CLOSE WINDOW

GT2136: dpal 'jam pa'i rdo rje'i sgrub thabs
Wyliee-texts produced with BDRC’s OCR application

བསྒོམ་པར་བྱའོ།། ཨོཾ་མུཿཞེས་བྱ་བའི་སྔགས་བཟླས་པར་བྱའོ།། འཕགས་པ་འཇམ་དཔལ་གྱི་སྒྲུབ་ཐབས་རྫོགས་སོ།། ། ཁམས་པ་ལོཙྪ་བ་པ་རིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཤྲཱི་མཉྫུ་བཛྲ་ས་དྷ་ན།། ་བོད་སྐད་དུ། འཇམ་པའི་རྡོ་རྗེའི་སྒྲུབ་ཐབས། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། རིན་ཆེན་པདྨ་ར་ག་ལྟར།། ཤེས་རབ་མཆོག་ལྡན་མདངས་གསལ་བ།། འཇམ་པའི་རྡོ་རྗེ་ལ་བཏུད་ནས།། དེ་ཡི་སྒྲུབ་ཐབས་འདི ་ཙམ་བྱ།། དང་པོར་མལ་ནས་ལངས་ཏེ་གདོང་ལ་སོགས་པ་དག་པར་བྱ་སྟེ། རང་གི་སྙིང་གར་ཟློ་བའི་དཀྱིལ་འཁོར་བསྒོམ་སྟེ། དེ་ལ་སྨཻ་བྱུང་བའི་འོད་ཟེར་གྱིས་བགེགས་རྣམས་ཕྱོགས་བཅུར་བསྐྲད་པར་བྱ་སྟེ། གསང་སྔགས་ནི་འདིའོ།། ཨོཾ་ཨ་མྲྀཏ ་ཏུཎྚི་ཨོཾ་ཧཱུཾ་ཕཊེ། དེ་ནས་ན་མཁའ་ལ་གནས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་གསལ་བར་དམིགས་ཏེ། ཡིད་ཀྱི་མ་ཆོད་པ་བྱས་ཏེ། བཅོམ་ལྡན་འདས་འོངས་པའི་རྡོརྗེསྤྲིན་དྲང་པོར་བྱའོ།། ཨཾ་ཨོཾ་ཧྱེ་བྷི་བྷཱ་ག་ཐཱན། མནྟ་བདྡྷམ ་ག་ནཱི་རིམ་ཏིཧྲཱི་ན་ཀུ་རུས་ཏྲ། དེ་ནས་སྙིང་གའི་ཟླ་བ་དཀྱིས་གམ་གྱི་སྟེང་དུའང་མེད་པའི་རྔརྗེ་སུམ་དག་དཔེར་བ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཉིས་རྡོརྗེ་དང་དྲིལ་བུ་ཆོག་ཕྱི་ཁྱི་ལ་དྲི་སྐྱིལ་ས་ང་སུ ་མོ་ཧ་ཀུ་མ་རི་དང་། རཱ་ཀ་ཀུ་མ་རི་དང་། ཨི་ཪྴ་ཀ་མ་རི་དང་། ཀུ་ལ་ཀུ་མ་རི་སྟེ་ལྷ་མོ་བཞིའོ།། དཀྱིལ་འཁོར་གྱིས་ཡོངསུ་བསྐོར་བར་བསམ་པར་བྱའོ།། དེ་དག་ཀྱང་ཕྱག་གཉིས་ནི་རྡོ་རྗེ་དང་རལ་གྲི་བསྣམས་པ་རྨ་བྱའི་ཁྲི ་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་འཇོ་སྒེག་དང་བཅས་བཞིན་རབ་བཞུགས་པའོ།། སྐུ་མདོག་ནི་བཅོམ་ལྡན་འདས་དང་མཚུངས་པར་བསམ་པར་བྱའོ།། ཨོཾ་ཧྲིཿམཾ་ཧོཿམཾ་ཧཱུཾ། དེ་དག་ནི་འཇམ་པའི་རྡོ་རྗེའི་ཡི་གེ་དྲུག་པའི་གསང་སྔགས་སོ།། ཨོཾ་བྷཱ་ལཾ ་ཨོཾ་ཏྲོ་ཏྲཾ་ཧཱུཾ། ཨོཾ་ཧྲི་མཾ་ཧཱུཾ། ཨོཾ་ཁཾ་ཏཾ་ཧཱུཾ། དེ་དག་ནི་ལྷ་མོ་བཞིའི་ཡི་གེ་བཞི་པའི་སྔགས་སོ།། མཆོད་པའི་དུས་སུ་ཕྱི་རོལ་དུ་པདྨ་བཞི་བྱས་ཤིང་དམིགས་ཏེ། དབུས་ཀྱི་ལྟེ་བ་ལ་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ཇི་ལྟ་བ་བཞིན་བསམ་པ ་དང་། ཤར་ཕྱོགས་ལ་སོགས་པའི་འདབ་མ་བཞི་ལ་ལྷ་མོ་བཞི་ཇི་ལྟ་བ་བཞིན་བསམས་ལ་གསང་སྔགས་གོང་མ་རྣམས་ཀྱིས་རིམ་བཞིན་དུ་མཆོད་པར་བྱའོ།། དེ་ནས་གསང་སྔགས་འདིས་འབྱུང་པོ་རྣམས་གཏོར་མ་སྦྱིན་པར་བྱ་སྟེ། ་མཆོད་སྦྱིན་གྱི་ཕྱག་རྒྱ་དང་སེ་གོལ་ལན་གསུམ་གཏོག་ཅིག། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨ་དྱ་ནུཏྤནྣ་ཏྭོད་ཅེས་བྱ་བའི་སྔགས་འདིས་སྦྱིན་པར་བྱའོ།། དེ་ནས་སྨོན་ལམ་འདི་ལན་གསུམ་བརྗོད་པར་བྱ་སྟེ། ཕྱོགས་བཅུ་ན་མཁའི་མཐར ་ཐུག་པའོ།། སེམས་ཅན་ཁམས་ནི་རང་གྲོལ་ཞིང་།། འཇམ་དཔལ་སྤྱོད་པ་ཇི་བཞིན་དུ།། དེ་བཞིན་བདག་ནི་སྤྱོད་གྱུར་ཅིག། བཅོམ་ལྡན་འདས་དཔལ་འཇམ་པའི་རྡོ་རྗེའི་སྒྲུབ་ཐབས་རྫོག་སོ།། ་