CLOSE WINDOW

GT213: spyod pa'i glu
Wyliee-texts produced with BDRC’s OCR application

རྒྱ་གརཪྵ་སྐད་དུ། ཙཱུ་ནྱཱ་གྷྲི་ཏཱ། བོད་སྐད་དུ། སྤྱོད་པའི་གླུ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། དཔལ་རྡོ་རྗེ་གདན་པ་ལ་ཕྱག་འཚལ་ལོ།། གཟུགས་བརྙན་ཅི་འདྲ་འགྲོ་བ་སྲིད་པ་དེ་འདྲ་སྟེ།། རངག ་ངོ་བོ་བརྟགས་ན་རང་བཞིན་ཡོད་མ་ཡིན།། རང་གི་ངོ་བོ་གཟུགས་བརྙནི་འདྲ་ཤེས་མ་སྐྱེས་པས།། ཀྭ་ཡི་རྨོངས་པའི་སེམས་ཁྱོད་མི་ཤེས་མ་བྱེད་ཅིག། དྲི་མེད་མཁའ་དང་རྒྱས་པའི་ནོར་བུ་མེ་ལོང་ལ།། དེ་ལ་གསལ་བར་སྣང་བ ་བདྲུག་དང་འགྲོ་བ་ཀུནྣ།། ཇི་ལྟར་བྱིས་པ་རང་གི་གཟུགས་བརྙན་ལ་འཁྲུལ་གྱུར།། བདག་གཞོན་འབྱེད་པའི་འཁྲུལ་པ་ལ་ནི་ཅི་ཕྱིར་གནས།། གང་གིས་གཟུགས་བརྙན་ལི་ནི་རྟག་པར་ཤེས་ཤིང་རྟོགས།། དེ་ནི་ཕྱུག་སྣ་དང་འདྲ་སྟེ་གྲིབ་མ་ལ་རྒོལ་ཡིན། ་དཀྱིལ་འཁོར་འཁོར་ལོ་བསྒོམ་པ་བརྟེན་པར་བྱ་བ་སྟེ།། དེ་ཉིད་ཤེས་པའི་རྣལ་འབྱོར་པ་ཡིས་དྭེ་རྀ་མི་གནས།། མཚོན་པར་བྱ་བ་མཆོག་ཏུ་བདེ་ཆེན་ཅེས་པ་སྟེ།། དཀྱིལ་འཁོར་དེ་ལ་བསྡུས་ཏེ་བརྟན་པར་བྱ་བ་ཡིན།། ཁྱོད་ཀྱིས་བརྟགས་ཤིང ་བསྐྱེད་པའི་ཚུལ་ནི་གང་ཡིན་པ།། དེ་ལ་དེ་ཉིད་རང་བཞིན་པ་ཡིན་པར་ཇི་ལྟར་སེམས།། ཇི་ཡི་སྲིད་དེ་ཉིད་རང་བཞི་ནུ་ཡོངས་སུ་མ་ཤེས་པས།། དེ་སྲིད་བྱང་ཆུབ་བླ་ན་མེད་པ་ཇི་ལྟར་འགྲུབ།། རྣམ་རྟོག་སྤྲོས་པ་མ་ལུས་དངོས་པོ་མེད་པ་སྟེ།། དེ་དག་མཆོག ་ཏུ་བདེ་བ་ཆེན་པོའི་རང་བཞིན་ཡིན།། འཇིག་རྟེན་ཆོས་བརྒྱད་དག་ལ་སེམས་ནི་མཉམ་པ་དང་།། ཏིངངེ་འཛིན་གྱི་ཚོགས་ལ་གནས་པར་འགྱུར་བ་ན།། གཽནས་ན་ཤིན་ཏུ་རྣམ་པར་དག་པར་འགྱུར་བ་སྟེ།། སྤྲོས་པའི་སྤྱོད་པ་མ་ལུས་ཡོངསུ་སྤོང་བ་ཡིན ་རྣམ་པར་རྟོག་པ་སྣ་ཚོགས་ཀྱི་ནི་དངོས་གང་བསྒྲེང་།། དེ་ནི་མཆོག་ཏུ་རྣམ་པར་དག་པའི་རང་བཞིན་མིན།། སྤྲོས་པ་དང་ནི་རྣམ་རྟོག་མ་ལུས་ཡོད་མིན་པ།། དེ་ནི་དེ་བཞིན་ཉི་མཆོག་ཏུ་རྣམ་དག་དངོས།། དེ་བཞིན་ཉིད ་ཀྱི་ཏིང་འཛིན་མེ་ཆེན་འབར་བ་སྟེ།། ཉོན་མོངས་སོག་མ་མ་ལུས་སྲེག་པར་བྱེད་པ་ཡིན།། གང་ཚེ་འཇིག་རྟེན་ཡོང་སུ་ཤེས་པར་གྱུར་པ་ནི།། དེ་ཚེ་འགྲོ་བ་ཐམས་ཅད་ན་མཁའ་བཞིན་དུ་འགྱུར།། འགྲོ་བའི་རང་བཞིན་ན་མཁའ་འདྲ་ལ་མིག ་འཕྲུལ་ཅིང་།། རྣམ་རྟོག་རབ་རིབ་ཀྱིས་རྨོངས་ལྡོངས་པར་མ་བྱེད་ཅིག། འགྲོ་བ་སྔོན་ཆད་ཅི་འདྲ་ཕྱིས་ཀྱང་དེ་འདྲ་སྟེ།། སྔ་ཕྱི་དག་དང་བར་ལ་ཁྱད་པར་ཡོད་མ་ཡིན།། རབ་རིབ་ཅན་གྱིས་ཇི་ལྟར་མཁའ་ལ་སྒྲ་མཐོང་དང་།། རྣམ་རྟོག་རབ་རིབ་འཇིག ་རྟེན་མཐོང་ལ་ཁྱུད་པར་མེད།། རྣམ་རྟོག་རང་བཞིན་མཁའ་དོང་མཉམ་པའི་རང་བཞིན་དུ།། བརྟགས་པའི་རབཞིན་མ་ལུས་པ་དག་བསྒོམ་པར་གྱིས།། སྡིག་པའི་རྣམ་སྨིན་ཆོམ་རྐུན་འཇིགས་པ་མཐོང་བ་ཡིས།། ཀྵ་ཡིས ་ཚུལ་ཁྲིམས་ནོར་ཆེན་བསྲུང་ཕྱིར་མེལ་ཚེ་བྱོས།། སྲིད་པའི་མཚན་རིངས་དག་ལ་གཏི་མུག་གཉིད་ལོག་གིས།། ཀཱ་ཡི་སེམས་ནི་བག་མེད་མ་བྱེད་མེལ་ཚེ་བྱོས།། ཉི་མ་མེད་ན་ཉིན་མོ་ཡོད་པ་མིན་པ་ལྟར།། ཚུལ་ཁྲིམས་ནོར་དང་བྲལ་ལ་བསམ་གཏན ་ག་ལ་ཡོད།། གཉིད་ལོག་པོ་ཡོ་ཁང་པར་ཆོམ་རྐུན་ཞུགས་པ་ཡིས།། ཀཱ་ཡི་ཁྱོད་ཀྱིས་ཚུལ་ཁྲིམས་ནོར་ཆེན་ཕྲོགས་ས་རེ།། སྐད་ཅིག་ཙམ་ཡང་བྱ་བ་ངན་ལ་མ་ཆགས་པར།། དེ་ཉིད་ཉི་མ་མ་ཤར་བར་དུ་མེལ་ཚེ་བྱོས།། ཇི་སྲིད་དེ་ཉིདནི ་མ་དག་ནི་ཤར་བ་ན།། དེ་སྲིད་སྲིད་པ་ནོར་བུ་བཞིན་དུ་ཅི་དགའ་སྦྱོང་།། བདག་ནི་གང་ཡིན་འགྲོ་བ་ཁྱེད་རྣམས་དེ་ཡིན་ཏེ།། རང་བཞིན་འབྱེད་པའི་ནང་གི་གནོད་པ་མ་བྱེད་ཅིག། རྣམ་རྟོག་ནང་གི་གནོད་པ་འདི་ནི་གཞོམ་བྱ་སྟེ། དུག་སྦྲུལ་ལྟ་བུའི་དེ་ནི ་བདུད་རྩིའི་རོས་ཞི་བྱ།། ནང་གི་གནོད་པ་སྦྲུལ་གདུག་མགོ་མངས་ལྟ་བུ་སྟེ།། འགྲོ་བ་མ་ལུས་སྣ་ཚོགས་རྟོག་པར་ཤིས་ནས་ནི།། དེ་བཞིན་ཉིད་དེ་བདུད་རྩི་ཆེན་པོའི་རཱྀ་ཞེས་བྱ།། རྣལ་འབྱོར་ཆེན་པོའི་སེམས་ཀྱི་ངལ་སོའི་གནས་གོ་བ་ཡིན།། བདུད ་རྩ་ཆེན་པོའི་རོ་ནི་རྟག་ཏུ་བཏུད་བྱས་ན།། བདེ་བ་ཆེན་པོའི་མྱ་ངན་འདས་མཆོག་ཤེས་པར་འགྱུར།། གཅེར་བུ་སྦྱིན་སྲེག་བྱེད་པ་བྲམ་ཟེ་མ་ཡིན་ཞིང་།། རལ་པ་འཛིན་པོ་དང་ནི་རིགས་དང་རྒྱུད་ཀྱི་མིན།། གང་ཞིག་ལུས་དང་ངག་དང་ཡིད་ནི ་ཡོངས་དག་ནཱ།། དེ་ལྟ་བུའི་བྲམ་ཟེ་ཡིན་པར་སངས་རྒྱས་གསུང་།། སྡིག་པ་བཅུ་པོ་གང་ཡིན་པ་ནི་སྤང་བྱ་ཞིང་།། དགེ་བོ་བཅུ་པོ་ཡོན་ཏན་སྟོབས་དང་ལྡན་པར་བྱ།། དམན་པའི་རིགས་སྐྱེས་ཀྱང་འདི་ནི་གང་གི་ཚེ།། མེ་ཤྲཱི་བར་དུ་ཆོས་མ ་ཡིན་པ་སྦྱང་མི་བྱ།། བཟོད་པའི་ཆོས་འཛིན་པ་ཡིས་ཁྲོ་བ་ལྔས་རྒྱལ་ཞིང་།། ཡུལ་གྱི་བདེ་བ་འདོད་པ་མ་ལུས་སྤང་བར་བྱ།། བདེ་བའི་ཆོས་ཀྱིས་མཚོ་ལ་རྟག་ཏུ་ཁྲུས་བྱ་ཞིང་།། འདུས་པའི་སྤྱན་དྲང་འཇིགས་མི་དང་གཏི་མུག་བསྐྱེད་མི་བྱ།། ཡང ་ཡང་དང་ཡང་དུ་ཀེང་རུས་གཞོན་པ་ལ་ཞོན་ཅིང་།། རྟག་ཏུ་མི་གཙང་འཛག་པ་རྨོངས་པས་མ་ཚོར་རམ།། འདོད་དོང་གཏི་མུག་ངན་འགྲོའི་ལམ་ནི་སྤང་བྱ་ཞིང་།། ཀྭ་ཡི་སེམས་ཁྱོད་རིང་གིས་རང་གི་དྲི་མ་ཁྲུས།། གུས་པས་བླ་དམ་པའི ་ཆུ་མིག་བསྟེན་བྱ་ཞིང་།། གཏི་མུག་ཆེན་པོའི་དྲི་ག་མས་གླང་གོས་ཟད་པར་བྱ།། བྷྲ་མཱའི་མན་ངག་དེ་ཉིད་ཆུ་ཡིན་པས།། དེ་བླངས་ནས་ནི་རང་ཉིད་བཀྲུ་བར་ཤེས་པར་བྱ།། སེམས་ཁྱོད་ཡོངསུ་གོ་བར་གྱིས་ལར ་ལ་ནི།། ཡོངསུ་བལྟ་ཞིང་གཏི་མུག་མན་པོ་ཆེན་པོ་སྦྱོངས།། མི་ནི་གང་ཞིག་ཐུབ་པའི་ཆོས་གཏམ་མི་ཉོན་པ།། དེ་ནི་ཆུ་དང་ནགས་ཀྱི་མི་དང་མཉམ་པ་ཡིན།། ངེས་པར་འཇིག་རྟེན་འཇིག་རྟེན་ཕ་རོལ་འགྲོ་བས་ན།། ཐུབ་པའི་ཆོས་ཀྱི་གཏམ་ནི་མཉན་པར ་བྱ་བ་ཡིན།། ཐུབ་པའི་ཆོས་ཐོས་ནས་ནི་ཆོས་མིན་གནས་མི་བྱ།། མནར་མེད་འགྲོ་ལ་སུས་ཀྱང་བཟུང་བར་མི་ནུས་པས།། ཆོས་ཐོས་ནས་ནི་ཆོས་ཀྱི་དོན་བཞིན་གང་བསྒོམ་པ།། དེས་ནི་བདེ་བར་མཐོ་རིས་ཐར་པའི་འབྲས་བུ་ཐོབ།། གཏི་མུག་མུན ་ནག་དག་ལ་ཆོས་ནི་སྒྲོན་མ་སྟེ།། སྲིད་པའི་མཚོ་ལས་སྒྲོལ་བར་བྱེད་པའི་གཟིངས་ཡིན་ནོ།། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པའི་ཚུལ་ཁྲིམས་ཀྱི་སྤྱོད་པའི་གླུར་བླངས་པ་རྫོགས་སོ།། ་པཎ་ཌི་ཏ་བཛྲ་པཱ་ཎི་དང་། ལོ་ཙ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་