CLOSE WINDOW

GT2107: gshin rje nag po'i sgrub thabs
Wyliee-texts produced with BDRC’s OCR application

ཨ་བྷི་ཡིའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིསའི་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཀྲཱིཥྞ་ཡ་མཱ་རི་སཱ་དྷ་ནཾ། བོད་སྐད་དུ། གཤིན་རྗེ་ནག་པོའི་སྒྲུབ་ཐབས། དང་པོར་རེ་ཞིག་བདེ་བའི་སྟོན ་ལ་ཉེ་བར་གནས་པར་གྱུར་པའི་སྒྲུབ་པ་པོས་ཡི་གེ་ཨོཾ་དམར་པོ་ལས་ངེས་པར་གྲུབ་པའི་ཉི་མའི་དཀྱིལ་འཁོར་རང་གི་སྙིང་ལ་རྣམ་པར་བསྒོམས་ལ། དེའི་སྟེང་དུ་ཡི་གེ་ཧཱུ~ཾ་མཐིང་ནག་རྣམ་པར་བཀོད་དེ། ཧཱུཾ་གི་འོད་ཟེར ་གྱི་གཤིན་རྗེ་མཐར་བྱེད་ལ་སོགས་པའི་བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དམིགས་ལ། མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ཅིང་ཕྱུག་ཀྱང་འཚལ་ལ། གསུམ་ལ་སྒྲུབས་སུ་། ་བ་ལ་སོགས་པ་རྣམས་བྱས་ཏེ། སྟོང་པ་ཉིད་བསྒོམས་པར་བྱ་བས་ན། ཨོཾ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་བདག་ཉིད་ཀྱི་རང་བཞིན་ནི་ང་ཡིན་ནོ་པར་རོ།། དེའི་རྗེས་ལོ་ཡི་གེ་ཨཾ་དམྱུར་པོ་ལས་བྱུང་བའི་ཉི་མའི ་དཀྱིལ་འཁོར་གྱི་སྟང་དུ་ཡི་གེ་ཧཱུ~ཾ་ངོ་།། དེ་ཡོངསུ་གྱུར་པ་ལྀས་རྡོ་རྗེས་མཚན་པའི་དབྱུག་ཐོ་སྔོན་པོ་ཡི་གེ་ཧཱུ~ཾ་ལགས་པར་གནས་པ་རྣམ་པར་བསྒོམ་པར་བྱས་ལ། ཡི་གེ་ཧཱུཾ་གི་འོད་ཟེར་གྱིས་བསྐུལ་བའི་དེ ་བཞིན་གཤེགས་པ་ཐམས་ཅད་བཞུགས་པ་སྔོན་དུ་འགྲོ་བ་ཅན་གྱི་དེ་དག་ཐམས་ཅད་ཡོངས་སུ་གྱུར་པ་ལས་བརྐྱང་བསྐུམ་གྱི་ཞབས་ཀྱིསྡེ་གནས་པའི་གཤིན་རྗེ་གཤེད་དུ་བདག་ཉིད་བསམ་པར་བྱ་སྟེ། ཞལ ་ཅིག་ཕྱག་གཉིས་པ། སྐུ་མདོག་མཐིང་ནག་ཕྱུག་གཡས་པས་རྡོ་རྗེ་མཚན་པའི་དབྱུག་ཐོ་སྔོན་པོ་ཕྱར་ནས་བསྣམས་པ། ཕྱོག་གཡོན་པས་ནི་བསྡིགས་མྱཛྫཥྚ་དང་ཞུགས་པ་ཐུགས་ཀར་རོ།། དེ་ལྟ་བུར་གྱུར་པའི ་གཤིན་རྫ་གཤད་སྤྲོ་བ་དང་བསྡུ་བའི་གཟུགས་ཀྱིས་པདྨ་འདབ་མ་སྣ་ཚོགས་པའི་སྟང་ན་ཉི་མ་ལ་བཞུགས་མ་ཧེ་ཥ་ལ་བཅིབས་པ་བསྒོམ་པར་བྱ་བའོ།། དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཉི་མོའི་དཀྱིལ ་འཁོར་ལ་ཡི་གེ་ཧཱུ~ཾ་ཡོངས་སུ་གྱུར་པ་ལས་ཧཱུ~ཾ་གིས་བྱིན་གྱིས་བརླབས་པའི་དབྱུག་ཐོ་སྔོན་པོ་སྟེ། ཡི་གེ་ཧཱུ~ཾ་ལས་ཀུན་ནས་བྱུང་བའི་འོད་ཟེར་གྱིས་སྐྱེ་དགུ་རྣམས་ཀུན་ཏུ་སྣང་བར་བྱས ་ནས་སླར་ཡང་དེ་ཉིད་ལ་ལེགས་པར་གཞུག་གོ།། རིམ་པ་དེ་ལྟ་བུ་དྲུག་གིས་ཇི་སྲིད་འདོད་ཀྱི་བར་དུ་སྤྲོ་བ་དང་བསྡུ་བར་ཡང་བྱ་བའོ།། དམ་ཚིག་ལ་སོགས་པ་ཆོ་ག་བཞིན་དུ་བྱས་པ་སྟོན་དུ་འགྲོ་བས་ཐུན་ཚོད ་གཉིས་སམ་གསུམ་མ་མ་བཞིར་དེ་ལྟར་བསྒོམ་པར་བྱ་བའོ།། ཨོཾ་ཧྲཱིཿཥྚྲྀཿབཻ་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕེཾཊ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདི་བཟླ་བར་བྱ་བའོ།། གཤིན་རྗེ་གཤོད་ནག་པའི་སྒྲུབ་ཐབ་སོ།། ། ་ཨཱ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཀྲྀཥྞཱ་ཡ་མཱ་རི་སཱ་དྷ་ནཾ། བཻ་དྲ་སྐད་དུ། གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས། གང་གི་ཐུག ་