| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། བྷཱུ་ཏ་ཊཱ་མ་ར་སཱ་དྷ་ནོ་པ་ཡི་ཀ། བོད་སྐད་དུ། འབྱུང་པོ་འདོལ་བྱེད་ཀྱི་སྒྲུབ་ཐབས་ཡན་ལག་དང་བཅས་པ། དཔལ་འབྱུང་པོ་འདུལ་བྱེད་ལ་ཕྱག་འཚལོ།། འབྱུང་པོའི་དྲེགས་པ་རྣམས་འཇོམས་པའི།། འདུལ་བྱེད་ཁྲོ་བོར ་འཚལ་ནས།། གདམས་ངག་ཇི་ལྟར་འབྱུང་བ་བཞི་ན།། དེ་ཉིད་སྒྲུབ་ཐབས་བཤད་པར་བ།། རེ་ཞིག་དང་པོར་དངོས་པོ་གཉིས་ལས་ཟླ་བོའི་དཀྱིལ་འཁོར་རྣམ་པར་བསྒོམ་པར་བྱ་བའོ།། དེའི་དབུས་སུ་ཧཱུཾ་འབར་བའི་ཕྲེང་བས ་དཀྲིགས་པ་བསྒོམས་ལ། སྔགས་འདི་བརྗོད་པར་བྱ་སྟེ། ཨོཾ་སིདྷི་བཛྲ་ཧཱུཾ། སྔགས་དེ་བརྗོད་པས་སོར་མོ་རྣམས་ཕན་ཚུན་དུ་མདུད་ཅིང་། མཛུབ་མོ་གཉིས་ཁབ་བཞིན་པུ་རབ་ཏུ་བརྐྱང་ལ། སྙིང་གར་ཟླ་བའི་དཀྱིལ་འཁོར་རྣམ ་པར་བསམ་པར་བྱ་བའོ།། དེ་ལ་ཐིག་ལ་དམར་པོ་དང་ལྡན་པའི་ཡི་གེ་ར་འབར་བའི་ཕྲེང་བས་ཀུན་ནས་འཁྲིགས་པར་བསྒོམས་ལ། སྡིག་པ་ཐམས་ཅད་འཇོམས་པར་བྱེད་པའི་སྔགས་འདི་བརྗོད་པར་བྱ་སྟེ། ཨོཾ་ཧ་ན་བི་དྷྭཾ་ས ་དྷི་ས་ཡ་ནཱ་ཤ་ཡཽ་ནཱ་ཤ་ཡ་པཱ་པཾ་ཧཱུཾ་ཕཊ། དེ་ནས་དེའི་རྗེས་ཐོགས་ལ་སྟོང་པ་ཉིད་བསྒོམས་ལ། ཀུན་དཱ་དང་ཤེལ་དང་མཚུངས་པར་མདུན་དུ་བལྟ་བར་བྱ་བའོ།། དེའི་དབུས་སུཾ་ཡི་གེ་ཧཱུཾ་དང་ཡི་གེ་ཧྲཱིཿཡོངསུ་གྱུར་པ་ལས་པདྨ་འདས ་མ་བརྒྱད་པ་རྣམ་པར་བསམ་པར་བྱ་བའོ།། དེའི་སྟེང་དུ་ཡི་གེ་ཨ་ལས་ངེས་པར་བྱུང་བའི་ཟླ་བའི་དཀྱིལ་འཁོར་རོ།། དེ་ཉིད་ལ་འབར་བའི་ཕྲེང་བས་ཀུན་ནས་བཀྲིགས་པའི་ཡི་གེ་ཧཱུཾ་རྣམ་པར་བསྒོམས་ལ། ཁྲོ་བོ་འཇུག་པར ་བྱེད་པའི་སྔགས་དང་ཕྱག་རྒྱས་ཀུན་ནས་གཞུགས་པར་བྱ་སྟེ། ཕན་ཚུན་གཉིས་ཁུ་ཚུར་བཅིངས་ལ་མཛུབ་མོ་གཉིས་མདུད་པར་བྱ་བའོ།། ཨོཾ་ཀྲོ་དྷཱ་བེ་ཤཾ་ཧཱུཾ་ཧཱུཾ་ཧཱུ~ཾ་ཨཱཿདེ་དག་གི་འོད་ཟེར་རྣམས་ཀྱིས་ལེགས་པར་བསྐུལ་ཞིང ་བཀུག་ནས། ཀུན་ནས་དེ་ཉིད་ལ་ཁྲོ་བོའི་སྐུ་དུ་མ་ལེགས་པར་བཞུགས་པར་བསམ་པར་བྱ་བའོ།། དེ་ནས་བསོད་ནམས་དང་ཡི་ཤེས་ཀྱི་ཚོགས་མངོན་པར་འཕེལ་བ་ལས་འབར་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་འོད་ཟེར་དུ་མེ་དང་ལྡན ་པའི་འབར་བའི་ཕྲེང་བས་ཀུན་ནས་འཁྲིགས་པ་རྣམ་པར་བསྒོམ་པར་བྱ་བའོ།། རྡོ་རྗེ་དེ་ལོས་ཁྲོ་བོ་དུ་མ་ལ་སོགས་པ་ཕྱོགས་བཅུ་རྣམ་སུ་འཕྲོས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫུ་འཕྲུལ་ལ་སོགས་པ་བྱས་པར ་བལྟས་ལ། ཕྱག་རྒྱ་དེ་ཉིད་ཀྱི་མངོན་དུ་ཕྱོགས་པར་བཀུག་ཅིང་། སྔགས་ཀྱང་བརྗོད་པས་རྡོ་རྗེ་དེ་ལ་ཞུགས་པར་བསམ་པར་བྱ་བའོ།། ཨོཾ་ཛཱ་ཎཱཾ་ཞུགས་ཤིང་ཞུགས་ལ་ཕོབ་ཅིག། ཧཱུཾ་དེ་ནས་ནི། ཁྲོ་བོ་ཆེན ་པོའི་སྐུར་བདག་ཉིད་བལྟ་བར་བྱ་སྟེ། དྲག་པོ་འབར་བའི་ཕྲེང་བས་ཀུན་ནས་བཀྲིགས་པར་གྱུར་པའི་གཟི་བརྗིད་དང་ལྡན་པ། ཕྱག་བཞི་པ། ཝ~ཾབོ་ཆེན་པོའི་འོད་ཟེར།། ཨིནྡྲ་ནཱི་ལ་དང་མཚུངས་པ། གཡས ་གསོར་བར་མཛད།། བསྡིགས་མཛུས་མཛད་པ་གཡོན་པ་སྟེ།། ཞལ་ནི་མཆེ་བ་གཙིགས་པ་དང་།། ཀླུ་བརྒྱད་ཀྱིས་ནི་རྣམ་པར་བརྒྱན།། མཐའ་ཡས་ནི་ཚངས་པའི་སྐུད་པའོ།། ནོར་རྒྱ་ལ་ནི་སྨད་ཀའོ།། དུང་སྐྱོང ་ལག་གདུབ་སྟེ་གཞན་ནོ།། ད་དག་རྣམས་ནི་དཀར་པོའོ།། ཕྱག་ཡོན་པ་ལ་ནི་རིགས་ལྡན་ལག་གདུབ་སྟེ། ཁ་དོག་དམར་པོའོ།། དགའ་བོ་དང་ནི་ཉེ་དགའ་གཉིས་ནི་རྨཱ་གདུབ་བོ།། མགུལ་བ་ལ་ནི་ཏཀྵ་ཀའོ།། ད་པུ ་རྐན་ནི་གཞན་དག་སྟེ། དེ་དག་རྣམས་ནི་སེར་པོའོ།། པདྨ་དང་པདྨ་ཆེན་པོ་དམར་པོ་ནི་ཏཾ་རྒྱན་ནོ།། འཇོག་པོ་ནག་པོ་ནི་མགོ་བོའི་ཐོང་ངོ་།། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན།། འཇིག་རྟེན་གསུམ་ཡང ་པར་མཛད།། འཛགས་པའི་ག་རྒྱངས་ཆེན་པོ་ཅན།། འཇིག་རྟེན་གསུམ་པོ་བྱིན་རློབ་རྗེ།། གཡས་བསྐམའབས་ཀྱིས་ལེགས་གནས་པས།། གཞན་གྱིས་མི་ཐུབ་ཞབས་གནན་ནས།། ཉི་མ་བྱེ་བའི་གཟི ་བཎྜི་ཅར། ཕྱག་རྒྱ་བཅིངས་པས་གནས་པ་སྟེ།། སྲིན་ལག་གཉིས་ནི་མདུད་བྱས་འདི་།། མཛུབ་མོ་གཉིས་ནི་མདུད་བྱས་ཤིང་།། མཛུབ་མ་གཉིས་ན་བཀུག་བྱས་ཏེ།། མཐེའ་ཆུང་གཉིས་གུང་མོ་ཉིད ་དག་ཀྱང་།། མཐེ་བོང་དག་གིས་མནན་བྱས་པའི།། ཕྱག་རྒྱའི་མཆོག་གྱུར་དཔལ་ལྡན་འདིས།། འཇིག་རྟེན་གསུམ་གྱི་རྒྱལ་སྲིད་སྒྲུབ།། དེ་ནས་ཁྲོ་བོའི་མངའ་བདག་ཁྲོ་བོའི་རྒྱལ་པོའི་སྔགས་དང་ཕྱག་རྒྱས ་ཡན་ལག་དྲུག་ལ་རྣམ་པར་དགོད་པར་བ་སྟེ། ཕན་ཚུན་གཉིས་ཁུ་ཚུར་བཅངས་ལ་གུང་མོ་གཉིས་ལེགས་པར་བརྐྱང་བར་གྱུར་པ་ནི་མགོ་བོའི་ཕྱག་རྒྱའོ།། སྔགས་ནི། ཨོཾ་ཧ་ན་བཛྲ་ཧཱུ~ཾ། ཕྱག་རྒྱ་འདི་ཉིད་ལ ་གུང་མོ་གཉིས་བཅུག་ལ། མཛུབ་མོ་གཉིས་བསྒྲེང་བ་ནི་སྤྱི་བོའི་ཕྱག་རྒྱའོ།། སྔགས་ནི། ཨོཾ་ད་ཧ་བཛྲ་ཧཱུ~ཾ། ཕྱག་རྒྱ་འདི་ཉིད་ལ། མཐེ་བོང་གཉིས་ངོས་ལ་སྦྱར་ལ།། མཐེ་བོང་གཡས་པ་ནི་མིག་གཡས ་བཱཔའོ།། མཐེ་བདྨ་གཡོན་པ་ནི་མཱ་ག་གཡོན་པ་ལའོ།། ཨོཾ་གསལ་བའི་རྡོ་རྗེ་ཧཱུ~ཾ། ཕན་ཚུནཱ་གཉི་ག་ཁུ་ཚུར་བཅང་སྲྀ་ལཱ་མཐེའུ་ཆུང་གཉིས་མདུད་ཅིང་། མཛུ་གུ་གོཉིས་བརྐྱང་བ་ནི།། སྙིང་གའི་ཕྱག་རྒྱ་སྟེ། སྔགས ་ནི། ཨོཾ་བཛྲ་རོ་ཥ་ཧཱུཾ། ཕྱག་རྒྱ་འདི་ཉིད་ལ་མཛུབ་མོ་གཉིས་རྩ་སྤྲད་ནས་བཀུག་པ་ནི་གོ་ཆའི་ཕྱག་རྒྱའོ།། སྔགས་ནི། ཨོཾ་དྲི་ཌ་བཛྲི་ཧཱུ~ཾ། མཛུབ་མོ་གཉིས་རབ་བྱ་བརྐྱང་བ་ནི་མཚོན་ཆའི་ཕྱག་རྒྱའོ།། ཨོཾ་ཧ་ན་ད་ཧ་པ་ཙ་ཀྲོདྷ ་བཛྲ་སརྦ་དུཉྫ་ནཱ་མ་ར་ཡ་ཧཱུཾ་ཕཊ། དེ་ནས་རྡོ་རྗེའི་ཁྲོ་བོ་ཀུན་ནཱས་སྤྱན་དྲང་བར་བྱཱ་སྟེ། ཕན་ཚུན་གཉི་ག་ཐ་དད་མེད་བྱས་ལ་མཛུབ་མོ་གཉིས་བཀུག་པས། ཨོཾ་རྡོ་རྗེ་ཁྲོ་བོའི་དམ་ཚིག་རྗེས་སུ་བསྐྱང་བའི ་དོན་དུ་མྱུར་དུ་ཀུན་ནས་སྤྱོད་ཅིང་། ཧྲཱིཿཛཿཧཱུཾ་ཕོཊྚ་སྭཱ་ཧཱ། དེ་ནས་ནརྀ་མཆོད་ཡོན་ཏེ། སྙིམ་པ་ཁཾ་གྱེན་དུ་ཕྱེ་ལ་མཐེ་བོང་གཉིས་ངོ་སྡེ་ལ་སྦྱར་བར་བྱ་བའོ།། ཨོཾ་བཅོམ་ལྡན་འདསྟེ་རྡོ་རྗེ་ཁྲོ་བོ་ཆེན་པོ་ལྷ་ཐམས་ཅདངྒ་ར་ཏུ། ་བཞེད་པོའི་མཆོད་ཡོན་ལོགས་པར་བཞེས་ཤིག་ཧཱུཾ་ཨེཿདེ་ནས་ནི་གདན་དབུལ་བར་བྱ་སྟེ། ལག་པ་གཡོན་པ་ཁ་གྱེན་དུ་བསྟན་ལ་མཐེ་བོང་བསྒྲེད་པར་བྱ་ཞིང་། ལག་པ་གཡས་པའི་ཁུ་ཚུར་གྱིས་ལག་པ་གཡོན་པའི་མཐོ ་བོང་བུརྡུངས་ལ། མཐེ་བོང་གཡས་པ་སླང་སྟེ། ཨོཾ་ཛི་ལཱ་ཛ་ཡ་ཁྲོ་བོའི་མངའ་བདག་ཚནྡོ་པ~ཾ་ཁྲོ་བོའི་རྒྱལ་པོ་འབྱུང་བའི་གདན་འདི་གཟིགས་ལ་ལེགས་པར་བཟུང་དུ་གསོལ་སྭཱ་ཧཱ། ཐལ་མོ་ཁ་སྦྱོར་དུ་བསྡམས་ལ་སོར་མོ་ཐ ་ཅད་སོ་སོར་ཕྱེ་བ་ནི་པདྨའི་ཕྱག་རྒྱར་བརྗོད་དེ། གདན་གྱི་ཕྱག་རྒྱའོ།། སྔགས་ནི། ཨོཾ་ལྷ་ཐམས་ཅད་པདྨའི་སྲིད་པ་མཆོག་ལ་གཞུགས་པས་སྭཱ་ཧཱ། དེ་ནས་ནི་ཀུན་ཏུ་བསྐྲད་པར་བྱ་སྟེ། ཁུ་ཚུར་གཡས་གཡོན་གཉིས ་བཅངས་ལ་མཐེ་བོང་རབ་ཏུ་བརྐྱང་བའི་ཁུ་ཚུར་གཡོན་པ་སྙིང་གར་གཞག་ཅིང་། ཁུ་ཚུར་གཡས་པ་ཐལ་ལྕག་གིས་སྟབས་ཀྱིས་གྱེན་ལ་བསྟེག་པས་སྔགས་བརྗོད་པར་བྱ་སྟེ། ཨོཾ་གདུག་པ་ཐམས་ཅད་རླག ་པར་གྱིས་ཤིག། ད་ཧ་པ་རྩ་གདུག་པ་ཅན་རྣམས་ཐལ་བར་ལྟོགས་ཤིག་ཧཱུཾ་ཧཱུཾ་ཕཊ་ཕཊ། དྭེ་ནས་ཡང་སྔགས་འདིས་ཕྱོགས་བཅིང་བར་བྱ་སྟེ། ཕན་ཚུན་གཉི་ག་སོ་སོར་ཁུ་ཚུར་བཅངས་ལ་མཛུབ་མོ་གཡོན ་པརབ་ཏུ་བརྐྱང་བ་དབྱུང་པ་གཡས་པའི་རྩཝ་བརླ་གཏད་ལ་མཐེ་བོང་གཡས་མཐེའུ་ཆུང་གྷི་སོར་མོ་མནན་ཞིང་སོར་མོ་ལྷག་མ་ལེགས་པར་བརྐྱང་བས། ཕྱོགས་བཅུར་བསྐོར་བར་བྱ་བའོ།། ཨོཾ་རྡོ་རྗེའི ་བོ་གཏུམ་པོ་ཆེན་པོ་ཕྱོགས་བཅུ་ཚུངས་ཤིག་ཆིངས་ཤིག་ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་ནས་རྡོ་རྗེ་ག་སྣོར་ཞིང་འདི་སྐད་བརྗོད་པར་བྱ་སྟེ། ཁྲོ་རྒྱལ་ཆེན་པོ་གྲུབ་པ་དང་། གྲུབ་པའི་དམ་ཚིག་བསྟན་པ་དང་། གྲུབ་པའི ་ལྷ་རྣམས་ཀུན་གྱིས་ཀྱང་། དངོས་གྲུབ་བླ་མེད་བདག་མྱུ་མོ་མཛོད། ཁྲོ་བོའི་རྒྱལ་པོའི་ཕྱག་རྒྱ་དམ་ཚིག་བཅིངས་ལ། ཧཱུ~ཾ་བཛྲ་ཕྱུན་བྱ་བས་དམ་ཚིག་བརྟན་པར་བྱ་བའོ།། དེ་ནས་བཅོམ་ལྡན་འདས ་ལ་མཆོད་པ་བྱས་ལ་ཁྲོ་བོ་ཀུན་ནས་འཇུག་པའི་ཕྱག་རྒྱ་བཅིངས་པས་རྡོ་རྗེའི་ཁྲོ་བོའི་རང་གི་ལུས་ལ་ལེགས་པར་བཞུགས་པར་བྱ་སྟེ། ཨོཾ་ལོགས་པར་ཞུགས་ཤིག། ཁྲོ་བོ་ཧཱུ~ཾ་ཧཱུ~ཾ་ཧཱུཾ་ཨཿའབར་བའི་ཕྲེང་བས་ཀཱ ་ནས་དཀྲིགས་པ། འཇིགས་པར་བྱེད་པའི་རྡོ་རྗེ་ཨོཾཿརང་གི་ལུས་ཀྱི་ནང་དུ་བསྲེས་ལ་གོ་ཆ་ལ་སོགས་པ་ཡང་བགོས་ཏེ། དེ་དག་ཐམས་ཅད་ཆུབ་པར་བྱ་བའི་དོན་དུ་ཐལ་མོ་ཁ་སྦྱར་ལ། ཀུན་ཆུབ་པར་བྱ་བའི་སྔགས ་བརྗོད་པར་བྱ་བ་ནི། ཨོཾ་གྲུབ་པའི་རྡོ་རྗེ་ཨཱ་པུ་ར་ཡ་ཨཱ་པུ་ར་ཡ། བྱ་བ་འདིས་ལྷག་པ་དུང་ཆད་པ་ཐམས་ཅད་ཡོངསུ་དག་པར་འགྱུརརོ།། དེ་ནས་རྡོ་རྗེ་ཁྲོ་བོ་ནི་ང་ཡིན་ཞེས་བྱ་བའི་ང་རྒྱལ་བསྐྱེད་ལ།། ་དངོས་གྲུབ་རྣམས་ཐམས་ཅད་ཀུན་ནས་དགུག་པར་བྱ་སྟེ། ཕྲན་ཚུན་དུ་ཁུ་ཚུར་བཙོངས་ལ་མཐེའུ་གཉིས་མདུད་པར་བྱ་ཞིང་། མཛུབ་མོ་ངག་རབ་ཏུ་བརྐྱང་བ་དཀུག་པར་གྱུར་པས། ཅུང་ཟད་བསྐྱོད་པར་བྱ་བའོ།། ཨོཾ ་རྡོ་རྗེ་ཁྲོས་པའི་ཁོ་བོ་དངོས་གྲུབ་རྣམས་ཁུག་ཅིག་ཧཱུ~ཾ་ཛོཿབྱ་བའི་སྔགས་འདིསོ།། དེ་ནས་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་གནས་པར་རྣམ་པར་བསམ་པར་བྱ་བ་ནི་མགོ་གྱེན་དུ་བལྟས་པའི་ཡི་གེ་འདི་དག་རྣམས་ཏེ། ་མཐིང་ནག་གི་ཁོར་ཡུག་དང་འདྲ་བའི་ཕྲེང་བར་གྱུར་པ། ཧཱུ~ཾ་བཛྲ་ཕཊའོ།། དེ་ལས་རང་ཉིད་ཀྱི་བ་སྤུའི་ཁུང་བུ་རྣམས་ནས་ཁྲོ་བོའི་ཚོགས་རྣམས་སྤྲོ་བ་དང་། ལེགས་པར་སྡུད་པར་བྱེད་པར་རྣམ་པར་བསམ་མོ།། སྒོམ་པས་སྐྱོན་ནི་བཟླས ་པར་བརྩམ་པར་བྱ་སྟེ། དེ་ཡིད་ལ་བྱེད་ཅིང་ཡི་གེ་ལ་གཅིག་ཏུ་སེམས་པསོ།། བཟླས་པས་དུབ་ནི་ནི་ཁྲོ་བོའི་སྐུ་རྣམས་རང་གི་སྙིང་གའི་ནང་དུ་བསྟིམས་ལ། ཐལ་མོ་སྦྱར་བ་བྱས་པས་དངོས་གྲུབ་རྣམས་ཐམས་ཅད་དོན་དུ་གཉེར་བར ་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་གྲུབ་པི་རྡོས་ཀུན་ནས་རྫོགས་པར་མཛད་པས་དངོས་གྲུབ་ཐམས་ཅད་བདག་ལ་གསོལ་ཅིག་ཧཱུ~ཾ་ཛཿདེ་ནས་པདྨའི་ཕྱག་རྒྱ་བྱོས་ལ་མཐེ་བོང་གཉིས་བསྐྱོད་པར་བྱ་བ་ནི། ལྷ་རྣམས་ཐམས ་ཅད་གཤེགས་སུ་གསོལ་བའི་ཕྱག་རྒྱའོ།། སྔགས་ནི། ཨོཾ་ས་ར་ས་ར་བི་ས་རཱ་བི་ས་རཱ་གཱཙྪ་གཱཙྪ་ལྷ་རྣམས་ཐམས་ཅད་དེ། དཔལ་རྡོ་རྗེ་འཛིན་པས་ཡང་དག་པར་བཀའ་བསྒོ་བ་ཡི་ནོ།། སྭཱ་ཧཱ། དེ་ནས་ནི་རང་གི་ལུས་ལ་གོ་ཆ་བགོས ་ལ། ཁྲོ་བོའི་ང་རྒྱལ་དང་ལྡན་པའི་ཡིད་ཀྱིས་ཇི་ལྟར་བདེ་བར་རྒྱུ་བར་བྱ་བའོ།། རིམ་པ་འདི་ཉིད་ཀྱིས་སྔགས་འབུམ་ཕྲག་གཅིག་བཟླས་པས་ནི་མྱུར་དུ་འགྲུབ་པར་འགྱུར་རོ།། གལ་ཏེ་སྔགས་པ་དབང་བསྐུར་ཞིང་རྗེསུ་གནང་བ་དང་། སྔོན ་དུ་འགྲོ་བ་ཡང་བྱ་སྟེ། རྡོ་རྗེ་འཛིན་པ་བསྒྲུབ་པར་འདོད་པས་ནི། ཟླ་བ་གཅིག་ཏུ་ཐུན་གསུམ་ལ་སྟོང་ཕྲག་གཅིག་བཟླས་པར་བྱ་བའོ།། དེ་ནས་ཟླ་བ་ཉ་ལ་ནི་ཕུན་སུམ་ཚོགས་པ་ཇི་བལྟ་བ་བཞིན་དུ་མཆོད་པ་བྱས་ལ་ཤིན་ཏུ་མཉམ་པར ་བཞག་པས་ཁྲོ་བོའི་ཕྱག་རྒྱ་བཅིངས་ཏེ། མཚན་ཐོག་ཐག་བཟླས་པར་བྱ་བའོ།། དེ་ནས་ན་མཁའ་བྱུང་བ་དང་ནི་ས་གཡོ་བ་དང་། ཕྱག་རྒྱ་འབབ་པར་འགྱུ་རོ།། འབ་པ་ཙམ་གྱིས་རྡོ་རྗེ་འཛིན་པ་དང་འདྲ་བར་འགྱུར་ཞིང་།། རྒ་བ་མེད་པ་དང ་འཆི་བ་མེད་པ་དང་། ལྷོའི་ལུསུ་འགྱུར་རོ།། ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་སྩལ་ཏོ།། མདོར་བསྡུས་ཤིང་ལེགས་པར་རྫོགས་ལོ་རྣམ་པར་གསལ་བ་དང་། རིམ་པ་ལོགས་པར་འབྲེལ་བས་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་ཡན ་ལག་དང་བཅས་པ་སེམས་ཅན་མཐའ་དག་བསྒྲལ་བར་བྱ་བའི་དོན་དུ་འཇིག་རྟེན་གསུམ་གྱི་རྡོ་རྗེས་མཛེས་པར་བསྡེབས་པ་རྫོག་སོ།། །། པཎྜི་ཏ་ཨ་བྷ་ཡ་ལ་སོགས་པའི་ཞལ་སྔ་ནས། དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས ་བསྒྱུར་བའོ།། །། རྒྱ་གར་སྐད་དུ། མཱ་ཧཱ་ཀཱ་ལ་སཱ་དྷ་ནཾ། བོད་སྐད་དུ། མགོན་པོ་ནཱག་པོའི་སྒྲུབ་ཐབས། དེ་ཁོ་ན་བཞིན་དུ་སྔར་བཤད་པའི་རིམ་པས་སྟོང་པ་ཉིད་བསྒོམས་པའི་རྗེས་ཐོགས་ལ། སྱཱ ་