| Wylie | e-texts produced with BDRC’s OCR application |
ར་སྐད་དུ། ཡ་མཱནྟ་ཀ་སཱ་དྷ་ནི། བོད་སྐད་དུ། གཤིན་རྗེ་མཐེར་བྱད་ཀྱི་སྒྲུབ་ཐབས། དང་པོ་གིདོང་པའི་གཙང་སྒྲ་ལ་སོགས་པ་བྱས་པའི་སྒོམ་པ་པོས་རང་གི་སྙིང་གར་ཡཾ་གེ་ཨ་ལས་སྐྱེས་པའི་ཟླ་བ་ལྀ་ཡི་གེ་ཡཽ་ནག ་པོ་རྣམ་པར་བསྒོམས་ལ། དེ་ལས་འོད་སྤྲོས་པས་བླ་མ་དང་སངས་རྒྱས་དག་སྤྱན་དྲངས་ཏེ། ལེགས་པར་མཆོད་ཅིང་བསྡིགས་པ་བཤགས་པ་ལ་སོགས་པ་རྣམས་བྱ་བའོ།། དེ་ནས་ཡི་གེ་ཡ་ཙོམ་གྱི་བདག་ཉིད་རྣལ་འབྱོར ་པ་སྟོང་པ་ཉིད་མངོན་དུ་བྱས་པ་བྱིན་གྱིས་ཀྱང་བརླབས་ཏེ། སྨོན་ལམ་རྗེསུ་དྲན་པར་བྱ་བའོ།། དེའི་རྗེས་ལ་ཡི་ག་ར་ལས་ངེས་པར་བྱུང་བའི་ཉི་མ་ལ་ཧཱུ~ཾ་ལས་བྱུང་བའི་རྡོ་རྗེའི་དབྱུག་ཐོ་རང་གི་ས་བོན་འཕྲོ་བ་དང་ལྡན་པ་རྣམ ་པར་བསྒོམས་ལ། ངས་བསྐྱེད་པའི་རྡོ་རྗེའི་ས་གཞི་དང་། རྡོ་རྗེའི་ར་བ་དང་། རྡོ་རྗེའི་གུར་བསྒོམ་པར་བྱ་བའོ།། དེའི་དབུས་སུ་དབྱངས་ཀྱི་ཡི་གེ་ཉིས་འགྱུར་གྱི་རང་བཞིན་ཟླ་བའི་དཀྱིལ་འཁོར་ཏེ། སྐྱེས་བུ་ཆེན་པོའི་མཚན་སུཾ ་ཅུ་རྩ་གཉིས་ཡང་དག་པར་འབྱུང་བ་ཤེས་རབ་ཀྱི་ངོ་བོ་ལེགས་པར་བལྟ་བར་བྱ་བའོ།། དེའི་སྟེང་དུ་དཔེ་བྱད་བཟང་པོ་བརྒྱད་ཅུའི་རྣམ་པར་དག་པ་ཌ་ཌྷ་ད་དྷ་ཡ་ལ་རྣམས་ཉིས་འགྱུར་དང་བཅས་པའི་ཀཱ་ལ་སོགས་པའི་གསལ་བྱེད ་རྣམས་ཉིས་འགྱུར་དུ་བྱས་པ་ཡོངསུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་གཞན་ཡིན་ཏེ། ཐབས་ཀྱི་རང་བཞིན་དུ་གྱུར་པ་འོད་མཐའ་ཡས་པ་འཕྲོ་བ་དང་ལྡན་པར་བསྒོམ་པར་བྱ་བའོ།། དེ་ནས་དེ་གཉིས ་ཀ་ཡོངསུ་རྫོགས་པ་ལས་ཉི་མ་ལ་ཧཱུ~ཾ་དང་ཡོམ་མཐིང་ནག་ལས་ཡང་དག་པར་བྱུང་བའི་ཆར་སྤྲིན་གཞོན་ནུ་དང་མཚུངས་པའི་སྐུ་མདོག་མཐིང་ནག་སྟེ། གསུས་པ་ཆེ་ག། སྨིན་མེ་དང་། སྨ་ར་དང་། སྐྲ་ཤིན་ཏུ་སེར་བར་གྱུར་པ ་གླེན་ལ་འཕྱར་བ། མཆེ་བ་གཙིགས་པ་བོང་ཐུང་བ། པདྨ་དང་མ་ཧི་ཥ་ལ་བཞུགས་པ་དང་། སྟག་དང་འཛིནའི་པགས་པ་མནབས་པ། རི་དྭགས་ཀྱི་བདག་པོའི་གོས་བསྟོད་དུ་མནབས་པ། ཤིན་ཏུ་འཇིགས་པར་མཛད་པ། ཉིད ་གྱི་སྐུའི་འོད་ཟེར་གྱིས་སྤྲུལ་པའི་ཁྲོ་བོ་ལྔ་འཕྲོ་བར་མཛད་པ་དང་། གདངས་ཀ་ཅན་གྱི་རྒྱལ་པོ་རྒྱུན་དུ་མཛད་པ། རྣམ་པར་མཛག་པའི་མིའི་མགོ་བོ་བརྒྱ་ཕྲག་ཕྱེད་ཀྱི་ཕྲེང་བས་བརྒྱན་པ་དང་། ཕྱག་དྲུག་གི་གཡས་པའི་ཕྱག ་རྣམས་ཀྱིས་ཐོ་བ་དང་། འཁོར་ལོ་དང་། རྡོ་རྗེ་བསྣམས་པ་སྟེ། གཡོན་པའི་གསུམ་གྱིས་ནི་བསྡིགས་མཛུབ་དང་། ཞགས་པ་དང་། དབྱུག་ཐོ་བསྣམས་པ་དང་། ཞལ་དྲུག་གི་དང་པོ་ནི་གནམ་ཞལ་ཏེ། མཐིང་ནག་དང་། དཀོར་པོ ་དང་། སེར་པོ་དང་། དམར་པོ་དང་། ནག་པོ་རྣམས་ནི་གཡས་པ་དང་། ཅིག་ཤོས་དག་གི་ཞལ་གྱི་རིམ་པ་ཡིན་ལ། ཞལ་རྣམས་ཐམས་ཅད་ཀྱང་དམིར་ཞིང་ཟླུམ་པའི་སྤྱན་གསུམ་པ་དང་། ཞབས་དྲུག་ཀྱང་ཞབས་གཉིས་ནི་བརྐྱང ་བསྐུམ་མོ།། གཉིས་ནི་རྣམ་པར་མཛེས་པའི་གར་རོ།། གཞན་གཉིས་ནཱི་སེམས་དཔའི་སྐྱིལ་ཀླུང་མཛད་པ་སྟེ། འདྲར་བའི་ཉི་མའི་དབུསྟུ་ནྡྷ་ལྟེགས་པཪྵ་བཞུགས་ནས་བགེགས་རྣམས་ཀུན་ནས་འདུལ་བར་མཛད་པ ་དང་། ཐོད་པ་ཆུང་ངུ་བརྒྱད་ལས་ལེགས་པ་བསྡབས་པའི་ཤིན་ཏུ་འཇིག་སུ་རུང་བའི་མགོ་བའི་ཕྲེང་བ་དང་། དེའི་རྒྱུས་ཐོགས་ལ་\ུ0f88\ུ0f90་རྗེ་ཁཾ་ལཾ་སྐཾ་སཾ་གི་ས་བོན་རྣམས་ལས་ལེགས་པར་བྱུང་བའི་སའི་སྙིང་པོ་དང་། ཕྱ ་ན་རྡོ་རྗེ་དང་། ན་མཁའོ་སྙིང་པོ་དང་། འཇིག་རྟེན་དབང་ཕྱུག་དང་། རྣམ་སེལ་དང་། ཀུན་ཏུ་བཟང་པོ་ཞེས་བྱ་བ་རྣམས་མིག་གཉིས་དང་། རྣ་བ་གཉིས་དང་། སྣ་དང་། ལྕེ་དང་། ནུ་མ་གཉིས་དང་། ལྟེ་བ་ལ་བཀོད་དེ། འཁོར་ལོ་དང ་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། མདའ་དང་། རྡོ་རྗེ་རྣམས་ནི་གཡས་པའི་ཕྱག་གིས་བསྣམས་ཤིང་། གཡེན་པའི་ཕྱག་གིས་ནི་སྡིགས་མཛུབ་ཀྱི་ཕྱག་རྒྱ་མཛད་ཅིང་། དཀར་པོ་དང་། ནག་པོ་དང་། སེར་པོ་དང་། ལྗང ་གུ་དང་། སྐྱ་བོ་ཟླ་བ་ལ་བཞུགས་པ་དང་། དེའི་རྗེས་ལ་མགོ་བོ་དང་། མགུལ་པ་དང་། སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པའི་སྐེ་དང་། གསུང་དང་། ཐུག་གནས་པ་སྟེ། ཨོཾ་དང་། ཨཱཿདང་། ཧཱུཾ་ལས་ལེགས་པར ་བྱུང་བའི་ཁ་དོག་དཀར་པོ་དང་དམར་པོ་དང་ནག་པོའི་འཁོར་ལོ་དང་། པདྨ་དང་རྡོ་རྗེ་རྣམས་གཡས་པས་བསྣམས་ནས་ཕྱག་གཡོན་པས་སྔགས་མཛུབ་ཀྱི་ཕྱག་རྒྱ་མཛད་པར་བསྒོམ་པར་བྱ་བ་དང་། དེ་ནས་སྙིང ་གའི་ས་བོན་གྱི་འོད་ཟེར་གྱི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་རོ་གཅིག་ཏུ་གྱུར་པར་རྣམ་པར་བསྒོམས་ཏེ། མི་བསྐྱོད་པ་ཅོད་པན་ལ་བཞུགས་པར་བདག་ཉིད་ཡུན་རིང་དུ་བསྒོམ་པར་བྱ་བའོ།། ་ངལ་བར་གྱུར་ན་སྔགས་བཟླས་པར་བྱ་བའོ།། དེ་ལཱ་སྔགས་ནི་འོདི་ཡིན་ཏེ། ཨོཾ་ཧྲཱིཿཥྚྲྀཿབི་ཀྲྀ་ཏཱ་ན་ན་ཧཱུ~ཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེ་ནས་ནི་གཤེགསུ་གསོལ་ལྔ་ལངས་པར་བྱ་བའོ་ཞེས་བྱ་བ་ནི་གཤིན་རྗེ་མཐར་བྱེད་ཀྱི་སྒྲུབ་ཐབ།། ་མཁས་པ་ཨ་ལ་སོགས་པ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའིའོ།། ། རྒྱོ་གརེ་སྐད་དུ། བི་བྷྲཾ་ཀ་སཱ་དྷ་ནཱཾ། བོད་སྐད་དུ། བགེགས་མཐར་བྱེད་ཀྱི་སྒྲུབ་ཐོབས། དང་པོར་རུ་ཞིག་བདེ་བོའོ་དྷ་ནི་ལ ་