| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཙཨཱརྱ་གཱི་ཏ་བྲྀཏྟཾ། བོད་སྐད་དུ། སྤྱོད་པའི་གླུའི་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། རྣམ་པ་ཀུན་གྱི་མཆོག་ལྡན་པ།། ཟུང་འཇུག་སྐུ་ལ་ཕྱག་འཚལ་ལོ།། སྤྱོད་པ་གླུ་ཡི་དོན་དབྱེག ་གཞན་ལ་ཕན་པའི་བློ་ཡིས་བྲི།། འདིར་ཡང་དག་པའི་ལྟ་བ་རྣམས་པ་གཉིས་ཀྱི་དབང་དུ་བྱས་ནས།། རྡོ་རྗེའི་གླུས་འོད་གསལ་བ་དང་། འགོག་པའི་དང་། དོན་དམ་པའི་བདེན་པ་གཙར་བསྟན་ནས།། སྤྱོད་པའི་གླུས་བདག་བྱིན་གྱིས་བརླབས་པ་དང་། ་ལམ་གྱི་བདེན་པ་དང་། ཀུན་རྫོབ་ཀྱི་བདེན་པ་བསྟན་པའི་ཕྱིར། གཟུགས་པ་རྙན་ཅི་འདྲ་ཞེས་བྱ་བ་ལ་སོགས་པ་ལ་འདིར་ཤེས་རབ་ཀྱི་མིག་གིས་བལྟ་བར་བྱ་བའི་ཡུལ་ན་གཉིས་ཏེ། མེད་པ་དང་། ཡོད་པའི་རང་བཞིན་ནོ།། མེད་པ་ནི་མ་ཡིན། ་པ་ལ་དེར་སྣང་བ་སྟེ་དཔེར་ན་རབ་རིབ་ཅན་གྱིས་ཤེས་པ་བཞི་ནོ།། གཟུགས་བརྙན་ཅི་འདྲ་ཞེས་པ་ནི་དེ་ལ་གསུམ་སྟེ། མེ་ལོང་གཡའ་མེད་པ་དང་། བཞིན་ཉེ་བར་གནས་པ་དང་། ན་མཁའི་སྒྲིབ་གཡོགས་མེད་པ་ལ་གཟུགས་སྣང་ངོ་།། དེ་བཞིན ་དུ་སེམས་དང་རླུང་གི་རྣམ་འཕྲུལ་ལས། མ་རིགས་པས་ཁྱད་པར་དུ་བྱས་པ་ལ་སྲིད་པ་གསུམ་གྱི་འགྲོ་བ་གསལ་བ་སྣང་སྟེ། དེ་ཡང་སྣང་བ་ཙམ་ལས་དོན་དུ་གྲུབ་པ་གང་ཡང་མེད་དོ།། དེ་ཕྱིར་རང་གི་ངོ་བོ་བརྟགས་ན་རང་བཞིན་ཡོད་མ ་ཡིན་ཞེས་བྱ་བའོ།། ཇི་ལྟར་བརྟགས་པས་མེད་པར་ཤེས་ཞེ་ན། བདག་དང་ཁམས་གསུམ་བཱི་རང་གི་ངོ་བོ་གཟུགས་བརྙན་ལྟར་སྣང་བ་ཙམ་དུ་ཤེས། མ་སྐྱེས་པར་ཤེས་པའོ།། དེ་ཀྭའི་ཞེས་བོས་ནས་གདམས་པའོ།། གཟུགས་བརྙན་ལ ་འཁྲུལ་པར་མ་བྱེད། གཟུགས་བརྙན་གྱི་རང་བཞིན་མི་ཤེས་པར་བ་མ་བྱེད་ཅེས་པའོ།། དེ་ལྟར་མདོར་བསྟན་ནས་དཔེ་དོན་གྱི་མཚན་ཉིད་རྒྱས་པར་བསྟན་པའི་ཕྱིར། དྲི་མེད་མཁའ་དང་ཞེས་བྱ་བ་ལ་སོགས་པའོ།། ནམ་མཁའ་དྲི་མ་མེད་པ་དང ་ནོར་བུ་དང་། མེ་ལྡོད་དག་པ་དང་། བཞིན་གསུམ་འདུས་པ་ལས་གཟུགས་བརྙན་སྨྱུང་བ་དེ་བཞིན་དུ་སེམས་དང་རླུང་དང་ལས་དང་མ་རིག་པ་ལས་བདག་དང་ཁམས་གསུམ་པའི་གཟུགས་བརྙན་སྣང་སྟེ། དེ་ལ ་འཁྲུལ་ཏེ་རྟག་པ་དང་ཡང་དག་པར་ཤེས་པ་ནི་སེངྒེ་རང་གི་གྲིབ་མ་ལ་བརྒལ་བས་རྒྱ་མཚོར་ཤི་བ་དང་འདྲ་སྟེ་བླུན་པའོ།། ཡང་བརྡ་མི་ཤེས་པའི་བྱིས་པས་རང་གི་གཟུགས་བརྙན་ལ་འབྲང་བ་དང་འདྲ་སྟེ་བླུན་པའོ།། དེ་བཞིན་དུ་བདག་དང ་ཁམས་གསུམ་པ་གཟུགས་བརྙན་ལྟར་སྣང་བ་ལ་བདག་དང་གཞན་དུ་ཅིའི་ཕྱིར་འཁྲུལ་ཏེ་འཁྲུལ་པར་མ་བྱེད་ཅེས་བྱ་བའོ།། དེ་ཡང་མདོ་ལས་ཇི་ལྟར་མེ་ལོངས་ངོས་ལ་ནི།། སྣང་བའང་དེ་ན་ཡོད་མིན་ལྟར།། དེ་བཞིན་དངོས་རྣམས་ངོ་བོ་ཉིད་ཅེས ་པ་དང་།། ཡང་དོན་ཡོད་མ་ཡིན་སེམས་ཉིད།། བག་ཆགས་ཀྱིས་ནི་དཀྲུགས་པའི་ཡིད་།། དོན་དུ་སྣང་བ་བྱུང་བ་ཡིན་ཞེས་གསུངས་པས་བདག་དང་ཁམས་གསུམི་པའི་དངོས་པོ་ཚུ་རོལ་མཐོང་བའི་ཤེས་པ་དང་། ཤེས་བྱ་མ་ལུས ་པར་ན་མཁའི་མེ་ཏོག་ལྟར་ཤེས་པར་བྱའོ།། ད་ནི་ཡོད་པའི་རང་བཞིན་མཐོང་བའི་དབང་དུ་བྱསྭ་ན་སཱི། དཀྱིལ་འཁོར་ལོ་འཁོར་ལོ་བསྒོམ་པ་བརྟན་པར་བྱ་བ་སྟེ། ཞེས་བྱ་བ་དེ་ལ་ལྔ་སྟེ། རྟི་ནཱ་འབྲེལ་ལ་མཐུ་ཡོད་པ་དང་། དེ་ཡིན་པ་དང་། ་དེབ་ཤེས་པ་དང་། དེར་བསྒོམ་པ་དང་། བྱིན་གྱིས་བརླབས་འབྱུང་བའོ།། དེ་ལྟར་ཡོད་པ་མོ་ཡིན་པའི་ངོན་བསལ་ནས་སེམས་རླུང་གཉིས་ཟག་མེད་ཀྱི་ཡོན་ཏན་གྱིས་ཁྱད་པར་དུ་བྱས་པའི་ཚེ། རྟེན་དང་བརྟེན་པའི་ལྷའི་འཁོར་ལོར་སྣང ་བ་སྟེ་ཉེར་ལེན་གྱི་རྒྱུ་སེམས། ལྷན་ཅིག་བྱེད་པའི་རྐྱེན་རླུང་ཟག་མེད་ཀྱི་ཡོན་ཏན་གསུམ་འདུས་པ་ལས་ཡིད་ཀྱི་ལུས་སྒྱུ་མ་ལྟ་བུ་ལ་སོགས་པར་སྣང་ངོ་།། དེ་ཡང་རང་བཞིན་གྱིས་ཟག་པ་མེད་པའི་ཡོན་ཏན་ཐམས་ཅད་ཀྱི་རང་བཞིན་ཡིན་པ་ཤེས ་པ་མེད་ན་མེད་པའི་ཕྱིར་རོ།། དེ་ཡང་ཤེས་བྱེད་ཡང་དག་པའི་དགེ་བའི་ཤེས་གཉེན་ལ་བརྟེན་ནས། བདག་བྱིན་གྱིས་བརླབ་པའི་རང་བཞིན་དུ་དཔེ་གསུམ་དང་བཅུ་གཉིས་ཀྱི་སྒོ་ནས་མཚོན་ཅིང་ཤེས་པ་དང་། དེ་ཡང་དབང་ལྔས་དབང ་བྱས་ནས་སྒོམ་པ་དང་། དེ་ལས་བྱིན་གྱིས་བརླབས་ཆོས་ཐམས་ཅད་སྒྱུ་མ་ལྟར་སྣང་བ་ངེས་པའི་ཤེས་པ་སྐྱེའོ།། གཞན་ལྷས་སྐྱོང་བ་ལ་སོགས་པ་འཕགས་པའི་ལྷས་བཤད་པ་ལས་ཤེས་པར་བྱའོ།། དེ་ཉིད་ཤེས་པའི་རྣལ་འབྱོར་པ ་གོས་དེར་མི་གནས་ཤེས་བྱ་བ་ནི་སྒྱུ་མར་ཤེས་ཀྱང་སྒྱུ་མས་བྱས་པའི་བུད་མེད་ལ་ཆགས་པ་སྐྱེ་བ་དང་འདྲ་བར་ཞེན་པ་ཡོད་པས་དེ་འོད་ཀྱི་སྦྱངས་པའོ།། མཚོན་པར་བྱ་བ་མཆོག་ཏུ་བདེ་ཆེན་ཞེས་པ་སྟེ་ཞེས་པའི་ཚིག་གཉིས་པོ་གོ ་སླའོ།། ཁྱེད་ཀྱིས་བརྟགས་ཤིང་བསྐྱེད་པའི་ཚུལ་ནི་གང་ཡིན་པ་ཞེས་བྱ་ནི་བདེན་པ་གཉིས་ཀྱི་མཚན་ཉིད་དང་མི་ལྡན་པའི་བརྟགས་པའི་རྣལ་འབྱོར་དགག་པ་སྟེ་གོ་སླའོ།། ཇི་སྲིད་དེ་ནི་རང་བཞིན་ཡོངས་སུ་མི་ཤེས་པས།། དེ་སྲིད་བྱང ་ཆུབ་བླ་ན་མེད་པ་ཇི་ལྟར་འགྲུབ་ཅེས་བྱ་བ་ནི་འོད་གསལ་དང་ཟུང་འཇུག་གོ།། རྣམ་རྟོག་སྤྲོས་པ་མ་ལུས་དངོས་པོ་མེད་པ་སྟེ། ཞེས་བྱ་བ་ནི་འཇིག་རྟེན་པའི་སེམས་བརྒྱ་དྲུག་ཅུའོ།། དེ་དག་མཆོག་ཏུ་བདེ་བ་ཆེན་པོ་འོད་གསལ་གྱི་རང་བཞིན ་གྱིས་སྦྱངས་པ་ཡིན་ཞེས་བྱའོ་བ་དེའི་རྒྱུ་ཅི་ཞེ་ན། འཇིག་རྟེན་གྱིས་ཆོས་བརྒྱད་ལ་མཉམ་པ་ཉིད་དུ་བྱ་བ་དང་། ཏིང་འཛིན་གྱི་མཆོག་ལ་གནས་པར་འགྱུར་བ་སྟེ། དེ་ལ་གཉིས། ཐུན་མོང་གི་ཚོགས་ཚུལ་ཁྲིམས ་དང་ལྡན་པ་དང་། ལོངས་སྤྱོད་ལ་མི་ལྟོས་པ་དང་། བཟོད་པ་དང་ལྡན་པ་དང་། དམ་བཅས་བརྟན་པོ་དང་། འདུ་འཛི་སྤོང་བ་དང་། ཤེས་བཞིན་དང་ལྡན་པ་དང་། བདེན་པ་གཉིས་ལ་མ་ཡེངས་པའི་དྲན་པ་དང་། བྱ་བ་དང་དེ་མ་ཡིན་པ་ཤེས ་པ་དང་། སྒྲིབ་པ་ལྔ་སྤོང་བ་དང་། ཟས་ཀྱི་ཚོད་རིག་པ་དང་། འཇིག་རྟེན་པའི་སྤྱོད་པ་ལ་བློ་རྣལ་དུ་ཕེབས་པའོ།། ཐུན་ཐ་མོངས་མ་ཡིན་པའི་དབང་བཞི་ལེགས་པར་ཐོབ་པ། བྱང་ཆུབ་ཀྱི་སེམས་བརྟན་པ། བླ་མ་ལིཾ་གུས་པའོ།། དེ་ལྟ་བུའི ་ཚོགས་ལ་གནས་ན་ལུས་ངག་གིང་གསུམ་དང་། སྒྲིབ་པ་གསུམ་ཤིན་ཏུ་རྣམ་པར་དག་པར་འགྱུར་བ་སྟེ། སྤྲོས་པའི་སྤྱོད་པ་མ་ལུས་པ་སྤོང་བའོ།། རྣམ་པར་རྟོག་པ་ཞེས་བྱ་བའི་ཚིག་གཉིས་སྤྲོས་པའི་རྣལ་འབྱོར་དགག་པ་སྟེ་གོ་སླའོ།། ། ་དེ་ལྟར་ལྟ་བ་དང་སྦྱོངད་། ཇི་སྲིད་སྲིད་པ་གསུམ་དང་། ཅིར་སྣང་འཇིག་རྟེན་པའི་སེམས་སྤྲོས་པ་དང་། རྣམ་རྟོག་མ་ལུསོ་བ་དོན་ཡོད་པ་མ་ཡིན་པས། དེའི་ཕྱིར་གསལ་བ་དི་ནི་དེ་བཞིན་མཆོག་ཏུ་རྣམ་པར་དག་པའི་རང་བཞིནི་ནི།། དེ་ལ ་དབང་པོ་ལྔས་དབ་ངོ་བྱས་པའི་ཏིང་ངེ་འཛིན་གྱིས་མེས་ཉོན་མོངས་པའི་སོགས་མ་འཇིག་རྟེན་པའི་སེམས་རྣམ་པར་བསྲེག་པས་གང་གི་ཚེ་འཇིག་རྟེན་གསུམ་དང་། འཇིག་རྟེན་པའི་སེམས་རྣམས་ན་མཁའི་དཀྱིལ་ལྟར་ཡོངསུ་ཤེས་པ་དེའི་ཚེ།། ་འགྲོ་བ་མ་ལུས་པའི་རྟོག་པ་ནུབ་ནས་ནམ་མཁའ་བཞིན་དུ་འགྱུར་རོ།། དེ་ལྟར་ཆོས་ཐམས་ཅད་སྣང་ལ་ངེས་པའི་ཤེས་པ་སྐྱེ་བའི་དྲི་མ་སྦྱོང་དགོས་པ་གསུངས་པ། རྣམ་རྟོག་རབ་རིབ་ཀྱིས་རྨོངས་ལྡོངས་པར་མ་བྱེད་ཅིག་ཅེས་བྱའོ།། དེའི་ཅིའི་ཕྱིར་ཞེ་ན། ་འགྲོ་བ་གསུམ་པོ་རང་བཞིན་དག་པའི་ངང་དུ་ཁྱད་པར་གང་ཡང་མེད་ལ། རྟོགས་པས་བྱེ་བྲག་བྱས་པའོ།། དེའི་དོན་རྒྱས་པར་བསྟན་པའི་ཕྱིར། རབ་རིབ་ཅན་གྱིས་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ།། ད་ནི་འོད་གསལ་བའི་ཏིང་ངེ་འཛིན་གྱིས ་ལས་དང་ཉོན་མོང་པ་སྐྱེ་བ་དག་པར་མ་བྱས་པར་དུ། ལས་འབྲས་ཤིན་ཏུ་ཕྲ་བ་ལ་ཡང་འཛེམ་དོགོས་པར་བརྟན་པའི་ཕྱིར། སྡིག་པའི་རྣམོ་སྨིན་ཆོམ་རྐུན་འཇིགས་པ་མཐོང་བ་ཡིས་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ།། དེ་ཁོ་ན་ཉི་མ་འོད་གསལ ་བའི་ཏིངངེ་འཛིན་གྱིས་ལས་ཀྱི་འཇུག་པ་བཅང་ནས། བཟོད་པ་དེ་དང་ལྡན་པ་བཞིན་དུ། རང་གི་རྒྱུད་ལ་དགེ་བའི་སེམས་རྫོགས་པར་བྱེད་པ་ལ་སོགས་པའི་ཚེ་ནི་དེ་མི་དགོས་པས་དེ་སྲིད་ཅི་དགར་སྤྱོད་ཅེས་བྱའོ།། དེ་བས་ན་དེ་སྲིད་ཅེས་བྱ་བ་ལ ་སོགས་པ་སྟེ་གོ་སླའོ།། དེ་ལྟར་ལྟ་བ་དང་སྤྱོད་པ་དག་ལ་བྲམ་ཟེ་ཞེས་བྱའི།། རིགས་ལ་སོགས་པ་མ་ཡིན་པར་བསྟན་པའི་ཕྱིར་གཙོར་བུ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ།། ལམ་ཕྱིན་ཅི་མ་ལོག་པ་དང་ལྡན་ན་རིགས་ལ་མི་ལྟོས་པར་བསྟན ་པའི་ཕྱིར། དམན་པའི་རིགས་སུ་སྐྱེས་ཀྱང་ཞེས་བྱ་བ་ལ་སོགས་པའོ།། འཁྲུལ་པའི་དབང་གིས་རྟག་ཏུ་འཁོར་བ་དེ་ལས་བཟློག་པར་གདམས་པ་ནི། ཡང་དང་ཡང་དུ་ཞེས་བྱ་བ་ལ་སོགས་པའི་འཇུག་བསྡུས་ཏེ། གདམས་པ་ཀྭའི་ཞེས ་བོས་ནས། སེམས་ཁྱོད་རང་གིས་རང་གི་དྲི་མ་ཁྲུས་ཞེས་བྱ་བ་ལ། བཞིན་གྱི་དྲི་མ་མེད་ང་ལ་བལྟས་ནས་སེལ་བ་ལྟར། མེ་ལོང་དང་འདྲ་བའི་བླ་མ་དང་། ཆུ་དང་འདྲ་བའི་མན་ངག་གིས། མ་རིག་པའི ་དྲི་མས་གང་གོས་པ་དེ་ཟད་པར་བྱའོ།། དེའི་ཕྱིར་བླ་མའི་མན་ངག་གི་ཆུས་རྟོགས་པའི་དྲི་མ་བཀྲུ་བར་བྱའོ།། ཚུལ་ཇི་ལྟར་བཀྲུ་ཞེ་ན། སེམས་ཁྱོད་ཡོངསུ་གོ་བར་གྱིས་ལ་རང་ལ་ནི། ཡོངས་སུ་བལྟ་ཞིང་གཏི་མུག་མུན་པ་ཆེན་པོ་སྦྱོངས ་ཞེས་བྱ་བ་ལ། ཆོས་ཐམས་ཅད་སེམས་དང་རླུང་གི་རྣམ་པར་འཕྲུལ་པར་གོ་བར་གྱིས་ལ་རང་ལ་རང་སྟེ། རླུང་དང་སེམས་རང་བཞིན་ལ་བཅུག་ལ་ན་མཁའ་དང་འདྲ་བར་ལྟོས་ཞེས་བྱ་བའོ།། དེ་ལྟ་བུའི་ཐུབ་པའི་ཆོས་ཀྱི་གཏམ་མི ་ཉན་པོ་དང་། དེའི་སྒྲལ་པ་མེད་པ་ནི་མེ་ལྟར་སྣང་བ་ཡིན་ནོ།། དེ་བསྟན་ངེས་པར་འཇིག་རྟེན་ཕ་རོལ་དུ་འགྲོ་དགོས་པ་ཡིད་ལ་བྱས་ལ། ཐུབ་པའི་ཆོས་ཀྱི་གཏམ་བྱང་ཆུབ་ཀྱི་སེམས་ལ་སོགས་པ་མཉན་ཅིང་གོམས་པར་བྱའོ།། དེ་ཐོས ་ནས་དེ་དང་འགལ་བའི་ལས་མི་བྱ་སྟེ། མན་རི་མེད་པར་འགྲོ་བ་ལ་དེ་མིན་པ་གང་གིས་ཀྱང་འཛིན་པར་མི་ནུས་པའི་ཕྱིར་རོ།། དེ་ཐོས་ནས་དེ་ལྟར་དེ་སྦྱང་སཱ་ན་གནས་སྐབས་ཀྱི་འབྲས་བུ་མཐོ་རིས་ལ་མཐར་ཐུག་གི་འབྲས་བུ་བྱང་ཆུབ ་འཐོབ་པའོ།། མ་རིག་པའི་མུན་པ་ལ་ཆོས་ཏེ། སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཀྱི་སེམས་ལ་སོགས་པ་དང་། ཐ་མ་བདེ་ཆེན་པོའི་ཏིང་ངེ་འཛིན་གྱི་བར་ནི་སྒྲོན་མ་སྟེ་རང་བཞིན་གྱིས་འོད་གསལ་བར་བྱེད་པའི་ཕྱིར་རོ།། དེའི ་ན་པ་པ་གྲུ་ང། མཚམ་ཚན་པས་ས་པ་ན་གམས་པ་རྒྱག། རྒྱམ་འཕྲུ་ཕྲལ་རྫོགསས ་པཎྜི་ཏ་དཱི་པཾ་ཀ་ར་དང ་