| Wylie | e-texts produced with BDRC’s OCR application |
བི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུ~ཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་བཟླས་པར་བྱའོ།། གཤིན་རྗེ་གཤེང་ནག་པོའི་སྒྲུབ་ཐབས་རྫོགས་སོ།། ། པ་ལོཙྪ་བ་པ་རི་དགེ་སློང་ཆེས་ཀྱི་གྲགས་པས་བསྒྱུར་བའོ།། ། རྒྱ་ས་སྐད་དུ། ་ཀིཥྚ་ཡ་མཱ་མཱ་རི་སཱ་དྷ་ནཾ། བོད་སྐད་དུ། གཤིན་རྗེ་གཤེད་ནག་པོ་སྒྲུབ་པའི་ཐབས། བཅོམ་ལྡན་འདས་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ།། དང་པོ། ནག་སྙིང་རྗེ་དང་ལྡན་པའི་སྔགས་པས་བདེ་བའི་གདན་ལ་འདུག་སྟེ། ཐང་ཀ་ལ་སོགས་པར་གཏོགས ་བཅོམ་ལྡན་འདས་གཤིན་རྗེ་གཤེད་མདུན་དུ་དམིགས་ཏེ། བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཡང་བལྟས་ནས། སྣ་ཚོགས་ཀྱི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ། ཕྱག་འཚལ་བ་དང་། སྡིག་པ་བཤགས་པ་ལ་སོགས་པ ་འོ། དེ་ནས་སྭ་བྷཱ་བ་ཤུདྡྷོ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་རང་བཞིན་གྱིས་རྣམ་པར་དབ་པར་མོས་ཤིང་ཆོས་ཐམས་ཅད་བདག་མེད་པར་བསྒོམས་ལ་གཉུག་མའི་སྔགས། ཨ་ཤྭ་མཿབཛྲ་སྭ་བྷཱ་བ་ཨཱཿཀེ་ཧཾ་ཞེས་བརྗོད་པར་བྱའོ།། དེ་ནས་རང་གི་སེང་གར ་ཨཾ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་ལ་ཧཱུཾ་སྔོན་པོ། ཁ་ཅིག་གིས་ནི་ཉི་མ་ལ་གནས་པའི་ཇི་ལྔས་ལ། དེ་འོད་ཟེར་གྱིས་བགེགས་རྣམས་བསྐད་སེམས་ཅད་ཀྱི་འོ་པ་པའི་ཁྲོ་བོ་གཤིན་རྗེ་བཤད་ཀྱི་རྣམ་པ་འོ་སྟེ། སྐད་ཅེག་གིས ་དེ་ཡོངས་གྱུར་པ་ལས་བདག་ཉིད་གཤིན་རྗེ་གཤེད་དུ་བསྒོམ་པར་བྱའོ།། སྐུ་མདོག་ནག་པོ་ཞལ་གསུམ་ཕྱག་དྲུག་པའོ།། ཁ་ཅིག་གིས་ནི་ཞལ་དྲུག་ཞབས་དྲུག་པར་འདོད་དོ།། ཞལ་མཆེ་བ་གཙིགས་པ། སྤྱན་དམར་བའོ།། གཡས་ཀྱི་ཕྱག ་གསུམ་ན་འཁོར་ལོ་དང་། རལ་གྲི་དང་གཏུན་ཤིང་བསྣམས་པའོ།། གཡོན་གྱི་གསུམ་ན། པ་ཏ་ལི་དང་། དགྲ་སྟ་དང་། ཞགས་པ་བསྣམས་པའོ།། ཁ་ཅིག་གིས་ནི་གཡས་པའི་ཕྱག་ན་རལ་གྲི་དང་། ཐོ་བ་དང་། རྡོ་རྗེ་བསྣམས་པའོ།། གཡོན་གྱི་ཕྱག་ན་དྲིལ ་བུ་རྡོ་རྗེ་ཞགས་པ་དང་། གཏུན་ཤིང་ངོ་།། སྒྲ་ཁམས་པ་གྱེན་དུ་བསྒྲེང་བ། མགོ་བོའི་ཕྲེང་བས་བརྒྱན་པའི་དབུ་རྒྱན་ཅན། ཀླུའི་རྒྱལ་པོ་བརྒྱད་ཀྱིས་སྤྲས་པའི་རྒྱན་དང་། མི་བསྐྱོད་པའི་དབུ་རྒྱན་སྣ་ཚོགས་པདྨའི་སྟེང་ན་ཉི་མའི་དཀྱིལ་འཁོར་ལ་གཡོན་རྐྱང་བའི ་ས་ཀྱིས་གནས་པ་འོད་ཀྱིས་དཀྱིལ་འཁོར་དམར་པོའི་རྣམ་པར་བསྒོམས་ནས། ནུ་མའི་བར་དུ་ཟླ་བའི་དཀྱིལ་འཁོར་ལ་ཧཱུ~ཾ་བལྟའོ།། སྐུ་དང་གསུང་དང་ཐུག་རྣམས་ལ། ཟླ་བིའོ་དཀྱིལ་འཁོར་ལ་ཨོཾ་ཨཱ་ཧཱུཾ་ཞེས་བྱ་བའི་ཡི་གེ་གསུམ་དཀར་པོ་དང་། དམར་པོ་དང་། ནག ་པོ་གོ་རིམས་བཞིན་ཏུ་བལྟའོ།། དེ་ནས་སྙིང་གའི་ས་བོན་ལས་བྱུང་བའི་ལྷ་མོ་རྣམས་ཀྱིས་བདག་ཉིད་ཡང་དག་པར་མཆོད་ཅིང་བསྟོད་ནས་བཟླས་པ་བྱའོ།། ཨོཾ་ཧྲིཥྚི་བི་ཀྲྀ་ཏཱ་ནཱ་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། གཤིན་རྗེ་གཤེད་ནག་པོའི་སྒྲུབ་པའི་ཐབས་རྫོག་སོ།། ་ཁམས་པ་ལོཙྪ་བ་དགེ་སློང་བ་རིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཤྲཱི་བཛྲ་དྷརྨཱ་སཱ་དྷ་ནཾ། བོད་སྐད་དུ། དཔལ་རྡོ་རྗེ་ཆོས་ཀྱི་སྒྲུབ་ཐབས། དཔལ་རྡོ་རྗེ་ཚེས་ལ་ཕྱག་འཚ་ལོ།། ཉེས་པའི་དྲི་བ་བཅོམ་པའི་རྡོ་རྗེ་ཆོས།། ངག་གི་དཀྱིལ་འཁོར ་