| Wylie | e-texts produced with BDRC’s OCR application |
སྒྲུབ་པའི་ཐབས་རྫོགས་སོ།། ། ཁམས་པ་ལོ་ཙ་བ་བ་རི་དྷརྨཱ་ཀིརྟིས་བསྒྱུར་བའོ།། ། འཕྲལ་དུ་ཉམས་མྱོང་འཇམ་དཔལ་གྱི།། སྒྲུབ་ཐབས་ལེགས་པར་བརྗོད་པ་སྟེ།། ཤེས་རབ་དོན་གཉར་སྐྱེ ་པོ་ཡི།། ཤེས་རབ་ངན་རྨོངས་དུག་གཞོམ་ཕྱིར།། དང་པོར་རེ་ཞིག་རྣལ་འབྱོར་པས་ཡིད་དང་མཐུན་པའི་ས་ཕྱོགས་གཅིག་ཏུ་དབྱངས་ཡིག་ཨཱ་ལས་བྱུང་བའི་ཟླ་བ་ལ་གནས་པའི་ཡི་གེ་དྷཱིཿཡི་ས་བོན་ལས་བྱུང་བའི་ལྕགས་ཀྱུའི་རྣམ་པའི་འོད་ཟེར་གྱིས་ཨ་ར་པ་ཙ་ན ་སོགས་པ་བཀུག་སྟེ། མཆོད་པ་ལ་སོགས་པ་བྱས་ནས་སྟོང་པ་ཉིད་བསྒོམ་པར་བྱའོ།། དེ་ནས་སེམས་ཀྱི་རྣམ་པ་ཡོངསུ་གྱུར་པ་ལས། ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་དྷཱིཿམངོན་པར་གྱུར་པ་ལས་རལ་གྲི་རྣོན་པོ་བལྟ་བར་བྱའོ།། དེའི་རྩེ་མོ་ལ་དང་པོའི་དབྱངས ་ཡིག་ཡོངསུ་གྱུར་པཾ་ལས་ཟླ་བ། དེའི་སྟེང་དུ་རལ་གྲི་ལས་ས་བོན་ནོ།། དེ་ཐམས་ཅད་ཡོངསུ་གྱུར་པ་ལས་རལ་གྲི་དང་པོ་ཏེ་བསྣམས་པ། གཙུག་ཕུད་ལ་ཅུང་ཞིག་འཁྱིལ་པ། གོས་དམར་པོ་ཟུང་དང་ལྡན་པ། སྒེག་པའི་ཆ་ལུགས་འཆང་བ།། ཅུང་ཞིག་བཞད་པའི་ཞལ་ཅན། ཟླ ་བའི་འོད་དང་འདྲ་བར་མཛེས་ཕ་སྣ་ཚོགས་པདྨ་ལ་གནས་པའི་ཟླ་བ་ལ་གནས་པའི་ཟླ་བ་ལ་སྐྱིལ་མོ་ཀྲུང་གིས་གནས་པ། འཕྲལ་དུ་ཉམ་སུ་མྱོང་བའི་ཨ་ར་པ་ཙ་ནའི་གཟུགསུ་བདག་ཉིད་བལྟ་བར་བྱའོ།། དེ་ནས་རང་གི་སྙིང་གར་དབྱངས་ཡིག ་དང་པོ་ཡོངསུ་གྱུར་པ་ལས་མ་རེག་པའི་འཁོར་ལོ་རྩིབས་བརྒྱད་པའོ།། འཁོར་ལོ་དེའི་སྟེང་དུ་སོར་གཅིག་ཙམ་གཅིག་མ་རེག་པའི་དབྱངས་ཡིག་དང་པོ་ལས་ཡང་དག་པར་གྱུར་པའི་ཟླ་བའི་དཀྱིལ་འཁོར་རོ།། དེ་ལ་ཡང་ཟླ་བ་དང་ས་བོན་གྱིས་བསྐྱེད་པའི་རལ་གྲི་ཡི་རྩེ ་མོ་ལ་ཟླ་བ་དང་། སྔོན་དུ་བསྟན་པའི་རལ་གྲིའི་ས་བོན་གྱིས་རྣམ་པར་བརྒྱན་པ། རལ་གྲི་ལ་སོགས་པ་ཡོངས་སུ་གྱུར་པ་ལས་དེ་ལྟ་བུ་ཉིད་ཀྱི་འཇམ་པའི་དབྱངས་ཀྱི་རྣམ་པར་བསྒོམ་པར་བྱའོ།། དེའི་མདུན་དུ་རྭ་ལས་སྐྱེས་པའི་རལ་གྲི་རྩེ་མོ་ལ་དབྱངས་ཡིག་དང ་པོ་ལས་སྐྱེས་པའི་ཟླ་བ་ལ་གནས་པ་རྭའི་རྣམ་པར་བསྒོམ་པར་བྱས་ནས། རལ་གྲི་ལ་སོགས་པ་ཡོངས་སུ་གྱུར་པ་ལུས་ཛྭ་ལཱི་ནཱི་གཞོན་ནུ་བཅོམ་ལྡན་འདས་ལྟ་བུར་ལྟ་བར་བྱའོ།། དེ་བཞིན་དུ་རྒྱབ་ཏུ་དེ་ལྟར་ཡང་ལྔ་པའི་དང་པོ་ལས་ཙནྡྲ་པྲ་བྷའོ།། དེ་བཞིན་དུ ་གཡས་ཕྱོགསུ་ཡི་གེ་ཙ་ལས་ཀྵེ་ཤི་ནཱིའོ།། ནུ་མའི་ཁུར་དབུས་རྣམ་པར་མཛེས་པའི་མགོན་པོའི་གཟུགསོ།། གཡོན་པར་ཡང་ཨུ་པ་ཀྱེ་ཤེ་ནཱི་ཡི་གེ་ན་ལས་དེ་བཞིན་དུའོ།། དེ་ཐམས་ཅད་རང་གི་སྙིང་གཱར་ཟླ་བ་ལ་རང་གི་ས་བོན་དཀར་པོའི་རྣམ་པར་བསམ་པར ་བྱའོ།། དེ་ནས་གཙོ་བོའི་ཐུགས་ཀའི་ས་བོན་ལས་འབྱུང་བའི་འོད་ཟེར་གྱིས་བཀུག་པའི་ཡེ་ཤེས་སེམས་དཔའ་དེ་དང་ལྷན་ཅིག་ཏུ་བྱས་ནས། འཁོར་ལོ་ཡང་མྱུར་དུ་འཁོར་ཞིང་ཟླ་བ་ལ་གནས་པའི་ལྷ་བཞི་པོ་དང་ལྡན་པའི་བདག་བརྟན་པོར་ངག་གི་རང་བཞིན་མ ་ལུས་པར་སྤྲོ་བ་དང་བསྡུད་པར་བསམ་པར་བྱའོ།། བསམ་གཏན་གྱིས་སྐྱོ་བར་གྱུར་ན་སྔགས་བཟླས་པ་བྱ་སྟེ། དེ་སྔགས་ཀྱི་རྒྱལ་པོ་ནི་འདི་ལྟ་སྟེ། ཨ་ར་བ་ཙ་ན་དྷཱིཿཞེས་བྱའོ།། འཕྲལ་དུ་ཉམས་མྱོང་འཇམ་དཔལ་གྱིས།། སྒྲུབ་ཐབས་བརྗོད་པའི་བསོད་ནམས ་གང་།། བསགས་འགྱུར་དེ་ཡིས་འཇིག་རྟེན་ཀུན།། རྟག་ཏུ་འཇམ་དབྱངས་མཚུངས་པར་ཤོག། འཕྲལ་དུ་ཉམ་སུ་མྱོང་བའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས་རྫོགས་སོ།། ། ཁམས་པ་བ་རི་ལོ་ཙ་བ་དགེ་སློང་དྷརྨཱ་ཀཱིརྟིས་བསྒྱུར་བའོ།། ་