཀར་བ་བལྟས་ཏེ། དེ་ལས་བྱུང་བར་གྱུར་པའི་འོད་ཀྱི་མདུན་དུ་ཐ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལྟ་བར་བྱའོ།། དེ་ནས་སྙིང་གའི་ས་བོན་གྱི ་འོད་ཀྱིས་ཡང་དག་པར་མཆོད་དེ། སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས། ཨོཾ་སྭ་བྷ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ་ཧཾ་ཞེས་བྱ་བ་བདག་ཉིད་སྟོང་པ་ཉིད་དུ་དམིགས་པར་བྱ་སྟེ། སྔོན་དུ་བསྟན་པའི་ཧྲཱིཿཡིག་ལས་སྤྲོ་བ ་དང་བསྡུ་བའི་རིམ་པས་བ་སྤྱན་རས་གཟིགས་ཀྱི་བདག་ཉིད་དུ་བསྒོམ་པར་བྱའོ།། ཡན་ལག་ཐམས་ཅད་ཀྱི་མདོག་དཀར་བ། རིལ་པའི་ཅོད་པན་གྱིས་བརྒྱན་པ། འོད་དཔག་མེད་པས་དབུ་ལ་འཆིང་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྐྱིལ་ཀྲུང་ཕྱེད་པས ་བཞུགས་པ། ཕྱག་གཡས་པོས་མཆོག་སྦྱིན་གཡོན་པས་པདྨ་འཛིན་པ། པདྨ་དང་ཟླ་བའི་གདན་ལ་གནས་པའོ།། གཡས་ཀྱི་ལོགས་ན་སྒྲོལ་མ་དང་། ནོར་བཟངས་གཉིས་སོ།། གཡོན་པའི་ལོགས་ན་ཁྲོ་གཉེར་ཅན་དང་རྟ་མགྲིན་གཉིས་སོ།། བཅོམ་ལྡན ་འདས་ཀྱི་སྤྱི་བོར་ཟླ་བ་ལ་ཨོཾ་མོ།། མགྲིན་པོར་ཨཿསྙིང་གར་ཧཱུཾ། དེ་ལྟར་བསྒོམ་པ་གོ་བར་བྱའོ།། རྣལ་འབྱོར་པ་བསམ་གཏན་གྱིས་ངལ་ན་བཟླས་པ་བྱའོ།། སྔགས་འདི་ཡིན་ཏེ། ཨོཾ་ཧྲཱིཿསྭཱ་ཧཱ། ཁ་སརྦ་ཎའི་སྒྲུབ་ཐབས་རྫོགསོ།། ་པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ཁམས་པ་ལོཙྪ་བ་དགེ་སློང་བ་རིས་བསྒྱུར་བའོ།། ། རྒྱ་གར་སྐ་དུ། ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་སྱ་ལཊ་ཀྵ་ར་སཱ་དྷ་ནེ། བོད་སྐདདུ། འཕགས་པ་སྤྱན་རིས་གཟིགས་དབང་ཕྱུག་གི་ཡི་གེ་དྲུག་མའི ་