| Wylie | e-texts produced with BDRC’s OCR application |
ཁམས་པ་ལོཙྪ་བ་དགེ་སློང་བ་རིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཤྲཱི་བཛྲ་དྷརྨཱ་སཱ་དྷ་ནཾ། བོད་སྐད་དུ། དཔལ་རྡོ་རྗེ་ཆོས་ཀྱི་སྒྲུབ་ཐབས། དཔལ་རྡོ་རྗེ་ཚེས་ལ་ཕྱག་འཚ་ལོ།། ཉེས་པའི་དྲི་བ་བཅོམ་པའི་རྡོ་རྗེ་ཆོས།། ངག་གི་དཀྱིལ་འཁོར ་སྤྲོས་པའི་འོད་ཀྱི་དྲ་བ་སྟེ།། ཡང་དག་སངས་རྒྱས་མ་ལུས་ངག་གི་རང་བཞིན་ལ།། རབ་ཏུ་བཏུང་ནས་ངག་གི་སྒྲུབ་ཐུབས་བརྗོད་པར་བྱ།། སྔགས་ཀྱི་རང་བཞིན་གྱིས་ནི་རྣམ་པར་དག་པའི་གཟུགས།། རབ་བརྗོད་བརྩོན་འགྲུས་རླུང་དང་འདྲ་བས་བསྐྱོད་པ། ་ཡིས།། སྒྱུ་མ་དང་ནི་སྨིག་རྒྱུ་ཆུ་བྱ་རྟག་པར་ནི།། འཇིག་རྟེན་མ་ལུས་པ་འདི་རྣམ་པར་བསྒོམ་པར་བྱའོ།། པཾ་གྱི་ཡི་གེ་ལས་བྱུང་རྣམ་པར་བསྒོམ་པ་ནི། མུ་ལུས་རྣམ་དག་ངོ་བོ་སྣ་ཚོགས་པདྨ་སྟེ།། ཨ་ཡིག་ལས་སྐྱེས་དཔག་ཏུ་མེད་པའི་འོད་གསོལ་པ། ་ཆང་ནི་མ་ལུས་རྣམ་པར་དག་པ་ཟླ་བ་སྟེ།། ཡང་ནི་གསང་བ་མཆོག་ནི་སྣ་ཚོགས་པར་འགྱུར་བའོ།། ས་བོན་ཡི་གེ་ལས་ནི་རབ་ཏུ་འབྱུང་བའི་འཇིག་རྟེན་འོད་ཀྱི་ཚོགས།། བནྡུ་ཀ་ཡི་མེ་ཏིག་འོད་ཀྱིས་རྣམ་པ་འདྲ་བ་ཅན།། སྤྲོས་པ་རབ་ཏུ་བྱུང་བའི་རྒྱ་གཅིག་པུ།། དེ ་ཡི་ས་བོན་ཡང་དག་གྱུར་པས་སྐྱོན་མེད་སོན།། ཏིང་འཛིན་ཕྱག་རྒྱ་འཆང་བའི་ཕྱག་ན་པདྨ་སྟེ།། རྡོ་རྗེའི་གདན་ལ་གནས་པའི་སྙིང་རྗེ་མངོན་པར་ཉམས་དགའ་བའི།། དཔལ་ལྡན་རྡོ་རྗེ་འདོད་པས་ཡོངསུ་དག་པའི་ཆགས།། བ་སྤུའི་ཁུང་བུར་བྱུང་གྱུར་རྣམ་དག་སང ་རྒྱས་ཀྱི།། སྤྲིན་གྱི་ཚོགས་ཀྱིས་འགྲོ་ལ་ཕན་པའི་དོན་དུ་ནི།། ཤིན་ཏུ་རྣམ་པར་དག་པའི་བློ་ནི་རབ་འབྱེད་པར།། ཐམས་ཅད་འགྲོ་བའི་རང་བཞིན་དུ་ནི་རྣམ་པར་བསྒོམ།། སྙིང་གར་ཟླ་བའི་གཟུགས་ལ་རྡོ་རྗེ་རབ་བལྟས་ཏེ།། འབར་བའི་ས་ནི་འཇིག་རྟེན་ཐམས་ཅད ་གསལ་བྱེད་པ།། ཡིག་ཧཱུཾ་མགོན་པོ་ལས་ནི་ཡོངསུ་རྫོགས་པའི་གཟུགས།། ལྔ་ཡི་བདག་ཉིད་སངས་རྒྱས་སྤྲིན་གྱིས་བྱུང་བ།། དེ་ཡི་དབུས་མའི་རྭ་ཡིས་རྩེ་མོར་གསལ་གནས་ལ།། ངེས་གནས་ལུས་ཀྱི་འཇིག་རྟེན་གསུམ་པོ་གསལ་བྱེད་པ།། ཡི་གེ་ཆེན་པོར ་རྣམ་འཇོག་མི་འགྱུར་བའི།། རྒྱུད་ལས་སྡུག་བསྔལ་རབ་ཏུ་རྒྱས་པའི་མུན་པ་སྟེ།། དེ་ལས་བྱུང་བའི་མཛེས་པའི་འོད་ཀྱི་ཚོགས་ལྡན་པའི།། ཉི་མའི་གཟུགས་བརྙན་དྲི་མེད་ཉམས་དཔའ་དམར་བྱེ་སྟེ།། ཤེས་རབ་སྔོན་གྱི་ཕོ་ཉ་དགེ་བའི་ངས ་བསྐྱེད་པའི།། རྡོ་རྗེར་གྱུར་པའི་ལྕེ་ནི་རབ་ཏུ་རྫོགས་པར་བྱ།། དེ་ཡི་རྩེ་མོའི་ཆ་ལ་རོལ་པའི་མཆོག་གི་དམར་པོ་སྟེ།། དེ་ཉིད་རྒྱ་ཆེན་འོད་ནི་རྣམ་པར་བསྡམ་པར་བྱ།། རང་གི་སྟོབས་ཀྱིས་རྒྱུན་ཏུ་གྱུར་པའི་བརྩོན་འགྲུས་ཀྱིས།། བརྩོད་པ་མཆོག་གིས་སྟོབས་ཀུན ་འཇོམས་པར་བྱེད་པ་སྟེ།། རྟག་ཏུ་རབ་ཏུ་གོམས་ཤིང་ངེས་པར་བསྒྲུབ་པ་ལས།། ངག་གི་སྒྲུབ་ཐབས་དངོས་གྲུབ་ཀྱི་བར་གྲུབ་འགྱུར་ན།། ཚིགས་བཅད་ཚིག་ལྷུག་པ་དག་རྩོལ་བ་མེད་པར་བརྗོད།། མཚོན་ཆ་བསྟན་བཅོས་དག་ནི་རྣལ་འབྱོར་པ་ཡིས་རྟོགས།། བསྟན ་བཅོས་སྣ་ཚོགས་དག་ཀྱང་ངེས་པར་འབྱེད་པར་འགྱུར།། འགྲོ་བ་རྣམས་ཀྱི་ཆེ་དུ་བདག་ཉིད་དོན་ཆེན་པོ།། འོད་ཡིས་གཞན་གྱི་སེམས་ནི་རྒྱུད་ཤེས་པར་འགྱུར་ཏེ།། འདོད་ཆགས་ལ་སོགས་ཉེས་པའི་ཉེ་བ་བཅོམ་འགྱུར་ཞིང་།། གང་ཚེ་ཏིང་འཛིན་དེ་བརྟན་པར་གྱུར་པའི ་ཚེ། ཤིན་ཏུ་ཕྲ་བ་མྱུར་དུ་གསལ་བ་ངེས་པར་རྟོགས།། སངས་རྒྱས་མ་ལུས་པ་དང་མཉམ་པའི་སྐུ་ནི་འཛིན་པ་སྟེ།། དེ་ལྟར་འགྱུར་ལ་ཐེ་ཚོམ་འདིར་ནི་མི་བྱའོ།། བྱུང་དང་འབྱུང་བར་གྱུར་པ་མདུན་ན་གནས་པ་བཞིན།། གོམས་པའི་སྦྱོར་བ་ཡིས་ནི་སྐྱེས་བུ་རྫོགས ་པར་འགྱུར།། འདོད་ཆགས་རིགས་ཅན་བུད་མེད་ལ་ནི་དགའ་བ་བཞིན།། སེམས་ནི་རྗེ་སུ་ཆགས་པར་བྱེད་ན་རྣལ་འབྱོར་གྲོལ།། ཇི་སྙེད་དགེ་བའི་རྩ་བ་བདག་གིས་བསགས་འདི་ཡིས།། རྒྱལ་བ་མཆོག་གི་དཔལ་ནི་གྲོལ་བ་ཐོབ་པར་ཤོག། འཇིགས་དང་མྱ་ངན་མི་དགའ ་ཟུག་ཅུ་རབ་སྤངས་ཏེ།། རི་བོང་འཛིན་པའི་ཡིད་ནི་འོང་དང་ཉེ་བ་སྟེ།། རིང་པོར་མི་ཐོགས་དགེ་བ་ཆགས་པའི་སེམས་ཀྱིས་ནི།། བླ་མ་མཆོག་ལས་རྙེད་པའི་གདམས་ངག་རོལ་པ་ཡིན།། འདི་ཡིས་པདྨའི་རིག་སུ་འགྲོ་ཞིང་རྒྱས་གྱུར་ཅིག། དཔལ་གྱི་རྗེས་འགྲོ་ཏིང་འཛིན་དབང ་དུ་བྱས་པས་དགའ།། བདག་ཉིད་བཟང་པོ་སྐྱེ་འགྲོ་མཐོང་བར་རབ་འགྱུར་བ།། འབར་བའི་མེ་ཡིས་ཕྲེང་བའི་དབུས་སུ་གནས་པའི་སྐུ།། སྙིང་རྗེ་བླ་མར་འཛིན་འགྱུར་ཐོད་པའི་ཕྲེང་བ་འཛིན།། ཆུ་འཛིན་རྒྱས་པའི་མངོན་པར་རབ་ཏུ་སྔོ་བའི་དཔལ།། ངག་གི་སྒྲུབ ་ཐབས་མཆོག་གྱུར་པ།། བདེ་བའི་སྐྱེ་བོ་བཟང་པོས་བྱས།། འདི་ཡི་ངག་གི་སྒྲུབ་བྱེད་པ།། ངག་གི་དབང་ཕྱུག་དེ་འགྱུར་ཤོག། རྡོ་རྗེ་ཆོས་ཀྱི་སྒྲུབ་ཐབས་སློབ་དཔོན་སུ་ཛ་ན་བ་ཏྲེས་མཛད་པ་རྫོག་སོ།། ། རྒྱ་གར་སྐད་དུ། སི་ཧཱ་ནཱ་ད་སཱ་དྷ་ནཾ། ་