CLOSE WINDOW

GT2114: rdo rje hUM mdzad kyi sgrub thabs
Wyliee-texts produced with BDRC’s OCR application

ལྷ་ལ་ན། ཟླ་བ་ལ་ཧཱུཾ། ཉི་མ་ལ་ཧཱུ~ཾ། ཚངས་པ་ལ་ཕཊ། ནོར་བདག་ལ་ཕཊ། སྣ་ཚོགས་གཤེས་གཉེན་ལ་སྭ། འབྱུང་པོ་རྣམས་ལ་ཧཱ། ཧི་ཧཱི་ཧཱུཾ་ཧཱུཾ་ཕེ~ཾ་ཕ~ཾ་སྭཱ་ཧཱ། གཏོར་མའི་སྔག་སོ།། གང་ཟ་བ་དེ་དག་ཐམས་ཅད ་གཤིན་རྗེ་གཤེད་ལ་དབུལ་བར་བྱ་བའོ།། གཏོར་མའི་ཆོ་ག་ཨ་ལས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། བཛྲ་ཧཱུཾ་ཀྵཱ་ར་སཱ་དྷྭཾ་ནཽ། རྡོ་རྗེ་ཧཱུ~ཾ་མཛད་ཀྱི་སྒྲུབ་ཐབས། སྟཱར་བཱ་ཤཱད་པའི་ཆོ་གའི་རིམ ་པས་ན་མཁའི་དབྱིངསུ་ཡཱི་གེ་ར་ལས་བྱུང་བའི་ཉི་མ་ལ། ཡི་གེ་ཧཱུཾ་འབར་བའོ་འོད་དཔུང་བསྐལ་པའི་མུ་ཝཱ་རོ་ཤིན་ཏུ་གདུག་པ་ཁ་དོག་ནག་པོ་གཟི་བརྗིད་ཆེན་པོས་འཁྲིགས་པའོ།། དེ་བྱུང་དྲག་པོ་ཆེན་པོ་ནི།། རྡོ་རྗེ་ཧཱུཾ་མཛད་ཅེས་བྱ་བ ་གདུག་ཆེར་འཇིགས་པའི་གང་རྒྱངས་ཅན།། ཁམས་གསུམ་པོ་ནི་བསྐྱོད་པར་མཛད།། རྡོ་རྗེ་དྲིལ་བུའི་སྦྱོར་བ་ཡིས།། ཕྱག་གཉིས་ཕྱག་རྒྱ་འཆིང་བར་མཛད།། གཡས་བསྐམས་པ་ཡི་ཞབས་ཉིད་ཀྱིས།། འཇིགས་བྱེད་གནོན་མཛོད ་འཇིགས་མཛད་དོ།། སྙིང་མགུཉྫ་མགོ་ལ་དགོད་བྱཱ་བ། ཨོཾ་ཨཱ་ཧཱུཾ་ཝི་ཡི་གེ་གསུམ།། དབང་སྒྱུར་བ་ཡི་ཆོ་ག་ཡིས།། རྡོ་རྗེ་སེམས་ཀྱིས་རྒྱུས་གཏབ་པའོ།། སྔགས་ནི། ཨོཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། རྡོ་རྗེ་ཧཱུཾ་མཛད་ཀྱི་སྒྲུབ་ཐོབ་སོ།། ་ཨ་དྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཿན་ཀྱིས་བསྒྱུར་འི།། ། རྒྱ་གར་སྐད་དུ། མ་ཧཱ་བཱ་ལ་སཱ་དྷ་ནི། བོད་སྐད་དུ། སྟོབས་པོ་ཆེའི་སྒྲུབ་ཐབས། སྔར་བཤད་པའི་ཆོ་གའི་རིམ་པས་སྟོང་པ་ཉིད་བསྒོམས་པའི་རྗེ ་ཐོགས་ལ། པདྨ་ཀར་པོ་དང་ཉི་མ་ལ་ཧཱུཾ་ལས་བྱུང་བའི་སྟོབས་པོ་ཆེ་ཞལ་ཅིག་པ་ཕྱག་བཞི་པ། སྐུ་མདོག་ཐམས་ཅད་དམར་ག། དབུ་སྐྲ་ཁམ་སེར་གྱེན་ལ་འཕྱུར་བ། སྦྲུལ་གྱི་ཐོད་ཀྱིས་བཅིངས་པ་སྟེ། གཡས་པའི་ཕྱག་གཉིས་ཀྱིས་ནི ་དབྱུག་ཐོ་དཀར་པོ་དང་། རྔ་ཡབ་དཀར་པོ་བསྣམས་པ། གཡོན་པའི་ཕྱག་གཉིས་ཀྱིས་ནི་ཕྱག་འཚལ་བའི་སྟངས་དང་། ཞགས་པ་དང་བཅས་པའི་སྡིགས་མཛུབ་ཀྱི་ཕྱག་གོ།། སྔག་གི་པགས་པའི་ཤམས་ཐབས་མནམས་ཤིང ་སྦྲུལ་གྱིས་བརྒྱན་པ། ཞབས་གཡས་བསྐུམ་ཞིང་ཞལ་མཆེ་བ་གཙིགས་པ། ཉི་མའི་དཀྱིལ་འཁོར་གྱི་ཕྲེང་བ་དང་ལྡན་པ། སྣང་བ་མཐའ་ཡས་དབུ་བརྒྱན་ལ་གནས་པར་བསྒོམས་ལ། སྔགས་བཟླས་པར་བྱ་སྟེ། ཨོཾ་མ་ཧཱ་ཐཱ ་ལེ་སྭཱ་ཧཱ། འདི་ནི་སྟོབས་པོ་ཆེའི་སྒྲུབ་ཐབསོ།། ། ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་བྷིས་བསྒྱུར་བའོ།། །། རྒྱུ་གར་སྐད་དུ། ཧེ་རུ་ཀ་སཱ་དྷཱ་ནཱཾ། བོད་སྐད་དུ། ཧི་རུ་ཀའི་སྒྲུབ་ཐབས།། དུར་ཁྲོད་བརྒྱད ་ཀྱི་དབུས་གནས་ཕྱིའི།། དགོས་བྲལ་དགའ་བའི་ཡིད་ལྡན་པས།། ཐབས་དང་ཤེས་རློབ་ཆོ་ག་ཡིས།། ཉི་མ་ཟླ་བའི་སྦྱོར་ལྡན་པས།། ཨ་ཚཱན་ཀ་ཚན་མཉམ་སྦྱོར་ལས།། ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱ།། དེ་ལ་ཧཱཾ་ཡིག་ལས།། ་བྱུང་བའོ།། རྡོ་རྗེ་རྩེ་མོ་ལེགས་ལྡན་ལས།། མི་ལྤགས་གཙང་མ་མནབས་པ་ཡིས།། སྐྱིལ་ཀྲུང་ཕྱེད་པས་རོ་ལ་བཞུགས།། ཐལ་བའི་རྡུལ་གྱིས་ལུས་བྱུགས་ཤོང་།། འཕྲོ་བའི་རྡོ་རྗེ་གཡས་ན་སྟེ།། བསྐྱོད་པའི་བ་དན་ཁི་ཊཱི་ག། ་