| Wylie | e-texts produced with BDRC’s OCR application |
ཨོཾ་ཧྲཱིཥྚི་བི་ཀྲྀ་ཏཱ་ནན་ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་བཟླས་པ་བྱའོ།། གཤིན་རྗེ་ནག་པོ་སྒྲུབ་པའི་ཐབས་རྫོག་སོ།། ། ཁམས་པ་ལོ་ཙྪ་བ་བ་རི་དགེ་སློང་དྷརྨཱ་ཀཱི་རྟིས་བསྒྱུར་བའོ།། དང་པོར་རེ་ཞིག་སྒྲུབ་པ ་བདེ་བའི་སྟན་ལ་ཉེ་བར་འདུག་སྟེ། རང་གི་སྙིང་གར་ཡི་གེ་ཨཾ་དམཱ་པོ་ཡོངསུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱའོ།། དེའི་སྟེང་དུ་ཡི་གེ་ཧཱུཾ་སྔོན་པོ་བཀོད་ནས། ཡི་གེ་ཧཱུཾ་ལས་སྐྱེས་པའི་འོད་ཟེར་ལས་བྱུང་བའི་གཤིན་རྗེ ་མཐར་བྱེད་ལ་སོགས་པའི་བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དམིགས་ནས། མེ་ཏོག་ལ་སོགས་པ་ཡང་དག་པར་མཆོད་དེ། ཕྱག་བྱས་ནས། གསུམ་ལ་སྐྱབསུ་འགྲོ་བ་ལ་སོགས་པ་བྱས་ནས་སྟོང་པ་ཉིད་བསྒོམ་པར་བྱའོ།། ་ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་བྱའོ།། དེ་ནས་ཡི་གེ་ཨཾ་དམར་པོ་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་ངོ་།། དེ་ཡོངསུ་གྱུར་པ་ལས་རྡོ་རྗེས་མཚན་པའི་དབྱུག་པ། ཡི་གེ་ཧུཾ་གིས་བྱིན་གྱིས་བརླབས་ལ་བསྒོམ་པར་བྱའོ།། ་ཡི་གེ་ཧཱུ~ཾ་གི་འོད་ཟེར་གྱིས་བསྐུལ་བའི་དེ་བཞིན་གཤེགས་པ་ཐམས་ཅད་གཞུག་པ་སྔོན་དུ་འགྲོ་བ་དེ་ཐམས་ཅད་ཡོངསུ་གྱུར་པ་ལས་གཤིན་རྗེ་གཤེད་ཀྱི་རྣམ་པར་བསམ་པར་བྱའོ།། བདག་ཉིད་གཡོན་བརྐྱང་པའི་ཞབས་ཀྱིས་གནས་པ་ཞལ་གཅིག་ཕྱག་གཉིས ་པ། མདོག་སྔོ་བ། ཕྱག་གཡས་ན་རྡོ་རྗེས་མཚན་པའི་དབྱུག་པ་སྔོན་པོ་འཕྱར་བ། ཕྱག་གཡོན་པས་ཞགས་པ་དང་བཅས་པའི་སྡིགས་མཛུབ་སྙིང་གར་རོ།། དེ་ལྟར་གྱུར་པའི་གཤིན་རྗེ་གཤེད་སྤྲོ་བ་དང་། བསྡུ་བའི་གཟུགས་སྣ་ཚོགས་པདྨའི་སྟེང་དུ ་ཉི་མ་ལ་གནས་པའི་མ་ཧེ་ཤ་ལ་ཞོན་པ་བསྒོམ་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་ཡི་གེ་ཧཱུཾ་ཡོངསུ་གྱུར་པ་ལས་དབྱུག་པ་སྔོན་པོ་ཡི་གེ་ཧཱུཾ་གིས་བྱིན་གྱིས་བརླབས་པའོ།། ཡི་གེ་ཧཱུཾ་ལས་བྱུང་བའི་འོད་ཀྱིས་འགྲོ ་པ་གསལ་བར་བྱས་ནས་ཡང་དེ་ཉིད་དུ་གཞུག་པར་བྱའོ།། དེ་ལྟ་བུའི་རིམ་པས་ཇི་སྙེད་འདོད་པར་སྤྲོ་བ་དང་བསྡུ་བར་བྱའོ།། དམ་ཚིག་ལ་སོགས་པའི་ཆོ་ག་སྔོན་དུ་འགྲོ་བས། དེ་ལྟར་ཐུན་མཚམས་གཉིས་དང་གསུམ་དང་བཞིར་བསྒོལ་པར་བྱའོ།། ཨོཾ་ཧྲིཥྚི ་བི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུ~ཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་བཟླས་པར་བྱའོ།། གཤིན་རྗེ་གཤེང་ནག་པོའི་སྒྲུབ་ཐབས་རྫོགས་སོ།། ། པ་ལོཙྪ་བ་པ་རི་དགེ་སློང་ཆེས་ཀྱི་གྲགས་པས་བསྒྱུར་བའོ།། ། རྒྱ་ས་སྐད་དུ། ་