CLOSE WINDOW

GT2139: rig pa 'dzin pa'i snod du gsungs pa'i mdor bsdus pa'i 'jam dpal gyi sgrub pa'i thabs
Wyliee-texts produced with BDRC’s OCR application

འདི་ཡིས་བརྗོད་པར་གསོལ་བར་བྱ་སྟེ། བདག་ནི་རྨོངས་པའི་དབང་གིས་ཀྱང་། ཉེས་པ་ཇི་སྲིད་བགྱིས་པ་གང་།། གང་ཕྱིར་ཁྲུས་ཅན་མགོན་པ་ཡིས།། དེ་མགོན་ཁྱེད་ཀྱིས་བཟོད་པར་བཞེས།། འགྲོ་ལ་ཕན་ཕྱིར་སྨོན་ལམ་གདབ་པར ་བྱའོ།། བདག་གི་བསོད་ནམས་འདི་ཡིས་ནི།། སངས་རྒྱས་ཉིད་ནི་ཐོབ་ནས་ཀྱང་།། སྲིད་པའི་རྒྱ་མཚ་ཟབ་མོ་ལས།། འགྲོ་བ་མ་ལུས་སྒྲོལ་བར་ཤོག། དེ་ནས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ལྷག་པར་མོས་ནས། འགྲོ་བ་ཐམས་ཅད་འཇམ་པའི་དབྱངས ་སུ་བལྟས་སྟེ། རང་གི་ལྷའི་རྣལ་འབྱོར་གྱི་ང་རྒྱལ་དྲང་ལྡན་པས་ཇི་ལྟར་བདེ་བར་གནས་པར་བྱའོ།། དེ་ལྟར་ཐུན་མཚམས་བཞི་འམ། ཐུན་མཚམས་གསུམ་དུ་བྱའོ།། སྒྲུབ་ཐབས་འདི་ནི་བྱས་པ་ལས།། བདག་གིས་འབྲས་བུ་གང་ཐོབ་པ།། དེ་ཡིས ་སྲིད་གསུམ་འཇིག་རྟེན་འདི།། མ་ལུས་འཇམ་པའི་དབྱིངས་གྱུར་ཅིག། ངག་གི་རྒྱལ་པོའི་སྒྲུབ་ཐབས་རྫོགས་སོ།། ། ཁམས་པ་ལོ་ཙྪ་པཱ་བ་རི་དགེ་སློང་ང་དྷརྨཱ་ཀཱིརྟིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། མ་ཧཱ་རཱ ་ཛཱ་ཌི་ཌ་མཉྫུ་ཤྲཱི་སཱ་དྷ་ནཾ། བོད་སྐད་དུ། རྒྱལ་པོ་ཆེན་པོ་འཇམ་དཔལ་རོལ་པའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ།། སྔོན་བཞིན་དུ་སྡིག་པ་བཤགས་པའི་རྗེ་སུཾ་སྟོང་པ་ཉིད་དུ་དམིགས་ནས་ཟླ་བ་ལ་གནས་པའི་ས་བོན ་ཡི་གེ་མུ་ལས་ཡོངསུ་རྫོགས་པའི་འཕགས་པ་འཇམ་དཔལ་དབྱངས་ཞལ་གཅིག་ཕྱག་གཉིས་པ་གཞོནུ་ཟུར་ཕུད་ལྔ་དང་ལྡན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པོ་ཕྱག་གཡོན་པ་ན་ཨུཏྤ་ལ་བསྣམས་པ། ཕྱག་གཡས་ཕ་རོལ་པས་སེངྒེའི་ཁྲི་ལ ་གནས་པའི་པདྨ་དང་ཟླ་བའི་གདན་ལ་བདག་ཉིད་སྐད་ཅིག་གིས་བཞུགས་པར་བསམ་པར་བྱའོ།། དེ་ནས་ཐལ་མོ་སྦྱར་ལ་མཛུབ་མོ་གཉིས་སྲིན་ལག་གི་སེན་མོ་ལ་བརྟན་པར་བྱས་ནས། ཨུཏྤ་ལ་ཁ་བྱ་བའི་ཕྱག་རྒྱ་སྦྱིན་པར་བྱའོ།། ཨོཾ་བཱ་གཱི་པྲ་རེ་མུ ་ཞེས་བྱ་བ་ནི་བཟླས་པའི་སྔགས་སོ།། ཕྱག་རྒྱ་ཆེན་པོའི་རོལ་བའི་འཇམ་དཔལ་གྱི་སྒྲུབ་པའི་ཐབས་རྫོགས་སོ།། ཁམས་པ་ལེཙྪ་བ་བ་རི་དགེ་སློང་དྷརྨཱ་ཀི་རྟིས་བསྒྱུར་བའོ།། རྒྱ་གར་སྐད་དུ། བི་དྷུ་དྷ་ར་བི་ཊ་ཀ་སཾ ་དྡྷ་ཙྪ་ཧྲཱི་སྭཱདྷ་ནཱ། བི་སྐད་དུ། རིག་པ་འཛིན་པའི་སྣོད་དུ་གསུངས་པའི་མདོར་བསྡུས་པའི་འཇམ་དཔལ་གྱི་སྒྲུབ་པའི་ཐབས། འཕགས་པ་འདུ་མི་དཔལ་ལ་ཕྱག་འཚལ་ལོ།། སྔོན་དུ་བསྟན་པའི་ཚུགས་སྟོང་བ་ཉིད་མ་པའི་རྫསུ་པདྷཱུ ་པའི་དཀྱིལ་འཁོར་གྱི་སྟེང་དུ་ཐིག་ལེ་དཀར་པོ་རྣམ་པར་བསྒོམས་ནས་སྤྲོས་པ་ལ་སོགས་སྔོན་དུ་འགྲོ་བས་དྲི་ཡོངས་སུ་གྱུར་པ་ལས། ཡེ་གྷེ་དྷཱི་དཀརརཱ་བོ་དུ་ཡོངསུ་གྱུར་པ་ལས་འཇམ་དཔལེ་ཨཱ་ར་པ་ཅན་གཅིག་པུ་འབའ་ཞིག་ཉིད།། སྙིང་གར་ས་བོན་རྣམ ་པར་བསམས་ནས་ཡང་དང་ཡང་དུ་སྤྲོ་བ་ལ་སོགས་པའི་རྣམ་པར་བྱའོ།། ཨོཾ་དྷཱིཿསྭཱ་ཧཱ་ཞེས་བྱ་བའི་སྔགས་ཀྱིས་བཟླས་པོ་བྱའོ།། རིག་པ་འཛིན་པའི་སྡེ་སྣོད་དུ་གསུངས་པའི་མདོར་བསྡུས་པའི་འཇམ་དཔལ་གྱི་སྒྲུབ་ཐབས་རྫོག་སོ།། ་ཁམས་པ་པ་ན་རྗེས་བསྡུ་རྒྱ་ཨཱང་། ཚོ་མཐོད་པ་མ་ན། བ་དུ་ལོག་པ་འཛིན་པའི་བ་སྣ་ཀྱིས་བསྡུས་པའི་མོའི་བྱངས་ཀྱི་སྒྲུབ་པའི་བབས་མ ་