| Wylie | e-texts produced with BDRC’s OCR application |
ཤེས་རབ་ཀྱི་སྦྱོར་བ་རྫོགསོ།། ། ཁམས་པ་ལེཙྪ་བ་བ་རི་དགེ་སློང་དྷརྨཱ་ཀིརྟིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། བཛྲ་ལངྒ་མཉྫུ་གྷོ། ཥ་སྭ་དྷཱ་ནཾ། བོད་སྐད་དུ། ཡན་ལག་མེད་པའི་རྡོ་རྗེ་འཇམ་དཔལ་དབྱངས་ཀྱི་སྒྲུབ ་ཐབས། འཕགས་པ་འཇམ་པའི་དབྱབས་ལ་ཕྱག་འཚལ་ལོ།། སྔོན་དུ་བསྟན་པ་བཞིན་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས་སྟོང་པར་བསྒོམས་པའི་རྗེ་སུ་ཡི་གེ་ཧཾ་ལས་སྐྱེས་པའི་ཡི་གེ་ཧཾ་གི་ཆང་གཟུངས་ཀྱི་དབུསུ་མནན་པའི་མདའི་དང ་ལྡན་པའི་གཞུ་བསྒོམས་ནས། དེ་ཡོངསུ་གྱུར་པ་ལས་ཡན་ལག་མེད་པའི་རྡོ་རྗེ་ཞེས་བྱ་བ་འཕགས་པ་འཇམ་དཔལ་མདོག་སེར་པོ་ཕྱག་དྲུག་པའོ།། རྩ་བའི་ཕྱག་གཉིས་ནི་རྣ་ལྟག་གི་བར་དུ་བཀང་བའི་ཨུཏྤ་ལ་དམར་པོའི་མདེའུ་ཅན་གྱི་མདའ་དང་ལྡན ་པའི་མེ་ཏོག་གིས་གཞུ་འཛིན་པའོ།། གཡས་པའི་ཕྱག་གཉིས་ན་རལ་གྲི་དང་མེ་ལོང་བསྣམས་པ། གཡོན་པ་གཉིས་ན་ཨུཏྤལ་སྔོན་པོ་དང་། མྱ་ངན་མེད་པ་དམར་པོ་ཡལ་ག་མེ་ཏོག་དང་བཅས་པ་བསྣམས་པའོ།། མི་བསྟོད་པའི་བྱིན་གྱིས ་བརླབ་པའི་རལ་པའི་ཅོད་པན་ཅན་གཡོན་བརྐྱང་བའི་ཞབས་ཅན། ལོ་བཅུ་དྲུགི་རྣམ་པར་བྱེད་ཅིང་ཆེར་སྒེག་པའི་སྐུར་བལྟ་བར་བྱའོ།། ཡང་ན་ཕྱག་བཞི་པ་སྟེ་མེ་ལོང་དང་། མྱ་ངན་མེད་པའི་ཡལ་ག་མེ་ཏོག་དང་བཅས་པ་བསྣམས་པའི་ཕྱག་དང ་བྲལ་བ་བསྒོམ་པར་བྱའོ།། དེ་ནས་ཡེ་ཤེས་སེམས་དཔའ་དང་ཅིག་ཏུ་བྱས་ནས། ཨོཾ་མཉྫུ་གྷོ་ཥ་ཧྲཱིཿཛཿཞེས་བྱ་བའི་སྔགས་བཟླས་པ་བྱའོ།། འབུམ་ཕྲག་གཅིག་བཟླས་ལ་འཇིག་རྟེན་གསུམ་པོ་ཡང་ཅི་བགྱི་བར་བྱེད་པར ་འགྱུར་རོ།། ཡང་ན་ཁ་ཅིག་དགུག་པར་འདོད་པས་གོང་དུ་གསུངས་པ་བཞིན་དུ་བསྒོམ་པར་བྱས་ནས། དེ་ང་རྒྱལ་བརྟན་པོ་བྱས་པའི་ཡིད་ཀྱིས་རང་གི་སྙིང་གར་པདྨ་དམར་པོ་འདབ་མ་བཅུ་དྲུག་པ་མངོན་པར་འཕྱང་བའི་སྡོང་པོ་དང་། རྩ་བ་དང ་བཅས་པ་དམིགས་ནས་དེའི་སྡོང་བའི་དབུསུ་ཡི་གེ་ཧཱུཾ་དམར་པོ་དགུ་ལྟའོ།། དེའི་འདབ་མ་ལ་གཡོས་བསྐོར་དུ་དབྱངས་ཡིག་དམར་པོ་བཅུ་དྲུག་བསྒོམ་པར་བྱས་ནས། དེའི་ཟེ་འབྲུའི་སྟེང་དུ་ནུབ་མོ་དང་། ཉིན་མོ་ཇི་ལྟར་སྲིད་པར་ཉི་མ་དང་ཟླ་བའི་དཀྱིལ ་འཁོར་དམར་པོའོ།། དེའི་དབུསུ་ཡང་ཡི་གེ་ཧྲིཿདམར་པོ་གཉིས་ཀྱི་བར་དུ་བཅུག་པའི་འོག་ནས་བཤད་པའི་རང་གི་སྔགས་བལྟ་བར་བྱའོ།། དེ་ནས་དབྱངས་ཡིག་དམར་པོ་དེ་རྣམས་སྦྲང་མ་ཡིས་མ་དྲངས་པའི་རྒྱས་པའི་རྣམ་པར་བསྒོམས་ནས། ་རང་གི་སྔགས་ཀྱི་འོད་ཟེར་གྱི་ཚོགས་ཀྱིས་ཕྱོགས་བཅུ་བཀང་སྟེ་ཇི་སྙེད་མངོན་པར་འདོད་པའི་བུད་མེད་ཀྱི་གནསུ་སོང་ནས་མེ་རླུང་གི་དཀྱིལ་འཁོར་སྟང་དུ་སྟོབས་ཀྱིས་བཞག་ནས་འོད་ཟེར་གྱི་རང་བཞིན་ཉིད་ཀྱི་ཞགས་པས་ལེགས་པར་ཧེ་ནས་བཅིངས ་ནས། ལྕགས་ཀྱུ་བརྟན་པོས་ཆོས་འབྱུང་ནས་ཕུག་སྟེ། མདུན་དུ་ཡང་དག་པར་བཀུག་ནས་ཐལ་མོ་སྦྱར་ཏེ། མགལ་མེ་འཁོར་བའི་འཁོར་ལོའི་ནང་དུ་བཅུག་ནས་ཡི་གེ་ཧཱུཾ་དམར་པོས་མིག་དང་སྙིང་ག་དང་། ཡན་ལག་ཉིང་ལག་ཐམས་ཅད་བཀང་བར ་བསྒོམ་པར་བྱའོ།། དེ་ནས་དེའི་སྙིང་གར་དབྱངས་ཡིག་དམར་པོ་བཅུ་དྲུག་དང་ལྡན་པའི་སྡོང་བུའི་སྔགས་ནས་ཡི་གེ་ཧཱུཾ་དང་བཅས་པའི་པདྨ་འདབ་མ་བཅུ་དྲུག་པ་དམིགས་པར་བྱ་སྟེ། འོན་ཀྱང་དྲི་མ་དང་བཅས་པའི་མདོག་ཅན་ནོ།། དེའི་དབུསུ་ཡི་གེ་ཧྲིཿདེའི་བར་དུ ་བཅུག་པའི་མིང་གི་ཡི་གེ་བསམ་པར་བྱའོ།། དེ་ནས་རང་གི་སྔགས་ཀྱི་འོད་ཟེར་ལས་བྱུང་བའི་བར་དུ་དམར་ཞིང་ཕྲ་བའི་ལྕགས་ཀྱུ་རབ་ཏུ་རྣོན་པོ་དང་། པདྨའི་སྡོང་བུ་ལ་གནས་པའི་ཡི་གེ་ཧཱུཾ་གི་འོད་ཀྱི་སྟེང་དུ་འགྲོ་ཞིང་བསྐུལ་བས། སྦྲང་བུའི་ཚོགས་ཀྱིས་རྗེ་སུ་འགྲོ ་བཞིན་པས། རང་གི་སྣ་བུག་གཡས་ལས་གཞན་པའི་ཅིག་ཤོས་ཀྱི་སྒོར་བྱུང་སྟེ། བསྒྲུབ་བྱའི་སྣ་བུག་གཡས་པའི་སྒོ་ནས་དེའི་སྙིང་གར་ཞུགས་ཏེ། ལྕགས་ཀྱུ་དེ་ཡིས་དེའི་མིང་གི་ཡི་གེ་འགུགས་པར་གནས་པར་བྱེད་ཅིང་། སྦྲང་བུ་དེ་རྣམས་ཀྱིས་དང་དགའ ་བས་པདྨ་དེ་ཕྱུང་ཞིང་། རང་དྭགས་དུམ་བུར་བྱེད་ཅིང་དབྱངས་ཡིག་རྣམས་བཞིབ་པར་བྱའོ།། ཞེས་ཡུན་རིང་དུ་མི་གཡོ་བར་བལྟ་བར་བྱའོ།། དེ་ནས་དེ་ཁོ་ན་བཞིན་དུ་དབུགས་ཀྱིས་བསྐུལ་བའི་ལྕགས་ཀྱུས་དེའི་མིང་སྟོབས་ཀྱི་བླངས་ཏེ། སྦྲང་བུ་དེ་རྣམས ་ཀྱིས་དང་། རང་གི་དབྱངས་ཡིག་བཀུག་སྟེ། དེའི་སྣ་བུག་གཡོན་པའི་ལམ་དུ་བྱུང་བར་བལྟ་པར་བྱའོ།། ཡང་དེ་བླངས་ནས་འཇུག་པའི་རླུང་གིས་ལྕགས་ཀྱུ་དང་། སྦྲང་བུ་རྣམས་བཀུག་སྟེ། རང་གི་སྣ་བུག་གཡས་པའི་སྒོ་ནས་འཇུག་སྟེ། དེའི་མིང་གི ་ཡི་གེ་རང་གི་སྙིང་གའི་སྔགས་ལ་བཅུག་ནས། དེའི་མིང་གི་ཡི་གེ་རང་གི་སྙིང་གའི་སྔགས་ཀྱི་དྲག་པོར་མནན་ནས། དབྱངས་ཡིག་དེ་རྣམས་འདབ་མ་སོ་སོ་སྦྲང་བུ་མཆོག་གིས་དབང་དུ་བྱས་པའི་རྣམ་པར་བསམ་པར་བྱའོ་ཞེས་བྱའོ།། རིམ་པ་འདི་ཡིས་རང ་གི་རྣམ་པར་ཤེས་པ་དང་། དེའི་རྣམ་པར་ཤེས་པ་དེ་གཅིག་ཏུ་བྱས་པ་བལྟ་བར་བྱའོ།། དེ་ནས་དེའི་ནུ་མ་ལ་ཨུཏྤལ་དམར་པོའི་མདེའུ་རྣོན་པོ་དང་ལྡན་པའི་མངས་ཕུག་ནས་འདོད་ཆགས་ཆེན་པོར་བརྒྱལ་བར་གྱུར་པ་དེས་ཡང་བལྟས ་ནས་ལྕགས་སྒེག་ལྟ་བུའི་གཞུས་དེའི་རྐང་པ་གཉིས་དམ་པོར་བཅིངས་ནས། རང་གིས་བསྣམས་པའི་ཨུཏྤ་ལའི་སྡོང་བུའི་རང་བཞིན་གྱི་ཞགས་པས་རྐེ་བ་ནས་བཅིངས་ཏེ། ཡང་དག་པར་བཀུག་ནས་རྐང་པ་གཉིས་ཀྱི་དྲུང་དུ་ལྷུང་བར་བྱས་ནས། ་མྱ་ངན་མེད་པས་སྙིང་གར་བྲབས་པའོ།། མངོན་པའི་ང་རྒྱལ་མེད་པར་བྱ་སྟེ། རལ་གྲི་ཡས་འཇིགས་པར་བྱས།། སྐྱ་བས་གཞན་མེད་པར་བྱས་ནས་ཡང་རང་ཉིད་ཇི་ལྟར་གནས་པས་སྐྲ་གྲོལ་ཤིན་ཏུ་འདོད་ཆགས་ཀྱིས་མྱོས་པ། གཅེར་བུ་གོས ་མོད་པ། མི་སྦྱོང་བས་འཇིགས་ཤིང་ཤིན་ཏུ་ཆགས་པར་གྱུར་པ་མེ་ལོང་ལ་བརྟན་པར་བྱས་ནས་རབ་ཉིད་ཇི་ལྟར་གནས་རིག་པས་རྗེ་སུ་ཆགས་པར་བྱའོ།། ཨོཾ་ཧྲཱི་ཨ་མུ་ཀཱི་ཨ་ཀར་ཥ་ཡ་མ་ནཱུ་གྷྣ་ཥ་ཧྲིཿཛཿཞེས་བྱ་བའི་རང་གི་སྔགས་མིང་དང ་བཅས་པའི་རྩེ་གཅིག་པའི་ཡིད་ཀྱིས་བཟླས་པར་བྱའོ།། དེ་ལྟར་གོང་དུ་གསུངས་པའི་རིམ་པས་དཀར་པོའི་ཕྱོགས་ཀྱིས་ཚེས་གཅིག་ནས་བརྩམས་ཏེ། ཇི་སྲིད་ཚེས་བཅུ་བཞིའི་བར་དུ་ཁྲི་ཕྲག་གི་ཅིག་ཙམ་བཟླས་པར་བྱའོ།། ཡང་བཅོ་ལྔ་ལ་མཆོད ་པ་རྒྱ་ཆེན་པོ་བྱས་ནས་མཚན་ཐོག་ཐག་བཟླས་པ་བྱའོ།། དེ་ནས་མཐོ་རངས་དེ་ངེས་པར་འོང་བར་འགྱུར་རོ།། འོངས་ནས་དེ་ལ་ཡང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་རང་གི་ལྷ་མཆོད་པའི་བསམ་པས་ཇི་ལྟར་བདེ་བར་ལོངས་སྤྱོད་པར་བྱའོ།། ཡན ་ལག་མེད་པའི་རྡོ་རྗེའི་འཇམ་དཔའི་དབྱངས་ཀྱི་སྒྲུབ་པའི་ཐབས་རྫོག་སོ།། ། ཁམས་པ་ལོཙྪ་བ་བ་རི་དགེ་སློང་དྷརྨཱ་ཀིརྟིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། དྷརྨ་དྷཱ་ཏུ་བཱ་གཱི་སཱ་ར་སཱ་དྷ་ནཾ། བོད་སྐད་དུ། ཆོས་ཀྱི ་