| Wylie | e-texts produced with BDRC’s OCR application |
ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །། རྒྱུ་གར་སྐད་དུ། ཤྲཱི་བྷྲྀ་ཏི་ཌཱི་མ་རཱ་སཾ་ཀཱི་པ་ཏ་སཱ་དྷ་ནཾ། བོད་སྐད་དུ། དཔལ་འབྱུང་པོ་འདུལ་བྱེད་ཀྱི་མདོར་བསྡུས་པའི་སྒྲུབ་ཐབས། འབྱུང་པོ་འདུལ་བྱེད ་ལ་ཕྱག་འཆེ་ལོ།། ཚངས་པ་བརྒྱ་བྱིན་ཀུ་བེ་ར་སོགས་རྣམས།། དྲེགས་པ་རྣམས་འཇོམས་པ་ལ་མཁས་གྱུར་པའི།། དཔལ་ལྡན་འབྱུང་པོ་འདུལ་བྱེད་ལ་བཏུང་ནས།། དེ་ཡི་སྒྲུབ་པའི་ཟླ་བས་ནོ་བྲི་བར་བྱ།། ཡང་དྲག་གདམས་ངག་མདོར ་བསྡུས་རྣམ་དག་པ།། མདོར་བསྡུས་ལ་དགའ་རྣམས་ལ་མཛེས་བརྗོད་པའི།། གནོད་སྦྱིན་བྱ་སོགས་ཡང་དག་སྒྲུབ་བྱེད་པ།། བདག་སྙིང་གཅིག་ཏུ་ངོ་མཚར་སྐྱེས་ཕྱི་རོ།། དང་པོར་རེ་ཤོག་སྔགས་པས་རང་གི་སྙིང་གའི་ཟླ་བ་ལ་སྣ་ཚོགས ་རྣམ་པར་གསལ་བར་བྱེད་པའི་འོད་ཟེར་གྱིས་ལུས་ཀུན་ནས་གང་བར་གྱུར་པའི་རཾ་གི་ས་བོན་དམར་པོ་རྣམ་པར་བསམ་པར་བྱ་བའོ།། དེ་ནས་དེ་ལས་ཀུན་ནས་འཕྲོས་པའི་ལྕགས་ཀྱུའི་རྣམ་པཱ་སྭཱ་སྤྱན་དྲངས་ལ། ་མདུན་དུ་འདུལ་བྱེད་ལགས་པར་མངོན་པར་མཆོད་པར་བྱ་ཞིང་བླ་ན་མེད་པའི་མཆོད་པ་རྣམ་པ་བདུན་དང་། སྟོང་པ་ཉིད་ཀྱང་བསྒོམ་པར་བྱ་བའོ།། དེ་ནས་ཀུན་ད་དང་མཚུངས་དྲི་མེད་རྣམ་གསལ་ཟླ་བའི་སྟེང་གི་ནི།། དབུས་ནི་ཐིག ་ལོའི་ཞལ་སྡེ་ནས་མཚུངསྭ་ཧཱུ~ཾ་གཱི་རྣམ་པ་སྟེ།། ཀུན་ནས་གོས་ལ་བྱས་མ་ལུས་ཡོངས་གྱུར་པས་ནི་ཡང་དག་པའི།། སྣ་ཚོགས་པདྨ་འདབ་མཽ་བརྒྱུད་པ་ལེགས་པར་བལྟ་བར་བྱ།། དེ་ནས་དེའི་དབུ་སུ་ཡི་གེ་ཨ་ཡོངསུ་གྱུར་པ་ལ་ཟླ་བོ ་དཀྱིལ་འཁོར་གྱི་སྟེང་དུ་ཡི་གི་ཧཱུཾ་ལྟེ་བར་གྱུར་པའོ།། ཡི་གེ་ཧཱུཾ་ཡོངསུ་གྱུར་པ་མཐི་ནག་འབར་བའི་རྡོ་རྗེ་རྣམ་པར་བསྒོམ་པར་བྱ་བའོ།། དེ་དག་ཡོངསུ་གྱུར་པ་ལས་སྐད་ཅིག་གིས་བལྟ་བར་བྱ་བ་ནི།། ཞལ་རྣམ་པར་བསྒྱུར། ་ཞིང་འགྱིང་བ། འབྱུང་པོ་རྣམས་ཀུན་ནས་སྒེག་པར་མཛད་པོའི་རང་བཞིན་ཅན། སྐྱེ་དགུ་རྣམས་ལ་ཕྲན་པར་བྱེད་པ་དང་། བྱེད་པ་པོ་དང་། ཁྱབ་པ་ཆགས་པའི་རྒྱུ་གཅིག་པུར་གྱུར་པ། ཁྱབ་འཇུག་དང་། དབང་ཕྱུག་དང་། སྨིན་དྲུག ་དང་། དྲག་པོ་དང་། བདུད་རྣམས་ལ་གཅིག་ཏུ་དཔའ་བ། ཞལ་ཅུང་ཟད་ཙམ་ཚམས་གཅིག་པ། ཁྲོ་བོའི་དྲ་བ་རྣམ་པར་སྤྲོ་བར་མཛད་པ། སྐུ་མདོག་མཐིང་ནག་སྐྲ་སེར་པོ་གྱེན་དུ་འཁྱིལ་པ་བཀྱིགས་པ་ན་བཟའ་སྔོན་པོ་སྐུ་ལ་མནགས ་པ། གཡས་པས་རྡོ་རྗེ་བསྣམས་པ། གཡོན་པས་ཞགས་པ་བསྣམས་ཤིང་སྡིགས་མཛུབ་མཛད་པ། ཐོད་པ་ལྔའི་དབུ་རྒྱན་དང་ལྡན་པ། གཡོན་པས་རྩ་གསུམ་དང་ཐོད་པ་བསྣམས་པ། གཡས་པས་ཊཱ་མ་རུ་དང་གྲི ་གུག་བསྣམས་པ། རལ་པ་སྔར་པོ་དང་ཅོད་པན་དང་ལྡན་པ། སྤྱན་གསུམ་པ། སྨེ་ག་གི་པགས་པའི་བཤམ་ཐབས་ཅན། འབྱུང་པོའི་མངའ་བདག་དཀར་པོ་གཞན་གྱིས་མི་ཐུབ་པོ། གཡས་བསྐམས་པའི་ཞབས་ཀྱིས ་ཀུན་ནས་མནན་པ། ཕྱག་གཉིས་སྙོམས་པར་སྦྲེལ་པའི་ཕྱག་རྒྱོ་དང་ལྡན་པ་ནི། དཔལ་འབྱུང་པོ་འདུལ་བྱེད།། དེ་ལ་ཕྱག་རྒྱ་ནི་འདི་ཡིན་ཏེ། སྲིན་ལག་གཉིས་མདུད་ཅིང་མཛུབ་མོ་གཉིས་ཅུང་ཟོད་ཀུག་ལ་མཐེའུ་ཆུང་དང ་གུང་མོ་དྲག་ཀྱང་མཐེ་བོང་གི་སྦྲེལ་བུར་བྱེད་པའོ།། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ་སྟེ། དེ་ལ་མགོ་བོ་ལ་དཀྲིས་པ་ནི་འཇོག་པོ་སྔོན་པོ། མགུལ་པའི་རྒྱན་ནི་ཏཀྵ་ཀ་དམར་པོ། དགའ་བོ་དང་ཉེ་དགའུ་ནི་རྣ་བའི་གདུབ་ཀོར་ཏེ། གཅིག་ཏུ ་སེར་བ་ཉིད་དོ།། ཚངས་པའི་སྐུད་པ་ནི་མཐའ་ཡས་དཀར་པོའོ།། རྐེད་ཀའི་ཐ་གུ་ནི་ནོར་རྒྱས་སྐྱ་བོའོ།། ཕྱག་རྒྱའི་ཕྱག་གཉིས་ནི་རིགས་ལྡན་ཏེ། ཁ་དོག་དམར་པོའོ།། དེ་བཞིན་དུ་དེ་ལས་གཞན་པའི་ཕྱག་དག་ཀྱང་དུང་སྐྱོང་དཀར་པོསོ།། ་རྐང་གདུབ་ནི་པདྨ་དང་པདྨ་ཆེན་པོ་སྟེ། གཅིག་ཏུ་དམར་བ་ཁོ་ནའོ།། སྤྱན་གཉིས་དམར་དང་དེ་ལྟར་གྱུར་པ་ཡི།། དཔལ་ལྡན་འབྱུང་པོ་འདུལ་བར་བྱེད་པ་ནི།། འཇིག་རྟེན་དོན་ལ་གཅིག་ཏུ་ཕྱད་ཆ་བའི།། ཤིན་ཏུ་ཁྲོས་པར་གྱུར་པ་བསམ ་པར་བྱ།། སྙིང་ཀ་དང་། མགུལ་བ་དང་། མཛོད་སྤུ་དང་། སྤྱི་བོ་རྣམས་སུ་རྟག་ཏུ་སྲུང་བར་བྱ་བའི་དོན་དུ་ཕྱག་རྒྱས་གཏུག་པར་བྱ་བའོ།། བསམ་གཏན་གྱིས་སྐྱོ་བར་གྱུར་ན་རྡོ་རྗེའི་ཚིག་གམ། ཁྲོ་བའི་ཚིག་གིས་སྔག་མཾ ་བཟླས་པར་བྱ་བའོ།། སྔགས་ནི་ཧཱུ~ཾ་ཨོཾ་བཛྲ་ཕཊ་ཅེས་བྱ་བའོ།། ཡོན་ཏན་ལྡན་པས་དོན་གཉེར་ནས་ནི་འདི་ནི་གང་ཕྱིར་གསལ་བྱས་པ།། རྣམ་པར་སྣང་མཛོད་བདག་གིས་འདི་ལས་དགེ་བ་གང་དག་ཐོབ་པ་དེས།། འཇིག་རྟེན་གསུམ་གྱི་འཇིག ་རྟེན་པ་རྣམས་དྲི་མེ་མ་ལུས་ཟད་པར་ཤོག། དཔལ་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་མདོར་བསྡུས་པ་རྫོགསོ།། །། མཁས་པ་ཨཱ་ལ་སོགས་པ་ལུས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ་