| Wylie | e-texts produced with BDRC’s OCR application |
དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ། རྒྱུ་གརཱི་སྐད་དུ། ཀྲྀཥྞ་ཡ་མཱཾ་རོ་སཱ་དྷཱ་ནཾ། བད་སྐད་དུ། གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས། དཔའ་བོ་ཐོད་པའི་ཕྲེང་ལྡན་ཞིང་།། ཀླུ་སོགས ་ཀྱིས་བརྒྱན་བཞིན་སྒྱུར་བའི།། གཤེན་རྗེ་མཐོ་རཱ་མཛད་མགོན་བཏུང་ནས།། དེའི་སྒྲུབ་ཐབས་བྲི་བར་བྱ།། བདེ་བའི་སྟན་ལ་ལེགས་གནས་ལ།། སྙིང་གི་ཉི་མརཱ་ཧཱུ~ཾ་གཟུགས་དགོད།། དེ་བྱུང་མཆོད་པའི་ཁྱད་པར་གྱིས། རྗེ ་གུས་པས་ཡང་དག་མཆོད།། མདུན་ཕྱོགསུ་ནཱི་སྡིག་ལ་སོགས།། བཤགས་པ་ལ་སོགས་དེ་ལ་བྱཱ།། དེ་ཉིད་དུ་ན་འཇིག་རྟེནྡ་ཀུནྡ།། རང་བཞིན་མེད་པར་སྐད་ཅིག་ལྷ།། སྙིང་ས་བོན་སྐྱེངྒ་ཕྱག་མཚནཱ་ལས།། བཞེངས་པར ་པདྨར་བརྐྱང་བསྐུམ་ཞབས།། ཁྲོ་གེ་ཉེར་སྡུད་པའི་འཇིགས་པའི་ཞལ།། སྨིན་མ་སྨ་ར་སེར་བ་གྱེན།། ཞལ་གསུམ་ལྗགས་ནི་འབྲེལ་བར་མཛད།། འཇིགས་པའི་མཆེ་བ་རྣམ་པར་གཙིགས།། སྤྱན་མིག་དམར་ཞིང་གསུས ་པ་ཆེ།། མཐོང་ནག་གཞོན་ནུ་སྟུག་པོའི་འོད།། ཉི་མའི་དཀྱིལ་འཁོར་དབུས་གནས་པ།། མགོ་བོའི་རུས་པས་རྒྱན་པ་སྟེ།། བོང་ཐུང་སྟུག་ལྤགས་ཤམ་ཐབས་ཅན།། དྲེགས་པ་ཐམས་ཅད་འཇོམས་པར་མཛད།། ཉི་མ་འོད ་ལྡན་གཟི་བརྗིད་ཆེ།། ས་འོག་མ་ལུས་རྣམས་ཀྱིས་མཆོད།། འབར་བས་འབར་བའི་ཕྲེང་གདུག་པ།། དུས་མཐའི་མེ་དང་མཚུངས་པ་ཡིན།། རྡོ་རྗེ་རལ་གྲི་དབྱུག་གདུག་པའི།། ཆུ་གྲི་མདུང་དང་ཞགས་པ་རྣམས།། གཡས་དང་གཡོན་གྱི ་ཕྱག་གིས་ནི།། རྣམ་གསལ་སྣམས་ལྔ་ལྷ་རྫས་དྲུག། ཁྲོ་ལྡན་འཇིགས་པ་ཤིན་ཏུ་དྲུག། གཤིན་རྗེ་གཤེད་པོ་བདུད་རྣམས་འཇོམས།། ཧཱུ~ཾ་སྒྲས་མགྲིན་པ་གང་བར་ནི།། བསྒོམ་པར་བྱ་བའི་ང་རྒྱལ་དེས།། སྟོང་ཉིད་སྙིང་རྗེ་སྙིང་འོད་ཀྱིས། ་མཁའ་ལ་སྤྱན་དྲངས་གཤིན་རྗེ་གཤེད།། མདུན་ཡུལ་བཞུགས་ལ་ལེགས་མཆོད་དེ།། རང་རྣམས་གཅིག་ཏུ་བརྗོད་བྱ་བ།། ཛཿཧཱུཾ་བཾ་ཧིཿས་བོན་བཞིས།། ལེགས་པར་སྤྱན་དྲངས་རབ་གཞུག་དང་།། བཅིང་དང་མཉེས་བྱ་བདག་ཉིད་ལ ་བསམ་གཏན་མཆོད་པས་མཆོད་བྱ་བ།། ལེགས་སྟོད་དེ་ནས་སྔགས་བཟླས་པ།། དགེ་འ་ཡོངས་སུ་བསྔོ་བྱས་ཏེ།། ལྷའི་རྣལ་འབྱོར་གྱིས་ལངས་ལ།། གཅིག་ཏུ་སྙིང་རྗེའི་ཡིད་ཀྱིས་བརྒྱུ།། དེ་ལྟར་ན་མ་ར་བྱས་པས།། དངོས་གྲུབ་ཐོབ་པ ་རྒྱུ་མཚན་ཅན།། བརྗོད་པའི་དངོས་གྲུབ་སྒྲུབ་པར་བྱ།། ལས་མཆོག་ཁ་ཚར་བ་ཡིས་ཀྱང་།། ལས་དང་རྗེས་མཐུན་སྐུ་ཡིན་ཏེ།། ཤིན་ཏུ་རྒྱས་པ་འདིར་མ་བརྗོད།། དེ་ཡང་བླ་མའི་གདོམ་ངག་ལས།། རྒྱུད་ལས་འདོད་པ་གྲུབ་པར་འགྱུར། ་བརྩོན་པས་ཤེས་བྱ་བློ་ལྡན་གྱིས།། འཁོར་ལོ་དང་གཞན་ཡང་ཀུན་འགྲོ།། གཏོར་མ་གཏང་བའི་སྦྱོར་བ་ཡིས།། ཐུན་བཞི་ལ་ནི་མཆོག་ཏུ་བྱ།། བཟླས་པའི་སྔགས་ནི།། ཨོཾ་ཧྲཱིཿཥྚྲྀ་བི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། བླ་མའི་བཞེད ་པའི་ཆོ་ག་བཞིན་དུ་ལེགས་རྟོགས་ནས།། སྒྲུབ་ཐབས་བདག་གིས་བཀོད་ལས་བྱུང་བའི་བསོད་ནམས་ཀྱིས།། མྱུར་དུ་མངོན་པར་འདོད་པའི་འབྲས་བུ་ཐོབ་བྱེད་པའི།། ས་ཡི་ཕུན་ཚོགས་ཐམས་ཅད་འཇིག་རྟེན་ལ་འདིར་ཤོག། ་གཤིན་རྗེ་གཤང་ནོག་པོའི་སྒྲུབ་ཐབས་རིག་སོ།། ། པཎྜི་ཏ་ཨོཾ་བྷ་ཡའི་ཞལ་སྟ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཡ་མཱནྟ་ཀ་སྱཱ་དྷ་ནཾ། བོད་སྐད་དུ། ་