| Wylie | e-texts produced with BDRC’s OCR application |
ཐབས་མཆོག་གྱུར་པ།། བདེ་བའི་སྐྱེ་བོ་བཟང་པོས་བྱས།། འདི་ཡི་ངག་གི་སྒྲུབ་བྱེད་པ།། ངག་གི་དབང་ཕྱུག་དེ་འགྱུར་ཤོག། རྡོ་རྗེ་ཆོས་ཀྱི་སྒྲུབ་ཐབས་སློབ་དཔོན་སུ་ཛ་ན་བ་ཏྲེས་མཛད་པ་རྫོག་སོ།། ། རྒྱ་གར་སྐད་དུ། སི་ཧཱ་ནཱ་ད་སཱ་དྷ་ནཾ། ་བོད་སྐད་དུ། སངྒེ་སྒྲའི་སྒྲུབ་པའི་ཐོབས་འཕགས་པ་སངྒེའི་སྒྲ་ལ་ཕྱག་འཚལ་ལོ།། དང་པོར་རེ་ཞིག་སྔགས་པས་གདོང་བཀྲུ་བ་ལ་སོགས་པ་བྱས་ནས། བདེ་བའི་གདན་ལ་འདུག་སྟེ། རྣལ་འབྱོར་པས་རང་གི་སྙིང་གར་ཟླ་བའི་དཀྱོར་ལ་ལིཾ་ཧྲཱིཿབཉྩས་ལ། མདུན་དུ ་བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་བསྒོམ་པར་བྱའོ།། དེའི་རྗེས་ལ་མཆོད་པ་དང་། སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས་སྟོང་པ་ཉིད་བསྒོམ་པར་བྱ་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཞེས་བརྗོད་པས་བྱིན་གྱིས ་བརླབས་ལ། དེ་ནས་སྐད་ཅིག་ཙམ་གཅིག་ཡི་གེ་པཾ་ཡོངསུ་གྱུར་པ་ལས་པདྨ་དམར་པོ་དེའི་སྟེང་དུ་ཡི་གེ་སཾ་ཡོངས་སུ་གྱུར་པ་ལ་སིངྒེ་དཀར་པོ་དེའི་སྟེང་དུ་ཟླ་བ་ལ་ཧྲཱིཿལས་ཡང་དག་པར་བྱུང་བའི་རྗེ་བཙུན་སེང་གེ་སྒྲའི་སྐུ་གཟུགསུ་བསྒོམས་ཏེ། སྐུ་མདོག་དཀར ་པོ་རལ་པའི་ཐར་ཚུགས་ཅན། སྤྱན་གསུམ་པ། ཕྱུག་གཉིས་པ། དགའ་ཐུབ་ཅན་གྱི་ཆ་བྱུང་འཛིན་པ། རྒྱལ་པོ་རོལ་པའི་གནས་པའོ།། ཕྱག་གཡོན་པས་ནི་པདྨ་བསྐྱུང་བའི་སྟེང་ན་རལ་གྲི་འབར་བས་བརྒྱན་པའོ།། གཡ་སུ་སྤྲུལ ་དཀར་པོས་དཀྲིས་པའི་མདུང་རྩེ་གསུམ་པའོ།། གཡོན་དུ་དྲི་ཞིམ་པོའི་མེ་ཏོག་གི་ཚོགས་ཀྱིས་བཀང་བའི་ཐོད་པ་དཀར་པོའོ།། སྐུ་ལས་དེ་བཞིན་གཤེགས་པ་ལྔ་འཕྲོ་བའི་སྤྲུལ་པའི་གཟུགསུ་བསྒོམས་ལ། སྔགས་འདིས་བཟླས་པར་བྱའོ།། ཨོཾ་ཨཱཿཧཱུཾཿ ་ཧ་ན་ད་ཧཱ་ཕཊ། སྔོན་དུ་བསྟེན་པ་འབུམ་ཕྲག་གཅིག་བཟླས་པ་བྱའོ།། དེ་ནས་ན་མོ་རཱཏྣ་ཏྲ་ཡཱ་ཡ། ན་མཿཨཱརྱ་ཨ་བ་ལོ་ཀི་ཏེ་དྷཱ་རཱ་ཡ་བོ་དྷི་སཏྭ་ཡ། མཧཱ་ས་དྲ་ཡེ། མ་ཧཱ་ཀ་རུ་ཎི་ཀཱ་ཡཱ། ཏདྱ་ཐཱ། ཨོཾ་ཨ་ཀ་ཊེ། བཱི་ཀ་ཊ། ནཱི་ཀ་ཊེ། ཀ་ཊ་ཀཊེ། ཀ་ར་ཊ་བ་རེ་སྭཱཧཱ། འདིའི ་བར་སྤྱོད་པ་ནི་བཅོམ་ལྡན་འདས་ཀྱི་མདུན་དུ་གཟུངས་སྔགས་འདི་ས་ལ་མ་ལྷུང་བའི་ལྕི་བས་མཎྜལ་བརྒྱད་ཕུལ་ཏ། མཎྜལ་རེ་རེ་ཞིང་ལན་བཅུ་གསུམ་བཅུ་གསུམ་བརྗོད་པར་བྱའོ།། དེ་ནས་ལྕི་བ་ལྷག་མ་དེ་ཉིད་ལ་མངོན་པར་བསྔགས་ཏེ་ལུས་ལ་ཉེ་བར་བྱུགས་ན ་ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ།། གལ་ཏེ་མཚམས་མེད་པའི་ལས་བྱས་པས་ཀྱང་ཉི་མ་བདུན་ནམ། བཅུ་བཞི་འམ། ཉི་ཤུ་རྩ་གཅིག་གིས་མ་གྲུབ་ན་དེའི་ཚེ་བདག་གིས་མཚམས་མེད་པ་ལྔ་བྱས་པ་ཡིན།། སེངྒེ་སྒྲའི་སྒྲུབ་ཐབས་སློབ་དཔོན་ཙནྡྲ་གོ་མིས་མཛད་པ་རྫོགས ་པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ཁམས་པ་ལོཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཧཱ་ལ་ཧཱ་ལཾ་སཱ་དྷ་ནཾ། བོད་སྐད་དུ། ཧཱ་ལ་ཧཱ་ལའི་སྒྲུབ་ཐབས། བཅོམ་ལྡན་འདས་ཧཱ་ལ་ཧཱ་ལ་ལ་ཕྱག་འཚལོ།། ་