| Wylie | e-texts produced with BDRC’s OCR application |
རྡོ་རྗེ་གདན་གྱི་སྐུའི་འགྱེམ་པ་བཞུགས། ་རྒྱ་གར་སྐད་དུ། བཛྲ་ཨཱ་ས་ན་བཛྲ་གཱི་ཏི་པྲྀཏྟི། བོད་སྐད་དུ། རྡོ་རྗེ་གདན་གྱི་རྡོ་རྗེའི་གླུའི་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་པ་ལ་ཕྱག་འཚལ་ལོ།། སྐྱེ་ལ་སོགས་པའི་རྦ་རླབས་འཁྲིགས།། སྲིད་པའི་སྡུག་བསྔལ་སེལ ་མཛད་ཅིང་།། ཐུགས་རྗེས་ཡིད་བཞིན་ནོར་ལྟར་ར་སྐོང་བ།། རྗེ་བཅུ་ནི་སྒྲོལ་མ་དེ་ལ་ཕྱག་འཚལ་ལོ།། ཆུའི་ནང་གི་ཟླ་བ་ལྔར།། གར་དགུའི་ཉམས་དང་ལྡན་པ་སྟེ།། སྟོན་པའི་གཙོ་བོ་ཁྲག་འཐུང་དཔལ།། དཔའ་བོའི་རྒྱལ་པོས་རྟག་ཏུ་སྐྱོང་གྱུར་ཅིག། འཁྲུལ ་འཁོར་མི་བཟང་དབང་གིས་རྟག་ཏུ་འཁོར།། མིག་བྲལ་ལམ་ནོར་རྣམས་ལ་ཕན་པའི་ཕྱིར།། ངེས་དོན་ཟབ་མོ་བརྒྱུད་པའི་རིམ།། བླ་མའི་ལུང་བཞིན་བྲི་བར་བྱ།། དཔལ་ལྡན་རྡོ་རྗེ་གདན་སྤོར་སངས་རྒྱས་དང་ཞེས་བྱ་བ་ལ་སོགས་པས་མཆོད་པར་བརྗོད་པ་ཡིན་ཏེ། ་དེའི་ཡུལ་ནི་གཉིས་ཏེ། དཀོན་མཆོག་གསུམ་དང་། དེའི་རྒྱུ་བླ་མའོ།། དེ་ལ་སངས་རྒྱས་སྨོས་པ་ས་ལམ་ཆོས་དཀོན་མཆོག་དང་། རྟེན་དགེ་འདུན་དཀོན་མཆོག་ཤུགས་ཀྱིས་ཤེས་པར་བྱའོ།། དེ་ནི་རྒྱུ་འབྲས་དང་རྟེན་གྱི་རང་བཞིན་ཡིན་པའི་ཕྱིར། དེའི་རག ་ལས་པ་བླ་མ་ཡིན་པས་དེའི་ཕྱིར་བླ་མ་རྡོ་རྗེ་འཛིན་དངོས་བདག་ཉིད་ཅན་ཞེས་བྱ་སྟེ། རང་བཞིན་ལ་ཐ་དད་པ་མེད་པ་དང་། དེའི་རྒྱུ་ཡིན་པའི་ཕྱིར་རོ།། ཟབ་པའི་དོན་ལྡན་གླུ་འདི་སྟོན་འགྱུར་བ།། ཡོ་ན་ཏན་ཀུན་རྫོགས་ཞེས་བྱ་སྟེ། ལྷན་ཅིག་སྐྱེས་པའི ་དོན་གསལ་བ་དེ་ན་རྒྱ་མཚོ་ལྟར་ཟབ་ལ། དེའི་དོན་རྣལ་དུ་མཚོན་པས་གླུ་ཞེས་བྱའོ།། ཡོན་ཏན་ཀུན་རྫོགས་ཞེས་བྱ་བ་ལ་བླ་མའི་ཡོན་ཏན་བཤད་པ་མ་ལུས་པ་རྫོགས་པ་དང་དེ་ལ་རང་བཞིན་གྱིས་སངས་རྒྱས་ཀྱི་ཡོན་ཏན་རྫོགས་པས་དེ་སྐད་ཅེས་བྱའོ།། ་དེའི་དམ་པ་སྟེ་དེ་ལ་མཆོད་པར་བརྗོད་པའོ།། དེ་ནི་གཟུང་བ་ཤུང་བའི་ཕྱིར། ལུས་ནི་རྣམ་བསྐམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ལྡོག་པ་དང་འཇུག་པའི་དབང་གིས་གཉིས་ཏེ། ལུས་རྣམ་པར་བསྐམས་པ ་དང་སེམས་ཉོན་མོངས་པའི་རྒྱུ་ཕྱི་རོལ་པའི་བརྟུལ་ཞུགས་ཏེ་མི་ལྔ་རྟེན་པ་ལ་སོགས་པའོ།། ཆོས་འདི་བས་བྱ་བ་འདིར་དེ་དང་འདྲ་བའི་བྱེད་པ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་སོགས་པའོ།། གཞན་ཡང་ཏིང་ངེ་འཛིན་དང་མི་མཐུན་པ་ཐམས་ཅད།། ་དེ་ལྟ་བུའི་ལྡོག་པའི་བྱེད་པ་སྤངས་ནས་འཇུག་པ་ནི་ལྷན་ཅིག་སྐྱེས་པའི་འོད་གསལ་བའི་རང་བཞིན་དེ་ལེགས་པར་མཚོན་ཅིང་ཉམ་སུ་བླངས་ནས། དེས་ནི་འགྲོ་ཀུན་རང་བཞིན་རྣམ་དག་པར།། དཔལ་ལྡན་རྡོ་རྗེའི་གདན་ལས་སངས་རྒྱས་འགྱུར་ཞེས ་བྱའོ།། དེ་ལ་དག་པ་ལོ་གཉིས་ཏེ། ལུས་རང་བཞིན་གྱིས་དག་པོ་འགྲོ་བ་ཀུན་གྱི་ཐུན་མོང་བདེ་ཤེས་རབ་དང་། སྙིང་རྗེས་ལེགས་པར་སྦྱངས་པས་དྲི་མ་དག་པའི་གནས་སྐབསོ།། བར་གྱི་སྒྲས་ནི་དྲི་མ་མེད་པའི་དག་པའོ།། འཇུག་པ་དང་ལྡོག་པའི ་སྒྲའི་དོན་མདོར་བསྟན་ནས།། ད་ནི་དཔེའི་སྒོ་ནས་རྒྱས་པར་བསྟན་པའི་ཕྱིར།། མཛེས་མ་མཆོག་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དཔེ་བཞི་སྟེ་མཛེས་མ་དང་། ཆུ་བོ་དང་། བྱང་ཆུབ་ཀྱི་ཤིང་དང་རྡོ་རྗེའོ།། དེ་ལ་དཔེ་དང་པོ་ནི ་མཚོན་བྱ་དང་མཚོན་བྱེད་ཀྱི་བརྡའ་དཔོའོ།། གཉིས་པ་ནི་ཆུ་བོ་སྟིར་རྒྱུན་མ་ཆད་པ་དང་། མཐའ་གཉིས་ལ་མི་གནས་པའི་དཔེའོ།། གསུམ་པ་ནི་སྦྱངས་པས་གསལ་བའི་དཔེའོ།། བཞི་པ་ནི་ཡོན་ཏན་གྱི་ང་པེའོ།། མཛེས་མ་མཆོག་ཁྱེར་ནས ་རབ་ཏུ་མྱུར་བསྒྲུབས་པས་ཞེས་བྱུ་བ། མཚོན་བྱེད་བརྡའི་བང་ག་མེད་མའི་དང་དུ་བྱས་ནས་མཛེས་མ་ནི་སྨྲས་སོ།། མཆོག་ནི་དག་དང་སེམས་སོ།། དེ་གསུམ་གྱི་ཡོན་ཏན་དང་ལྡན་པ་ཧཱ།། ཁྱེར་བ་ན་བངན་པ་ལ་སོགས་པར་རོ།། དེ་རུ་ར ་ཏུ་སྒྲུབ་མྱུར་དུ་སྒྲུབ་ཅེས་བྱའོ།། པས་ཞེས་བྱ་བ་ནི་དེ་ལྟར་བསྒྲུབས་པཱ་ས་ཧཾ་ཛཾ་འོད་གསལ་ཉམསུ་མྱོང་ཞེས་བྱའོ།། ཇི་ལྟར་མྱོང་བ་འོག་ནས་བཤད་པར་བྱའོ།། མཚོནུ་བྱའི་བདག་མེད་མ་དྲི་ནི་མཛེས་མ་མཆོག་འོད་གསལ་དབུས་འཛེའོ།། ་ལྡན་པ་ནི་ཟག་མེད་ཀྱི་ཡོན་ཏན་དང་ལྡན་པའོ།། དེ་ལྟར་དེ་གཉིས་ཟུང་འཇུག་ཏུ་རབ་ཏུ་མྱུར་དུ་བསྒྲུབས་པས་འབྲས་བུ་མ་ཧཱ་མུ་དྲ་འཐོབ་ཅེས་བྱའོ།། ད་པོ་གཉིས་པ་ནི་ནོརཱཉྫ་ནཱི་འགྲམ་དུ་བདེ་བ་འཇུག་པས་འདུ་ཤེས་བྱ་བ་ལ། ནེར་ལྡན ་ཆོས་གཉིས་ཏེ། རྒྱུན་མ་ཆད་པ་དང་། འགྲམ་གཉིས་ནས་མི་འབབ་པའོ།། དེ་བཞིན་དུ་རྣལ་འབྱོར་པས་དཔེས་མཚོན་པའི་དོན་ལ་རྒྱུན་མ་ཆོད་པ་དང་། རྟག་ཆད་གཉིས་ཀྱི་མཐའ་མི་ལྷུང་བར་དམིགས་པར་བྱའོ།། ལམ་དེ་དཀའ་བས། ་འཇུག་པ་མ་ཡིན་པས་བདེ་བར་འཇུག་ཅེས་བྱའོ།། འདུས་པ་ནི་གཉིས་ཏེ། རྡོ་རྗེ་དང་པདྨ་དང་དབྱིངས་དང་རིག་པ་འདུས་པའི་ཚུལ་གྱིས་བསྒྲུབ་པའོ།། དཔེ་གསུམ་པའི་དབང་དུ་བྱས་ནི་ས། བྱང་ཆུབ་ཤིང་རྩོར་རྡོ་རྗེ་གང་ན་བཞུགས ་ནས་ཞེས་བྱ་བ་ལ་བྱང་ཆུབ་ཀྱི་ཤིང་ལ་ཆོས་ལྔ་སྟེ། རྩ་བ་དང་། སྡོང་པོ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུའོ།། དེ་བཞིན་དུ་རྣལ་འབྱོར་པས་ཀྱང་རྩ་བ་དང་འདྲ་བའི་ཤེས་རབ་དང་། སྡོང་པོ་དང་འདྲ་བའི་དད་པ་དང་། ལོ་མར ་འདྲ་བའི་བརྩོན་འགྲུས་དང་། མེ་ཏོག་དང་འདྲ་བའི་དྲན་པ་དང་། འབྲས་བུ་དང་འདྲ་བའི་ཏིང་ངེ་འཛིན་གྱིས་དབང་བྱས་ལ་སྒྲུབ་པའོ།། དེ་ལྟ་བུའི་རྣལ་འབྱོར་པ་དེ་གང་ན་གནས་ཀྱང་རྡོ་རྗེའི་གདན་ལ་བཞུགས་པ ་ཞེས་བྱའོ།། དཔེ་བཞི་པའི་དོན་བསྟན་པའི་ཕྱིར།། རྡོ་རྗེ་དཔེར་བྱས་ཏི་འཛིན་ལ་གནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ལ་ཆོས་གཉིས་ཏེ་མི་ཕྱེད་པ་དང་། འབྱེད་པའོ།། དེ་བཞིན་དུ་རྣལ་འབྱོར་པས་ཀྱང་དབང་པོ་ལྔ་ལྡན་གྱི་སྒོ་ནས་ཉོན་མོང ་པ་དང་། ཤེས་བྱ་དང་། སྙོམས་པར་འཇུག་པའི་སྒྲུབ་པ་གསུམ་གྱིས་མི་ཕྱེད་ལ་ཕྱིར་འབྱེད་པའི་ཚུལ་གྱི་སྒྲུབ་པའོ།། ཏིང་འཛིན་བླ་ན་མེད་པའི་ལམ་འདིས་ཀྱི། ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་འོད་གསལ་བ་དབང་པོ་ལྔས་དབང་བྱས་པའི ་ལམ་འདིས་སོ།། ཀྱེ་ཞེས་བྲོས་ཏེ་གདམས་པའོ།། བདུ་དེ་བཞིའི་འཇིགས་པ་ཆེན་པོ་གང་དེ་བཅོམ་ཞེས་པ་ནི་ལྷན་ཅིག་སྐྱེས་པ་འོད་གསལ་བ་སྐྱེས་པའི་སྟོབས་ཀྱི་ལས་དང་ཉོན་མོངས་ཀྱིས་སྐྱེ་བ་ལ་སོགས་པའི་བདུད་དེ་དང་དེའི་འཇུག ་པ་རྣམས་ན་མཁའ་དག་པའི་ངོས་ལྟར་མཐོང་བས་སོ།། ང་ནི་དཔེ་དང་པོའི་མཚོན་ཆ་དོན་གྱི་བདག་མེད་མ་རྒྱས་པར་བཱ་སྙན་པའི་ཕྱིར། གཟུགས་ནི་མ་སྤངས་ཞེས་བྱ་བ་ནི་སོགས་པ་ལ་རཱུ་པ་ཞོ་ས་བྱ་བ་ལ་གཟུགས་དང་རང་བཞིན ་གཉིས་ལ་འཇུག་པ་ལས་སཱའི་རྒྱན་བྱིན་ནས་བི་རཱུ་བ་སྟེ། སེམས་འོད་གསལ་བ་བདག་མེད་པའོ།། མ་སྤངས་ལྷ་ཅིག་རྣམ་རོལ་པས་ཞེས་པ་ནི་དེ་ལྟ་བུའི་བདག་མེད་མ་དང་རིགས་པ་གཉིས་སུ་མེད་པར་རྣམ་པར་རོལ་པའོ།། ར ་བཞིན་བདག་མེད་ལ་སོགས་པའི་ཚིག་གཉིས་ནི་གོ་སླའོ།། མཚན་ཉིད་དང་ཕན་ཡོན་པ་སྟ་ན་པའི་ཕྱིར།། ཆགས་མེད་ཞི་བས་ཉོན་མོངས་མེད་གང་གིས་ཞེས་བྱ་བ་ལྔ་ཆགས་མེད་ནི་འཇིག་རྟེན་པའི་སེམས་བརྒྱ་དག་ཅུའོ།། ཞི་བས་ནི་དེ་རྣམས ་འབྱུང་འཇུག་ཆད་པའོ།། ཉོན་མོངས་མེད་གང་གིས་ནི་མཚོན་པ་ཙམ་སྟེ། སྒྲིབ་པ་གསུམ་དང་བྲལ་བའི་ཡེ་ཤེས་འོད་གསལ་བ་གང་གིས་སྐྱེ་བ་དང་འཚོ་བའི་སྲིད་པའི་འཁྲུལ་པ་བཅད་པའོ།། བཅད་པ་ཙམ་ཡིན་ནམ་ཞེ་ན། འཁྲུལ་པ ་མེད་པའི་ཟག་མེད་ཀྱི་ཡོན་ཏན་མ་ལུས་པ་ལེན་པའི་ཕྱིར། འཁྲུལ་མེད་བདེ་བ་ཆེན་པོ་ལེན་ཅིང་སྟེར་ཞེས་བྱའོ།། དེའི་མཚན་ཉིད་རྒྱས་པར་བསྟོན་པར་བྱ་བའི་ཕྱིར། དེ་ལ་ཁ་དོག་དབྱིབས་དང་ཚད་ཀྱང་མེད་ཅེས་བྱ་བ་ལ་སོགས་པ་ལ། འདིར་དོན ་ནི་འདི་ཡིན་ཏེ། མཚོན་བྱེད་ཀྱི་བདག་མེད་མ་ལས་ཀྱི་ཕྱག་རྒྱའི་དབང་དུ་བྱས་ནས། ཁ་དོག་དང་དབྱིབས་ལེགས་པ་མིག་གིས་དཀྱུས་རིང་བ་ལ་སོགས་པ་དང་འཕྲོ་སྦོམ་ཚད་མཉམ་པ་དང་། བྱེད་པ་དམ་ཚིག་གི་འཁོར་ལོ་དྲུག་དང་། བདེ་བ་མངོན ་དུ་དུ་འདོད་པ་དང་དེ་ལ་བརྟེན་ནས་སེམས་བདེ་བའི་རྣམ་པར་སྐྱེ་བའི་སྐྱེ་བ་དང་། སྔགས་དད་ཆོས་ལྀ་སོགས་པའི་ང་རྒྱལ་ཡོད་པ་དེ་ལ་བརྟེན་ནས་སེམས་རླུང་རྩ་དབུ་མར་བཅུག་ནས་སེམས་བདེ་བའི་རྣམ་པར་བླངས་པས་བརྟན་པོར་གྱུར་ནས། ་མཚོན་ཆའི་བདག་མེད་མ་འོད་གསལ་བར་བསྒོམས་པས་དེའི་མཚོན་ཉིད་ནི། ཁ་དོག་མེད་པའི་མཚན་ཉིད་ལ་སོགས་པ་དགུ་སྟེ་ཁ་དོག་མེད་པ་དང་། དབྱིབས་མེད་པ་དང་། ཚད་པ་དང་། བྱེད་པ་མེད་པ་དང་། འདོད་པ་མེད་པ་དང་། སྐྱེ་བ ་མེང་པ་དང་། ང་རྒྱལ་མེད་པ་དང་། འགྲོ་འོང་མེད་པ་དང་། བདག་གཞན་མེད་པའི་མཚན་ཉིད་ཅན་ནོ།། དེ་ལྟ་བུའི་མཚན་ཉིད་ཅན་དེ་དང་སེམས་ཐ་དད་མེད་པར་འགྱུར་བའི་དཔེ་ནི། ན་མཁའི་ངོ་བོ་ཡོངས་དག་ཇི་ལྟ་བར ་ཞེས་བྱ་བ་གསུངས་ཏེ། ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལྔར་སྣང་བའོ།། དེ་གང་གིས་ཡུལ་ཡིན་ཞེ་ན། རྣལ་འབྱོར་ཐུབ་མཆོག་མ་ལུས་པ་རྣམ་པར་རོལ་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་པ་ཐུབ་པས་སངས་རྒྱས་ཀྱི་སྲས་བླ་མ་དཾ ་པ་ཉེ་བོར་བསྟེན་པ་ཚོགས་བསགས་པ་སྐལ་པ་དང་ལྡན་པ་རྣམས་ཀྱིས་ཤེས་རབ་ཀྱི་མིག་གིས་ཡུལ་དུ་མཐོང་ཞིང་། དབང་པོ་བཞིས་ངེས་པའི་ཚུལ་གྱིས་རོལ་པོའོ།། དེའི་ཕྱིར་དེ་ནི་བཙུན་མོ་བདོག་མེད་མ་ཞེས་བྱའོ།། དེ་ལྟ་བུའི་རང་བཞིན ་བདག་མེད་པ་དེ་དང་རོལ་པས། ལས་དང་ཉོན་མོངས་པའི་སྐྱེ་བ་ལ་སོགས་པ་རྩད་ནས་གཅོད་པ་ཡང་ཡིན་ལ།། རང་བཞིན་གྱིས་འགྲོག་པ་མངོན་དུ་བྱ་རྒྱུ་ཡང་ཡིན་མོད་ཀྱི། འོན་ཀྱང་བྱམས་པ་དང་། སྙིང་རྗེས་འཕངས་པའི་བྱང་ཆུབ་ཀྱི་སེམས ་ཀྱིས་རང་གི་རྒྱུད་ལ་ཟག་མེད་ཀྱི་ཡོན་ཏན་མ་ལུས་པ་རྫོགས་པར་མ་བྱས། སེམས་ཅན་ཡོངསུ་སྨིན་པར་མ་བྱས།། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་མ་བྱས་པར་བར་མ་དོར་ཡང་དག་པའི་མཐའ་མངོན་དུ་མ་བྱས་ན་ཉན་ཐོས་དང ་རང་རྒྱལ་བའི་ལྟུང་བས།། དེའིའི་བཟོད་པ་དེ་དང་ལྡན་བཞིན་དུ་དགེ་བོའི་ཆོས་མཐའ་དག་རྫོགས་པར་བྱ་དགོས་པར་བསྟན་པའི་ཕྱིར། ཆགས་མེད་བྱམས་དང་སྙིང་རྗེ་ལས་བྱུང་ལ་བའི་བྱང་ཆུབ་སྨོན་པའི་སེམས་ནི་ལོགས་བརྟན་བྱེད་ཅེས ་པ་ལ། ཆགས་པ་མེད་པ་ནི་སྒྱུ་མ་མཁན་ལྟར་རང་བཞིན་ཤེས་པས་མ་ཞེན་པའོ།། བྱམས་པ་སྙིང་རྗེས་འབངས་པའི་བྱང་ཆུབ་ཀྱི་སེམས་ནི་གོ་བར་ཟད་ངོ་།། དེ་ལ་རིམ་པ་ནི་འདི་ཡིན་ཏེ། རྣལ་འབྱོར་པས་ཐོག་མར་མལ་ནས་ལངས་ནས།། ་ཐོག་མ་མེད་པ་ནས་ཡིད་ཀྱི་ར་ང་བཞིན་ལུས་ལ་བདག་དང་བདག་གིར་མ་གྲུབ་བཞིན་དུ་དེར་བརྟག་པས་རྟོག་པར་བལྟོས་པའི་དབང་གིས་རྟོག་པའི་རྒྱུན་ལ་སྡུག་བསྔལ་གྱི་མེ་འབར་བ་རྣམས་ལ་བལྟས་ཏེ། སྐྱེ་བའི་བརྒྱུད་པ་ལ་གྲངས ་མེད་པས་སེམས་ཅན་འདི་གཅིག་གིས་ཀྱང་མ་ལྟ་བུ་བྱས་པའི་གྲངས་མི་ཆོད་པས་འཁོར་བ་མཐའ་དག་ན་གནས་པའི་འགྲོ་བ་རྣམས་གདོན་པའི་བསམ་པ་ས་དང་པོར་བྱམས་པ་དང་སྙིང་རྗེ་ཡིད་ལ་བྱ།། དེ་ནས་དེ་རྣམས་ཀྱི་ཆེད་དུ་དཔལ ་ཧེ་རུ་ཀ་འདོད་པའི་སྨོན་པ་བྱང་ཆུབ་ཀྱི་སེམས་བརྟམ་པར་བྱ། དེ་ནས་ཆོས་ཐམས་ཅད་སེམས་རླུང་གི་རྣམ་འཕྲུལ་ཡིན་པའི་ཕྱིར། སེམས་ལས་གཞན་པའི་དོན་མེད་པར་བསམས་ལ། རླུང་སེམས་ཙམ་ལ་ལྷའི་སྐུར་བསམ་པ་ནི་བདག ་བྱིན་གྱིས་བརླབ་པ་ཀུན་རྫོབ་ཀྱི་བདེན་པའོ།། དེ་ནས་སྔར་གྱི་བདེ་བ་དང་དྲན་པའི་ཐབས་ཀྱི་སེམས་རླུང་རྩ་དབུ་མར་བཅུག་ལ་སྟོང་པ་ཆེན་པོའི་ཏིང་འཛིན་བདེ་བ་དང་བཅས་པ་བསྒོམ་པར་བྱའོ།། དེ་ནས་སེམས་ཀྱི་རང་བཞིན་ལ ་ཞུགས་པར་བསམ་ལ་དེའི་ཚེ་དེའི་མཚན་ཉིད་འོད་གསལ་བ་སྣང་བ་མེད་པའོ།། ན་མཁའི་དཀྱིལ་ལྟ་བུ་ལ་ཤེས་རབ་ཀྱི་མིག་གིས་བལྟ། དྲན་པས་མ་ཡེངས་པར་བལྟ། དད་པས་ཡིད་ཆེས་པར་བྱས་ལ་བལྟ། བརྩོན་འགྲུས་ཀྱིས་འཇིག ་རྟེན་པའི་སེམས་མེད་པར་བྱས་ལྔ་བ་ལྟ། ཏིང་ངེ་འཛིན་གྱིས་རྩེ་གཅིག་པའི་ཚུལ་གྱིས་བལྟས་པས་སེམས་ཀྱི་རང་བཞིན་འོད་གསལ་བ་དང་སྣང་བ་མེད་པ་གསལ་བ་དང་བ་དག་པར་སྣང་དེ་ལ་བརྟེན་ནས་ངེས ་པའི་ཤེས་པ་སྐྱེའོ།། དྲན་པས་མ་ཡེངས་པར་བལྟ་བའི་དཔེ་ནཱི་ཡུངས་ཀར་བརྩེགས་པ་ལག་ཏུ་བསྐུར་བའི་སྐྱེས་བུ་ལྟ་བུའོ།། དད་པས་ཡིད་ཆེས་པའི་དཔེ་ནི་གཞོན་ནུ་མ་འདོད་པ་མྱོང་བ་ལྟ་བུའོ།། བརྩོན་པའི་དབོ་ནི་རྒྱལ་པོའི་སྒོ་བསྲུང་བ ་བུའོ། ཥ་ཏིང་འཛིན་གྱི་དབོ་ནི་རླུང་མེད་པའི་མར་མེ་དང་འདྲ་བར་བལྟའོ།། ཤེས་རབ་ཀྱིས་ངེས་པའི་དཔེ་ནི་སྔར་འདྲིས་པའི་མི་མཐོང་བ་བཞི་ནོ།། དཔེ་འདི་རྣམས་ཀྱི་གཏམ་རྒྱུད་ནི་གཞུང་མངས་པའི་འཇིགས་པས་མ་བྲིས་སོ།། དེ་ལྟར་ཇི་ཙམ་སེམས ་གནས་པར་ནུས་པ་དེ་སྲིད་དུ་གནས་ལ། དེ་ནས་དེའི་ངང་ལ་སྐད་ཅིག་གིས་སྒྱུ་མ་ལྟ་བུའི་ལྷའི་སྐུར་ལངས་ལ་དངོས་པོ་ཐམས་ཅད་ཆུ་ཟླ་ལྟ་བུར་སྒྲོ་སྐུར་དང་བྲལ་བ་སྣང་བ་ཙམ་གྱི་མཚན་ཉིད་དུ་བསམས་ལ། བྱམས་པ་དང་སྙིང་རྗེ་དང་བྱང ་ཆུབ་ཀྱི་སེམས་ཀྱི་འཕངས་པའི་དགེ་བའི་ཆོས་ཐམས་ཅད་ཆུ་ཟླ་ལྟར་སྒྲོ་སྐུར་བྲལ་བའི་ཚུལ་གྱིས་ཡོངས་སུ་རྫོགས་པར་བྱའོ།། དེ་ལྟར་ན་ཐབས་ཤེས་རབ་དང་། སྙིང་རྗེ་དང་། ཤེས་རབ་དབྱེར་མོང་པའི་ཚུལ་གྱིས་དགེ་བའི ་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་སྟེ། དེ་ལྟར་མ་ཡིན་ན་ཉན་ཐོས་ལ་སོགས་པར་ལྟུང་ངོ་།། དེའི་ཕྱིར་མདོ་ལས། ཐབས་མེད་ཤེས་རབ་བྲལ་བས་ཉན་ཐོས་ཉིད་དུ་ལྟུང་ཞེས་པས་སོ།། དེ་ལ་ཐབས་གང་ཞེ་ན། བྱང་ཆུབ་ཀྱི ་སེམས་ཀྱིས་འཕངས་ནས་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། སངས་རྒྱས་ཀྱི་ཞིང་ཡོང་སུ་དག་པར་བྱེད་པའོ།། ཤེས་རབ་གང་ཞེ་ན་པ་དང་སྤྲོས་པ་གཅོད་པའོ།། དེ་བས་ན་ཐབས ་དེ་མེད་ན་ཤེས་རབ་དེ་མི་འབྱུང་བའི་ཕྱིར།། དེ་བཞིན་དུ་ཐེག་པ་ཆེན་པོའི་མདོ། ཀུན་ཀྱང་། ཐབས་ཀྱི་དགེ་བའི་ཆོས་ཐམས་ཅད་སྡུད་པ་ཡིན་ལ། ཤེས་རབ་ཀྱིས་འབྱེད་པའོ་ཞེས་རྒྱས་པར་གསུངསོ།། དེ་ལྟ་བུའི་རྣལ་འབྱོར་པ་ནི་མཐའ་གཉིས་ལ་མི་ག་ནཱ~ཾ ་པར་འགྲོ་བས་དེའི་ཕྱིར།། རེ་དེ་བཞི་ནོ་གོམས་པའི་ཡིད་ནི་གར་མི་གནས།། འདི་དེ་ཉྩི་ནི་བླ་མེད་བྱང་ཆུབ་ལམ་ཞེས་བྱའོ།། ང་ནི་ཤིས་རབ་ཀྱི་མིགུ་གིས་བལྟ་བའི་ཡུལ་གཞན་བསྟན་པའི་ཕྱིར། རབ་རིབ་ཅན་ནི་མཁའ་ལ་སྒྲ་མཐོང་སྨྲ་ཞེས་བྱ་བ་ལ་སྟོགྶ ་བལ་ངོས་བྲལྟ་བའོ་ཡུལ་གཉིས་ཏེ། མེད་པ་དང་། ཡོད་པའོ།། མེད་པ་མཐོང་བ་ནི་ཚུ་རོལ་མཐོང་བའི་ཤེས་པོ་དང་། ཤེས་བྱ་མ་ལུས་པ་སྟེ། མེད་པ་མཐོང་བ་དཔེར་ན་ནི་རབ་རིབ་ཅོན་གྱི་སྐུ་ལ་སོགས་པ་དང་འདྲ་བཔོ་ཤེས་པའོ།། ཡོད་པ ་པའི་རང་བཞིན་མཐོང་བ་ལ་གཉིས་ཏེ། རྟེན་འོད་གསལ་བ་དང་། བརྟེན་པ་ཟག་མེད་ཀྱི་ཡོན་ཏན་མཐོང་བའོ།། འོད་གསལ་ཇི་ལྟར་མཐོང་ཞེ་ན། སྐྱེ་བ་མེད་པ་རྣམ་པ་མེད་པར་མཐོང་བས།། དེ་ལྡིར་སྐྱེ་མང་གནས་མང་འགྲོ་ཀུན་ཡང་དག་པར་ཞེས་བྱའོ།། ། ་ཟག་མེད་ཀྱི་ཡོན་ཏན་ཇི་ལྟར་མཐོང་ཞེ་ན། སྒྱུ་མ་དང་རྨི་ལམ་དང་། མིག་འཕྲུལ་དང་། ཆུ་ཟླ་ལྟར་སྒྲོ་སྐུར་དང་བྲལ་བ་སྣང་བཙྪམྱཱ་གྣིས་རང་བཞིན་དུ་མཐོང་བའོ།། དེའི་ཕྱིར་མིག་འཕྲུལ་ཅན་ཇི་བཞིན་ངེས་ཡོངས་སུ་སྣང་ཞེས་བྱའོ།། ད་ནི་ཞར་ལ ་འོང་བའི་བརྟག་པའི་རྣལ་འབྱོར་དགག་པའི་ཕྱིར།། བརྟགས་པའི་སྤྲོས་པས་བསྐྱེད་ལ་མ་ཆགས་ཅིག་ཅེས་བྱ་བ་ལ་བརྟགས་པའི་སྤྲོས་པ་ནི་ཐིག་ལེ་དང་ཕྲ་མོ་ལ་སོགས་པའོ།། མ་ཆགས་པ་ནི་དེ་ལ་བརྟེན་ནས ་སེམས་གནས་པ་ཕྲ་མོ་ཡོད་ཀྱང་ལམ་གྱི་མཚན་ཉིད་མ་ཚང་བས་བྱང་ཆུབ་ཀྱི་ལམ་མ་ཡིན་པས་དགག་པའོ།། དེ་ཉིད་འཁོར་བའི་འཁྲུལ་འཁོར་གཅོད་པའི་ལམ་མ་ཡིན་པས་འཁོར་བའི་རྒྱུར་བསྟན་པ་ནི། སྣ་ཚོགས་རྣམ་རྟོག་ལས་གཞན་འཆིང། ་པ་མེད། དེ་ལ་སྐྱེ་འཆི་འཁོར་བ་གཞན་མ་ཡིན་ཞེས་བྱ་བ་ལས་སྲིད་པའི་འཁྲུལ་འཁོར་གཅོད་པའི་མཚན་ཉིད་དང་མི་ལྡན་པའི་ཐབས་གོམསུ་ཟིན་ཀྱང་འཁྲུལ་འཁོར་དེ་ཉིད་མི་ཆོས་པས་སྤང་བར་བྱ་བའོ།། ངེས་དོན་གོམས་པར་བྱེད་པའི་རྣལ ་འབྱོར་པ་ལ་གདམས་པ་བསྟན་པའི་ཕྱིར། རྣལ་འབྱོར་འགྲོ་ལ་བདག་གིས་སྙིང་པོས་སྨྲ། ཞེས་བྱ་བ་ལ་སོགས་པ་ལ། གང་ལ་གདམས་པ་དང་། གང་གདམས་པ་དང་། ཚུལ་ཇི་ལྟར་གདམས་པའོ།། རྣལ་འབྱོར་པ་དང་། སྙིང་པོའི་དོན་དང་། ་དྲན་པ་ལ་གདམས་པའོ།། གླིང་ལ་གདམས་པ་རྣལ་འབྱོར་པ་རྣམས་ལའོ།། གླང་གདམས་ན་སྙིང་པོ་སྟེ་འོད་གསལ་བའོ།། ཇི་ལྟར་གདམས་ན་དྲན་པ་ལ་སོགས་པའོ།། རྣམ་རྟོག་རྒྱུ་བོ་ནི་འཇིག་རྟེན་པའི་སེམསོ།། མ་ལྟ་བ་ནི་མ་འབྲང་བར་གདམས་པ ་དེ་ཅིའི་ཕྱིར་ཞེ་ན། གང་འཁོར་བ་སེམས་དང་། གང་གིས་འཁོར་ན་རླུང་གིས་དང་། ཚུལ་ཇི་ལྟར་འཁོར་ན་འཇིག་རྟེན་པའི་སེམས་རྣམས་ཀྱིས་ཉིན་མཚན་དུ་བག་ཆགས་སྣ་ཚོགས་བཞག་པའི་དབང་གིས་འཁོར་བ་སྟེ། བདེ་བས་ན་འཁོར ་བར་བྱེད་པའི་རྣམ་རྟོག་གཞན་མིན་ལ། འཁྲུལ་བར་བྱེད་པའི་མ་རིག་པ་གཞན་མིན། འོ་ན་ཙི་ནཱ་ན། སེམས་དང་རླུང་ངོ་།། འཇིག་རྟེན་པའི་སེམས་བཤད་པ་ནི་ཆགས་སྡང་ཞེས་བྱ་བ་ལ་སོགས་པ་སྟེ། གོ་སླའོ།། ཤེས་རབ་ལ་གདམས་པ་ནི། གང་གང་རྣམས ་བརྟ་གྷ་ཞེས་བྱ་བ་ལ་སོགས་པ་ལ་སེམས་དང་རླུང་གི་རྣམ་པར་འཁྲུལ་པ་ལ་བརྟེན་ནས། འཇིག་རྟེན་པའི་སེམས་གང་དང་གང་བྱུང་བ་ལ་ཤེས་རབ་ཀྱིས་བརྟགས་ན་བརྫུན་པ་དང་ཕྱིན་ཅི་ལོག་ཏུ་རྟོགས་ལ། སྙིང་པའི་དོན་ལ་ངེས་པར་བརྟགས་ན་བདེ་བ་ཆེན་པོའོ།། དེ ་བས་ནི་འདི་ནི་ལྷའི་ཏིང་འཛིན་བདེ་བ་ཆེན་པོར་སྨྲ་ཞེས་བྱ་སྟེ། འོད་གསལ་ལ། དབང་པོ་ལྔས་དབང་བྱས་པའོ།། སྲིད་པའི་འཁྲུལ་པ་མ་ལུས་བཅད་པས་སྐྱེ་བ་དང་། འཆི་བའི་འཇིགས་པ་དང་། ནད་དང་གནོད་པའི་སྡུག་བསྔལ་གང་ཡང་མེད་དོ།། ད་ནི་རང་བཞིན ་མམ་ཤེས་ན་འདོད་པའི་ཡོན་ཏན་རྣམས་ལ་ཆགས་པས་འཆིང་བར་བསྟན་པའི་ཕྱིར། རི་དགས་སྨིག་རྒྱུ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ།། གྲོང་དུ་ལོང་སྤྱོད་བདེ་བ་ཚོལ་ཞེས་བྱ་བ་ལ་སོགས་པས་འཆིང་བའི་དཔེ་བསྟན་པའོ།། ནི་རང་ཟིན་ནོ་ཤྭེན་གྲོལ་བའི་རྒྱུར་བསྟན་པའི་ཕྱིར། གང་ཞིག་ངོ་ཤ་པྤ་གཱ་ཡཱ་འགོ་མེད་པའི་ཏི་ཡི་ལ་རླབས་མི་བྱསས་སྒྲོ་སལ། དེས་པོ་ཐཾད་པེ་མྦུ་ཀི་རྣཾ་ཕྲུལ་དུ་སྐྱེལ་དེས་སྐྱེས་བུ་སྐྱེན་ཀང་ནི ་བདེ་བ་ལ་ཞེན་ན་དེ་ཉིད་མི་མཐོང་བར་བསྟན་པའི་ཕྱིར། གང་ལ་ཡིད་ཀྱི་བྱ་རྒོད་ཅེས་བྱ་བ་ལ་སོགས་པ་ལ། དེ་ལ་དཔེ་གཉིས་ཏེ། བྱ་རྒོད་རྟེན་པའི་ཤིང་གི་པེ་དང་། ན་མཁའི་མེ་ཏོག་ལ་བུང་བ་འཇིབ་པ་མཐོང་བའི་དཔེའོ།། དང་པོ་ལས་གཉིས་ཏེ། ་བཅིངས་པ་དང་བཏང་བའི་དཔེའོ།། བྱ་རྒོད་གནས་པའི་ཤིང་ངོ་བྱ་ཐལ་གྱིས་རྩ་བ་སྲུལ། མཆུས་ཤུན་པ་བཤུས་པས་ལོ་མ་དང་མེ་ཏོག་མི་སྐྱེ་བ་དེ་བཞིན་དུ་རྣལ་འབྱོར་པས་སེམས་རླུང་འདྲེས་ནས་སེམས་བདེ་བའི་རྣམ་པར་སྐྱེས་པ་ལ ་དེར་ཞེན་ན་མེ་ཏོག་དང་འདྲ་བའི་འོད་གསལ་མི་མཐོང་ལ། ལོ་མ་དང་འདྲ་བའི་ཟུང་འཇུག་གི་སྐུ་མི་མཐོང་བའོ།། དེའི་ཕྱིར་གང་ལ་ཡིད་ཀྱི་བྱ་རྒོད་རྟེན་ཅིང་གནས་པའི་ཤིང་། དེ་ལ་བདེ་བའི་མེ་ཏོག་ལོ་མ་སྐྱེས་པ ་མེད་ཅེས་བྱའོ།། འོ་ན་དེ་གཉིས་གང་གིས་མཐོང་ཞེ་ན། སེམས་རླུང་བཅིངས་པ་དང་འཇིག་རྟེན་པའི་སེམས་བསྡད་པས་འོད་གསལ་མཐོང་ལ། བཏང་བས་ཟུང་འཇུག་མཐོང་བའོ།། ངེས་པར་ཡིད་ཀྱིས་བྱ་རྒོད་བཅིངས་བསད་ན། ཅེས་པ་ནིའོ། ་གསལ་བའི་བང་དུ་སེམསྟ་རླུང་བཅིང་བ་དང་བསད་པའོ།། དེས་ཅི་རའི་གྱུར་ཞེ་ན། འཁྲུལ་འཁོར་འཆང་དེ། གཡོ་ཞིང་འགྱུར་བས་མ་ལེགས་བྱེད་པར་གང་ཞིག་འགྱུར་ཞེས་བྱ་བ་ལ། རླུང་གིས་གཡོ་ཞིང་སེམས་བརྒྱ་དྲུག་ཅུར་འགྱུར་བ་བཅད་པས ་མ་ལེགས་བྱེད་པ་སྟེ། དགེ་མི་དགེ་བག་ཆགས་འཇོག་པར་ཇི་ལྟར་འགྱུར་ཏེ་མི་འགྱུརརོ།། བྱ་རྒོད་བཅིངས་པ་ལས་བཏང་ན་ཤ་ཁྲག་འཐུང་པས་བཀྲིས་པ་མེད་པ་དང་འདྲ་བར་ཡིད་ཀྱི་ལུས་ཆུ་ཟླ་ལྟར་གནས་པ་དེ་ཤེས་རབ་ཀྱིས་གཉིས་སུ་མཐོང་བའི ་ཕྱོགས་བཅོམ་པས་དེ་ཉིད་གྲོགས་ཡིནོ།། སྣང་བའི་དངོས་པོ་གང་ཆུ་ཟླ་ལྟར་ཤིས་པའི་རྣལ་འབྱོར་པ་དེ་ལ་གནས་གར་ཡང་གཟུང་འཛིན་གྱིས་གནོད་པའི་འབད་པ་བྱེད་པ་མེད་དོ།། དེ་བས་ནི་འོད་གསལ་སྟོང་ཉིད་བརྟན་པར་བྱ་བ་ལས་འཁྲུལ་པ ་སྤྲིང་དུ་མེད་པའི་ཕྱིར། སྟོང་ཉིད་བརྟན་པ་གྱིས་འཁྲུལ་པ་སྤང་དུ་མཛེ་ཅེས་བྱའོ།། འཁྲུལ་པས་འཆིང་སྤང་སེམས་པར་མ་བྱེད་ཅིག་ཅེས་བྱ་བ་ནི། འོད་གསལ་བ་སོ་ས་པ་ཛའི་རྣལ་འབྱོར་མ་རྟོགས་པར་འཁྲུལ་བའི་རྣལ་འབྱོར་གང་གིས་ཀྱང ་རྟེན་པའི་སེམས་འཆིང་བ་ཡོད་པ་མ་ཡིན་པའི་ཕྱིར་རོ།། གང་གང་ལས་བྱུང་དེ་ནི་ངེས་བལྟོས་ལ།། མི་རྟོག་ཏིང་འཛིན་གྱིས་དེ་གསལ་གྱིས། ཞེས་བྱ་བ་ལ། འཇིག་རྟེན་པའི་སེམས་གང་དང་གང་བྱུང་བ་དེ་ཤེས་རབ་ཀྱི་མིག་གིས་ལྟོས་ལ་གསལ་བར་གྱིས ་ཞེས་ས་བྱ། གང་གིས་ཞེ་ན། མི་རྟོགས་ཏིང་ངེ་འཛིན་གྱིས་ཏེ། མི་རྟོག་པ་ཤེས་རབ་དང་། ཏིང་ངེ་འཛིན་དངོས་སུ་སྨོས་ལ་གསུམ་ཤུགས་ཀྱིས་ཤེས་པར་བྱ་སྟེ། དབང་པོ་ལྔ་ལྡན་གྱིས་བས་ལེ་བའོ།། མཇུག་བསྡུ་བའི་ཚུལ་གྱིས་གདམས་པ་ནི། རྣམ་རྟོག ་དྲི་མ་ཆེན་པོ་མ་ལུས་ཁྲུས།། ནམ་མཁའི་མེ་ཏོག་དང་འདྲ་དངོས་པོ་མཉམ་པར་རྟོག་ཞེས་བྱ་བ་ནི། རྟོག་པའི་དྲི་མ་འཁྲུ་བ་ལ་འཁྲུལ་པའི་དངོས་པོ་ན་མཁའི་མེ་ཏོག་དང་འདྲ་བར་ཤེས་རབ་ཀྱིས་བརྟགས་པ་དང་ཤིས་ཤིང་གོམས་པར་བྱ་བའི་ལམ་དེ་ཟུང ་འཇུག་ཏུ་མཉམ་པར་བརྟག་པར་བྱའོ།། དཔེ་གཉིས་པ་ལྡོག་པའི་དབང་དུ་བྱས་ནས། ངེས་སྦྱངས་བག་ཆགས་བྲལ་བས་རྣལ་འབྱོར་མ་མཐོང་བ།། ན་མཁའི་མེ་ཏོག་བུང་བ་འཇིབ་པ་མཐོང་བ་འདྲ་ཞེས་བྱ་བ་ནི། མཚོན་བྱེད་ཀྱི་བདེ་བ་དེ་ལ ་སེམས་ངེས་པར་སྦྱངས་པས་འཇིག་རྟེན་པའི་སེམས་རྣམས་རྒྱུ་བའི་བག་ཆགས་དང་བྲལ་ཡོད་རྣལ་འབྱོར་ཏེ། དབྱིངས་དང་རིག་པ་གཉིས་མེད་མ་མཐོང་བ་ནི་རླུང་དང་སེམས་རང་བཞིན་ལ་མ་བཅུག་པར་ཚོར་བ་བདེ་བས་ཀུན་ནས་དཀྲིས ་ད་བཅས་པ་ལ་ཞེན་པ་ནི།། ནམ་མཁའི་མེ་ཏོག་ལ་བུང་བ་འ་རྡིབ་པ་མཐོང་བ་དང་འདྲ་བའི་ཕྱིརརོ།། འོ་ན་མཚོན་བྱེད་དུ་བཤད་པ་ཅི་ཞེ་ན། དེ་ནི་ཉེས་པ་མེད་དེ་མཛུབ་མོས་ཟླ་བ་མཚོན་པ་དང་འདྲ་བར། རླུང་སེམས་བདེ་བའི་རྣམ་པར་བརླབས ་ནས་བརྟན་པ་དང་། རླུང་སེམས་རང་བཞིན་ལ་གཞུག་དགོས་པའི་ཕྱིར་རོ།། དེ་ཉིད་ལ་ཞེན་ན་དོན་དམ་པ་ལ་སླུ་བ་དང་འཁྲུལ་པ་ཞེས་བྱ་སྟེ། ལྟོས་པས་བཞག་པའི་ཕྱིར་རོ།། འོ་ན་ཅི་ཞེ་ན། ་རྗེས་སུ་འགྲོ་བནྡེ་སྒོ་ནས་བསྟན་པ་ནི་ངེས་སྦྱངས་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་རླུང་སེམས་བདེ་བའི་རྣམ་པར་ངེས་པར་སྦྱངས་པོ་ས་འཇིག་རྟེན་པའི་སེམས་བརྒྱ་དྲུག་ཅུས་སྟོང་པའི་སྟོང་པོ་ཆེན་པོ་དེ་བླ་མ་དམ་པ་དང་། ་སངས་རྒྱས་ཀྱི་ཚིག་བཞིན་དུ་ཐམས་ཅད་སྟོང་པ་འོད་གསལ་དུ་བཅུག་ལ་བསྒོམ། སྤྱོད་པ་རྣམས་པར་དག་པ་སྟེ་དེ་ལས་སྒྱུ་མ་ལྟ་བུའི་ལྷའི་སྐུར་ལངས་ལ་ལྷའི་སྐུ་དེ་ཡང་ཆུ་ཟླ་ལྟར་ཤེས་པའི་ཚུལ་གྱིས་དགེ་བའི་ཆོས ་ཐམས་ཅད་རྫོགས་པར་བྱའོ།། འོ་ན་ཐམས་ཅད་སྟོང་པ་འོད་གསལ་འབའ་ཞིག་གོ་མ་ས་པར་བྱ་བ་ལས་སྤྲོས་པས་ཅི་བྱེད་ཅེ་ན། སྤྲོས་པ་ལྟར་སྣང་ཡང་འཇིག་རྟེན་པ་རྣམས་ཀྱི་སྤྲོས་པའི་གནས་པ་དང་འགལ་བ ་ཞེས་བྱའོ།། དེ་ནི་ན་མཁའི་མེ་ཏོག་ལ་བུང་བ་འཇིབ་པ་དང་འདྲ་བའི་ཕྱག་རྒྱ་དང་། བདག་གཞན་དུ་ལྟ་བའི་འཁྲུལ་པ་འོད་གསལ་གྱིས་སྦྱོང་བའོ།། འོད་གསལ་དུ་ཇི་ལྟར་བསྒོམ་ཞེ་ན། འཇིག་རྟེན་སྤྲོས་ལ་ཟློ ་རྗེ་ཕྱེ་བ་ནས་ནི། ཞེས་བྱ་བ་ནི་སྣོད་བཅུད་ཐམས་ཅད་འོད་གསལ་དུ་བཞུ་ལ་ཚུར་བསྡུའོ།། འཇིགས་འཛིན་པོ་ཚ་ཨ་བ་དྷཱུ་ཏཱི་ས་སྤོང་ས་ཞེས་བྱ་བ་ནི། རླུང་སེམས་དང་བཅས་པ་རྩ་དབུ་མར་བཅུག་ལ་འོད ་གསལ་བསྒོམ་པའོ།། དཔེ་བཞི་པའི་མཇུག་བསྡུ་བའི་ཕྱིར། བྱང་ཆུབ་སྨོན་པ་ཞེས་བྱ་སྟེ་བཤད་ཟིན་ཏོ།། སྙིང་རྗེ་དང་ཤེས་རབ་ཐབས་ཤེས་རབ་གཉིས་མེད་དུ་ངེས་པར་སྦྱངས་པ་འདིར་ཐེག་པ་ཆེན་པོའི་ལམ་ཐམས་ཅད་འདུས ་པའི་ཕྱིར་རོ།། དེ་ལྟ་བུཥྚི་ཡམ་དེ་ནི་མཁའ་འགྲོ་མའི་དཽ་དེ་སྔགས་དང་འདྲི་བ་དེ་གང་ལས་རྙིད་ཅེ་ན་བླ་མ་ལས་ཏེ་དེ་མེད་ན་དེ་མི་འབྱུང་བའི་ཕྱི་ར་རོ།། དེའི་ཕྱིར་རྣལ་འབྱོར་མ་ཉམས་མྱོང་ན་རྣལ་འབྱོར་པར་འགྱུར ་བས་ཞེས་བྱ་བ་ནི། སྙིང་རྗེ་དང་ཤེས་རབ་དང་། དབྱིངས་དང་རིག་པ་གཉིས་མེད་དུ་བསྒོམས་པ་ལ་བྱ་ལ། དེ་བླ་མ་ལ་རག་ལ་སཱ་ཏེ། དཔེར་ན་གཽཞོན་ནུ་མའི་བདྨོ་བ་སྐྱེས་པ་ལྀ་རག་ལས་པས་དྲང་འདྲའོ།། དེ་བྱས་བླ ་མ་དམ་པའི་ཐབས་གང་གིས་སྲིད་པའི་འཁྲུལ་པ་དེ་ཚེ་འདི་ལ་ག་ཅོད་པས་དེའི་ལུང་ལ་ས་གཅིས་པར་བྱ་བ་ཅི་ཡང་མེད་དོ།། དེའི་ཕྱིར་བདག་ལ་ལེགས་སུ་འདོད་པའི་མཁས་པ་རྣམས་ཀྱིས་དམ་པ་བསྟེན་པར་བྱའོ།། སྙིང ་རྗེས་གཞན་ཕན་ཞེས་པ་ནི་གོ་སླའོ།། ད་ནི་གཞུང་ཉེ་བར་བསྡུ་བའི་ཕྱིར། ཡི་གེ་ཤྲཱི་ནི་གཉིས་མེད་ཡོ་ཤེས་ཏེ་ཞེས་བྱ་བ་ལ་སོགས་པ་ནི། ལམ་དེའི་མཇུག་སྡུད་དེ། བདེན་པ་གཉིས་ཀྱིས་མཚན་ཉིད་དང་། དེ་གཉིས་སུ་མེད ་པཟུང་འཇུག་སྟོན་པ་སྟེ། དེའི་མིང་གི་རྣམས་གྲངས་དོན་པའི་ཧི་རུ་ཀ་དོང་། རྡོ་རྗེ་སེམས་དཔའ་དང་། བདེན་པ་གཉིས་ཀྱི་ཚུལ་ལ་གནས་པ་ཞེས་བྱ་བ་ལ་སོགས་པའོ།། ཆོས་ཚུལ་ཟབ་མོ་རྒྱ་མཚོ་ལྟ་བུ་འདི།། གཞན་ལ་ཕན་པའི ་བསམ་པས་བྲིས་པ་ཡིན།། འདི་ལ་ཉེས་པར་གྱུར་པ་དེ་དག་ཀུན།། འཕགས་དང་མཁའ་འགྲོ་རྣམས་ཀྱིས་བཟོད་པར་མཛོད།། ཐ་མའི་དུས་སུ་གྱུར་པ་ན།། ཚེ་ཐུང་ནད་མང་ལོང་སྤོང་དམན།། རྐྱེན་ངན་པར་ཆད་མང་བ ་ཡིས།། ཡུན་རིང་གནས་པའི་མཐུ་མེད་པས།། ཚིག་རྗེས་བཅད་པར་མི་ནུས་ཀྱིས།། བཤེས་གཉེན་དམ་པ་བསྟེན་བྱ་སྟེ།། ཤིན་ཏུ་བརྩོན་པའི་སེམས་ལྡན་པས།། གཱ་ཡང་ས་རབ་ཏུ་དྲན་བྱ་སྟེ།། གཞན་དག་གྲོལ་བར་བྱ་བའི་ཕྱིར།། སྙིང་པོའི ་དོན་འདི་བཀྲོལ་བ་ཡིན།། བརྩེ་བས་འདི་བཀྲོལ་བསོད་ནམས་ཀྱིས།། ལམ་དམན་ཞུགས་པའི་འགྲོ་བ་རྣམས།། དམ་པའི་ལམ་ལ་གནས་པར་ཤོག། རྡོ་རྗེའི་གླུའི་དོན་གསལ་བར་བྱེད་པ་མཁས་པ་ཆེན་པོ་དཱི་བཾ་ཀ་ར་ཤྲཱི་ཛྙཱ་ན་ས་མཛད ་བ་རྫོགས་སོ།། བཎྜི་ཏ་དེ་ཉིད་དང་། དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཏེ་གཏན་ལ་ཕབ་པའོ།། ་