CLOSE WINDOW

GT2133: tshig lhug pa'i a ra pa tsa na'i sgrub thabs
Wyliee-texts produced with BDRC’s OCR application

ཤོག། ཚིག་ལྷུག་པའི་བརྟན་པའི་འཁོར་ལོ་སྒྲུབ་པའི་ཐབས་རྫོགས་སོ།། ། ཁམས་པ་ལོནྡྷ་པ་དགེ་སློང་བ་རིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། མུཀྟ་ཀེ་ནཱ་ར་བ་ཙན་སཱ་དྷ་ནཾ། བོད་སྐད་དུ། ཚིག་ལྕུག ་པའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས། འཕགས་པ་འཇིམ་དཔལ་ལ་ཕྱག་འཚལ་ལོ།། དང་པོ་སྔགས་པས་ཡིད་མཐུན་པའི་ཕྱོགས་གཅིག་ཏུ་བདེ་བའི་ག་དན་ལ་ཉེ་བར་གནས་པ་རང་གི་སྙིང་གར་ཡི་གེ་ཨ་ལཾས་བྱུང་བའི་ཟླ་བ་ལས། ལྔ་པའི་བཞི་པ་ས་བིན་ལ ་ཡི་གེ་ཨི་ཡི་མཐའ་དང་། ཚེག་དྲག་གཉིས་དང་ལྡན་པ་བསྒོམས་ལ། དེའི་འོད་ཟེར་གྱི་ཚོགས་ཀྱི་སྙིང་ལ་གནས་པའི་ཉོན་མོངས་པའི་མུན་པ་བསལ་ནས། བྱམས་པ་དང་སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཞེས་བྱ་བ་ཚངས་པའི་གནས་བཞི ་བསྒོམ་པར་བྱའོ།། འོག་ནས་བྱུང་བའི་རིམ་པས་བྱོས་པ་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟ་བུའི་སེམས་དགའ་བའོ།། སྙིང་རྗེ་གང་ཞེ་ན། སྡུག་བསྔལ་གསུམ་གྱིས་སྡུག་བསྔལ་བའི་སེམས་ཅན་རྣམས་འཁོར་བའི་རྒྱ་མཚོ་ལས་གདོན ་ལ་ང་དྲུས་མ། མས་སུན་ནས་པ་ས་ཙུ་གྲང ་ཕྱགས་དང་། བྲལ་བའི་ཆོས་ཉིད་རང་གི་ངག་གིས་འཇུག་པའོ་ཞེས་བྱའོ།། ཚངས་པའི་གནས་བཞི་བསྒོམ་པའི་རྗེ་སུ་རང་གི་སྙིང་གའི་ས་བོན་ཉིད་ལས་བྱུང་བའི་འོད་ཀྱིས་ན་ཁའི་ཕྱོགས་མ་ལུས་པ་ཁྱབ་པའི་བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས ་དཔང་རྣམས་སྤྲོ་བ་དང་བསྡུ་བར་བྱེད་པས་འགྲོ་བའི་དོན་གྱི་བྱ་བ་གཅིག་ཏུ་བྱེད་པར་བལྟས་ལ། རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་ལྷ་རྫས་ཀྱི་དྲི་དང་མེ་ཏིག་ལ་སོགས་པ་རྣམ་པའི་བྱེ་བྲག་ཏུ་ཕྱུང་སྟེ། དཀྱིལ་འཁོར་སྔོན་དུ་འགྲོ་བས་ཐལ་མོ་སྦྱར་ཏེ། བླ་མ་དང་། ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞབས་ཀྱི་པདྨོ་ལ་སྤྱི་བོས་གཏུགས་ཤིང་གུས་པས་ཕྱག་འཚལ་ཏེ། འོད་ཟེར་དེ་ཉིད་ལས་བྱུང་བའི་མེ་ཏོག་དང་བདུག་པ་དང་མར་མ་དང་། དྲི་དང་ཕྱེ་མ་དང་། རྒྱལ་མཚན་དང་། དྲིལ་བུ་དང་། བ~ཾ་དན་ལ་སོགས་པ ་དེ་རྣམས་ལ་ཕྱི་ནང་གི་མཆོད་པས་ཡང་དག་པར་མཆོད་པ་ནི་མཆོད་ཟིན།། དེ་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱས་ཏེ། སྐྱེ་བ་ཐམས་ཅད་དུ་སྡིག་པ་བདག་གིས་ཉེ་བར་བསགས་པ་གང་། འདོད་ཆགས་ལས་སྐྱེས་པ་འམ། ཞེ་སྡང་ལས་སྐྱེས་པ་འམ། གཏི ་མུག་ལས་སྐྱེས་པའ5། ལུས་སམ། ཡིད་དམ། དགགམ། དེ་ཐམས་ཅད་བྱས་པ་ས་སོར་བཤགས་པར་བགྱིའོ།། ཞེམ་པ་ནརྀ་སྡིག་པ་པ་ཤུགས་པའོ།། བསོངྐ་ནམས་གང་ང་བཞིན་གཤེགས་པ་ཐམས་ཅད་རྣམས་ཀྱིས་ཡང་དགེ་བར་རྫོགས་པའི་བྱང་ཆུ ་ལ་མཉམ་པོར་བརྟེན་པ་གང་ཡིན་པ་དང་། སངས་རྒྱས་དང་། བླ་མ་དམ་པ་དང་། དེ་ཐམས་ཅད་ཀྱི་བསོད་ནམས་ཉིད་ལ་རྫི་མུ་ཡི་ཛེ་།། བསོད་ནམས་ལ་རྗེ་སུ་ཡི་རང་བའོ།། དུས་གསུམ་མ་ལུས་པ་གནས་པའི་སངས་རྒྱས་ཕྱོགས་མཐའ་མ་ར ་པའི་སྙིང་རྗེའི་ཡོན་ཏན་གྱི་ཚོགས་ཀྱིས་བརྒྱན་དང་། སྐྱོན་ཐམས་ཅད་སྤངས་པའི་དགེ་འདུན་དང་། དམ་པའི་ཆོས་ཤེས་པར་བྱ་བ་ལ་གུས་པར་སྐྱབསུ་མཆིའོ།། གསུམ་ལ་སྐྱབསུ་འགྲོ་བའོ།། ཡོངསུ་དག་པའི་རྒྱལ་བའི་ལམ་བརྟེན་ཏེ། ་ཚངས་པ་དབང་པོ་དྲག་པོ་ལ་སོགས་རྙེད་དཀའ་བ།། གང་འདིར་བསོད་ནམས་ཚོགས་འདི་དག་གི་ཉེར་བསགས་པ།། བྱང་ཆུབ་སེམས་འདི་རབ་ཏུ་བསྐྱེད་པར་བགྱི།། རྒྱལ་བའི་ལམ་བསྟེན་པ་དང་། བྱང་ཆུབ་ཀྱི་སེམས་བསྐྱེད་པ་གཉིས་སོ།། དེ་ལྟར་བླ་ན་མེད་པའི་མཚོ ་པ་རྣམ་པ་བདུན་གྱི་རྗེས་སུ་བླ་མའི་གསུང་གི་བྱི་དང་ནང་དུ་བཅས་པ་སྟོང་བཉིད་དུ་རྣམ་པར་བསྒོམས་ལ། ཡང་བསྟན་པར་བྱ་བའི་དོན་དུ། ཨོཾ་སབྷཱ་བ~ཾ་ཤུདྡྷ་སརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ་ཧྱེ་ཞེས་བྱ་བའི་ཚིག་གིས་བརྗོད་པར་བྱའོ།། དེའི་རྗེས་ལ་རང་གི་སེམས་ཀྱི་རྣམ ་ཙམ་དང་ཞིང་ཐོགས་པ་མེད་པའི་ངོ་བོ་ཉིད་དུ་དབྱངས་ཡིག་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བསམས་ལ། དེའི་རྗེས་ལ་སྟོན་དུ་བསྟན་པའི་ས་བོན་ནོ།། དེ་ལས་ཟླ་བ་དང་། ས་བོན་ཡོང་དུ་གྱུར་པ་ལས་རལ་གྲི་འོད་འཕྲོ་བའི་གཟུགས་སོ།། དེ་ནས ་འཆང་བའི་དུསུ་རི་བོང་འཛིན་པ་དང་ལྡན་པ་སྔོན་དུ་བསྟན་པའི་མབོན་ཏེ། ལ་གྲི་དངས་སྟོན་དེ་ཡོངསུ་གྱུར་པ་ལས་འཇམ་པའི་དབྱངས་སྟོན་ཀའི་ཟླ་བ་དང་མཚུངས་པའི་བང་དཕྱོགས་བཅུའི་འཇིག་རྟེན་གསལ་བར་བྱེད་པའི་ཆེ་གྱི་ཚོགས་འཆང་ག་ཕྱ་གཉིས ་གཞོན་ནུའི་རྣམ་པ་ཅན་གཡས་པན་མི་ཤེས་པ་མ་ལུས་པ་གཅིག་ཏུ་གཅོད་པར་བྱེད་པའི་ཤེས་རབ་ཀྱི་མིག་རལ་གྲི་ཕྱག་ན་བསྡམས་པའོ།། གཡན་པ་ནམ་ལུས་པའི་ཐབས་གྱུར་པའི་བསྟན་བཅོས་ཀྱི་ཚོགས་ཀྱི་གང་ཙན་བ་ཏ་གཅིག་ཕྱག་ན་བསྣམས ་པའོ།། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ན་བཟའ་དམར་པོ་འཆང་བ། བསམ་གཏན་ལ་རྩེ་གཅིག་ཏུ་གནས་པ། རབ་ཏུ་རྒྱས་པའི་པདྨའི་ཞལ། པདྨའི་འདབ་མའི་སྤྱན། སྐྱེས་བུ་ཆེན་པོའི་མཚན་གྱིས་བསྐྱེད་ཅིང་མཛེས་པ། ཨིནྡྲ་ནཱི་ལའི་ནོར་བུ་ལྟ་བུ་དབུ་སྐྲ ་བསྡོམས་པའི་རལ་གྲི་བའི་ལྕང་ལོ་ལྔ་དང་ལྡན་པའོ།། པདྨ་དཀར་པོ་འདབ་མ་བརྒྱད་པ་དང་། ཟླ་བ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་ཉེ་བར་གནས་པ། དེ་བཞིན་གཤེགས་པོ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་འཇམ་དཔལ་གྱི་གཟུགས་སུ་བདག་ཉིད་བསྒོམས ་ལ། དེ་ལྟར་རྣལ་འབྱོར་པ་དམ་ཚིག་སེམས་དཔའི་ང་རྒྱལ་དང་ལྡན་པས་རང་གི་སྙིང་གར་ཨ་ལས་རྫོགས་པའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་འོད་ཟེར་གྱི་ཚོགས་སྤྲོས་པས། མ་ལུས་པའི་མི་ཤེས་པ་འཇོམས་པར་བྱེད་པའི་གཡསུ་མྱུར་དུ ་འཁོར་བའི་རིམ་པས་བལྟས་ལ། དེའི་སྟེང་དུ་མ་རེག་པར་དབྱིངས་ཡིག་དང་པོ་ལས་ཟླ་བའི་དཀྱིལ་འཁོར་རོ།། དེའི་སྟེང་དུ་ཡི་གེ་ལྔ་གོ་རིམ་བཞིན་ཇི་ལྟར་བར་མེ་འབར་བའི་རྣམ་པ་ལྟ་བུར་འོད་ཟེར་དང་བཅས་པས་མ་ལུས་པའི་ཡེ་ཤེས་པ ་མེད་པར་བྱེད་པ། བླ་མའི་མན་ངག་གིས་རྣམ་པར་བསྒོམ་པར་བྱའོ།། ལྷའི་རྣམ་པར་རྫོགས་པ་ལ་སྔགས་པས་སྐྱོ་བ་མེད་པར་སྤྲོ་བ་ལ་སོགས་པ་བྱས་ལ། བཟླས་པ་བྱའོ།། ཡང་ན་སྙིང་ཀའི་ཟླ་བའི་དབུསུ་ཨ་དཀར་པོའི ་རྣམ་པ་ལས་རྫོགས་པ་ཨ་ར་བ་ཙ་ན་ཞེས་བྱ་བ་དཀར་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དགའ་ཞིང་བསམ་གཏན་ལོ་རྩེ་གཅིག་ཏུ་གནས་ཏེ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་ཉེ་བར་བཞུགས་པ། གཡས་པ་དང་གཡོན་པ་གཉིས་ཀྱིས་རལ་གྲི ་དང་པོ་ཏི་བསྣམས་པ། ཨནྡྲ་ནཱི་ལ་ལྟ་བུ་མ་ལུས་པ་བསྡུས་པའི་རལ་པའི་ལྗང་ལོ་ལྔ་དང་ལྡན་པ། འོད་འབྲི་བའི་ཟླ་བ་ལྟ་བུའི་ཞལ། སྨྲ་བ་རྣམས་ཀྱི་མཆོག་ཟླ་བ་ལ་རང་གི་ས་བོན་དང་བནས་པསྙིང ་བསྒོམས་ལ། དེའི་མདུན་དུར་དཀར་པོ་ལས་བྱུང་བའི་དྲ་བ་ཅན་མའི་འོད་རྗེ་བཙུན་མ་ཨ་ར་པ་ཙ་ན་ལྟ་བུའི་མདོག་དང་ཕྱག་ལ་སོགས་པ་དང་ལྡན་པའོ།། རང་གི་སྙིང་གར་ཟླ་བ་ལ་རང་གི་ས་བོན་དང་ལྡན་པ་ལྟ་བུའོ།། དེའི་རྫ་སུ་རྒྱབ་ཏུ་བ ་དཀར་པོ་ལས་རྫོགས་པའི་ཟླ་བ་ལས་ས་བོན་དང་ལྡན་པར་དམིགས་པར་བྱའོ།། དེ་ནས་གཡ་སུ་ཙ་དཀར་པོ་ལས་རྫོགས་པའི་སྐུ་ཅན་མ་དཀར་མོ་རྒྱན་ཐམས་ཅད་ཀྱི་རྣམ་པར་བརྒྱན་པ་ཤས་བརྒྱན་པའི་ནུ་མ་འཆང་ཞིང་རང་གི་སྙིང་གའི་ཟླ་བ ་ལས་ས་བོན་དང་ལྡན་པ་དང་རྣམ་པར་བསམ་མོ།། བྱང་དུ་ན་དཀར་པོ་ལས་རྫོགས་པའི་ཉེ་བའི་སྐྲ་ཅན་མ། རང་གི་སྙིང་གྲར་ཟླ་བ་ལས་ས་བོན་གྱི་ཡང་དག་པར་ལྡན་པ་བསྒོམས་ཏེ་ཐམས་ཅད་ཨ་ར་པ་ཙ་ན་ལྟ་བུ་རྣམ་པར་བསམ་མོ།། ་ལྷའི་ཚོགས་འདི་སྙིང་གའི་ས་བོན་ལས་འོད་ཟེར་སྤྲོ་བློ་དང་བསྟ་བས་འགྲོ་བའི་མི་ཤེས་པའི་ཚོགས་གཅོད་ཅིང་ཆེས་ཀྱི་བདུད་རྩི་མ་ལུས་པའི་བསྟན་བཅོས་དང་བཟོའི་གནས་ལ་སོགས་པས་སེམས་ཅན་ཐམས་ཅད་ཚིམ་པར་ཡང ་དང་ཡང་དྲ་དབཞིའི་ཐོགས་པ་མེད་པའི་གཟུགས་ཀྱི་བཇིག་ཉིད་དུ་མ་མའི་མན་ངག་གིས་བསྒོམ་པར་བྱའོ།། མཉམ་པོར་གཞིག་པའི་སྔགས་ས་རྒྱས་པ་བྱ་སྟེ། ཨོཾ་ནི་དང་པོ་འོ།། ས་བོན་ལྔ་དབྲས་དམ་ཚིགསེམས་དཔའི་ས་བོན ་རུསྟེ། གང་ཡང་སྡུང་པའི་སེམས་ཡོད་པར་གྱུར་ནཱ། དྭེ་ལ་རང་གི་ཤགས་ནི་ཐ་མའི་གདམས་པག་གོས་བརྗོད་པ་ད་སུ་མ་གོ་བརྒྱ་པ་བརྗོད་པར་བྱཱ་སྟྭཾ། ཨོཾ་བཛྲ་སྭཱཏ་ས་མ་ཡ། མ་ནུ་ཛྭཱ་ལ་ཡ། བཛྲ་སྭཱ་ཛྙཱན་པ་རྦ་ཛྙཱམ་བྷཱུ་ཐཱ། མུརྟྟ་ནྱ ་བྷཱུ་བྷེ། སྱཱ་བོ་ཥྱོ་མེ་དྷཱུ་བྷེ། ཨ་ནུ་རཱཀྲོ་མེ་བྷ་བཱ། སརྦྦ་སིདྡྷི་མེ། པྲཱ་ཡཙྪ་སརྦ་ཀཱརྨ་སུ་ཙ་མེ་ཙིཏྟ་ཤྲཱི་ཡཿཀུ་རུ་ནཱཾ། ཧ་ཧེ་ཧ་ཧ་ཧོ། བྷ་ག་བྷཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཾ་མེ་མུནྟ་བཛྲཱི་བྷཱ་བ་མཧཱ་ས་མ་ཡ་སཏྭ་ཨཿབྱཱ་བའི་ཡ~ཾ་གཱ་བརྒྱ་པ་བརྗོད་པའི་རྫསུ་བསྡུ ་སྤྲོ་ལ་སོགས་པ་བརྗོད་པར་བྱས་ཏེ། དམ་ཚིག་སེམས་དཔའི་གཟུགས་ཀྱིས་ཐམས་ཅད་ཀྱིས་སྤྱོད་ལམ་ཐམས་ཅད་དུ་རྣལ་འབྱོར་པས་མཉམ་པར་མ་གཞག་པའི་སྐབསུ་གནས་པར་བྱས་ནས། ཡང་དག་པའི་ཡེ་ཤེས་རྒྱ་མཚོའི་མཐར ་ཕྱིན་པར་གྱུར་ནས་དུས་རིང་དུ་མི་ཐོགས་པར་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ།། ཚིག་ལྡོག་པ་དག་གསལ་པོར་ནི།། དཀར་པོ་སྒྲུབ་ཐབས་ཡང་དག་བྲིས།། པདྨའི་འབྱུང་གནས་བསོད་ནམས་གང་།། དེ་ཡིས་སྲིད་ལས་གྲོལ་བར་ཤོག། ་ཚིག་ལྷུག་པའི་ཨ་ར་བ་ཙ་ནའི་སྒྲུབ་ཐབས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པ་རྫོགས་སོ།། ། པིཎྜི་ཏཱ་དོན་ཡོད་རྡོ་རྗེ་དང་། ཁམས་པ་ལོཙྪ་བ་བ་རཱིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཨ ་